མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གསང་བ་བཤད་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཞིག་གིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ནང་ལྐོག་འཛུལ་བྱས་ཡོད་སྐོར་བརྗོད་འདུག

ཕྱི་ཚེས་ ༥ ཉིན་དབྱིན་ཇིའི་གྷ་ཌེན་(Guardian)གསར་ཤོག་སྟེང་གསར་འགོད་པ་གྷུ་ལུན་གྷི་རིན་ཝལ་ཌི་ ( Glenn Greenwald)ལགས་ཀྱིས། ཨ་རིའི་གསང་བའི་ལས་ཁུངས་ཀྱི་གློག་ཀླད་ཆེད་མཁས་པའི་ལས་རོགས་ཟུར་བ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཆོད་གན་ལས་བྱེད་སི་ནོལ་ཌིན་ ( Edward Snowden)གྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འཇའ་ཤེལ་(Prism)ཞེས་པའི་ལས་འཆར་འོག མི་མང་གི་ཁ་པར་དང་དྲ་རྒྱའི་ཡིག་ཚགས་སོགས་ལ་ལྐོག་ཉན་ལྐོག་ལྟ་བྱེད་བཞིན་ཡོད་ཚུལ་སྤེལ་ཡོད་འདུག

སྐུ་ཞབས་སི་ནོལ་ཌིན་གྱིས་བརྗོད་པ་ལྟར་ན། འཇའ་ཤེལ་ཞེས་པའི་ལས་གཞིའི་ཁྲོད་ཁ་པར་ནང་གི་མི་སྒེར་སྐད་ཆ་དང་དུས་ཚོད། ས་གནས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་། འཇའ་ཤེལ་ཞེས་པའི་ལས་འཆར་ཀྱིས་སྤྱི་ཚོགས་ནང་ཁྱབ་རྒྱ་ཆེ་ཤོས་ཞིབ་བཤེར་དྲ་གནས་གྷོ་གྷིལ་(Google) དང་ངོ་དེབ་(facebook)། མཡེ་ཁུ་རོལ་སོ་ཧྥི་ཊི་(Microsoft) ཡཱ་ཧོ་ (Yahoo) ཊི་བི་ཊིར་ ( Twitter) བཅས་ནང་དུ་ལྐོག་ཉན་བྱེད་ཀྱི་ཡོད་འདུག 

ངོ་དེབ་དྲ་ཚིགས་གསར་གཏོད་པ་ཛོ་ཁུ་ཀེར་སྦེར་ཁུ་(Mark Zuckerberg)ལགས་ཀྱིས་ངོ་དེབ་འཇའ་ཤེལ་ལས་འཆར་ཞེས་པའི་ནང་འཛུལ་ཞུགས་བྱས་མེད་པ་མ་ཟད། སི་ནོལ་ཌིན་གྱི་སྐད་ཆ་དེར་ངོས་ལེན་རྩ་བ་ནས་མེད་སྐོར་གསར་འགོད་པར་བརྗོད་འདུག དེ་དང་མཉམ་དུ་གོང་གསལ་བརྡ་འཕྲིན་བརྒྱུད་ལམ་ཁག་གིས་ཀྱང་། ཨ་རིའི་གཞུང་ཁོང་ཚོའི་བརྒྱུད་ལམ་ནང་ཐད་ཀར་འཛུལ་བཅུག་མེད་ལ་འཇའ་ཤེལ་ལས་འཆར་ཟེར་བ་ཞིག་ད་སྔ་གོ་ཡང་མ་མྱོང་ཚུལ་བརྗོད་འདུག

སི་ནོལ་ཌིན་གྱིས་ཁོ་རང་གིས་ཨ་རིའི་གསང་བ་དེ་ཕྱི་བསྒྲགས་བྱེད་དགོས་དོན་སྐོར་གསར་འགོད་པར་བརྗོད་དོན། “ གཉའ་གནོན་འོག་གི་མི་མང་ལ་རང་དབང་ཐོབ་ཐབས་ལ་རོགས་རམ་བྱེད་དགོས་པའི་འོས་འགན་ང་ལ་ཡོད། གལ་སྲིད་ངས་ཁྱེད་དང་ཁྱེད་ཀྱི་བཟའ་ཟླའི་ཁ་པར། གློག་འཕྲིན་ཁ་བྱང་དང་དེའི་གསང་གྲངས། ཁ་པར་ཨང་གྲངས་འཛིན་ཐུབ་པ་མ་ཟད། ཁ་པར་གྱི་སྟེང་ནས་ཕན་ཚུན་གྱི་སྐད་ཆ་ཅི་བཤད་སྒྲ་འཇུག་བྱེད་ཐུབ་བྱེད་ཀྱི་ཡོད་སྟབས། ང་རང་འདི་ལྟ་བུའི་སྤྱི་ཚོགས་ཤིག་གི་ནང་དུ་སྡོད་འདོད་གཏན་ནས་མ་བྱུང་སྟབས་གསང་བ་དེ་མི་མང་ལ་བཤད་པ་ཡིན” ཞེས་སོགས་བརྗོད་འདུག

འཇའ་ཤེལ་ལས་འཆར་ཞེས་པ་དེ་ནི། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་(W.Bush)ལགས་ཀྱི་སྐབས་སུ། ཨ་རིའི་གཞུང་གིས་གསང་མྱུལ་རྟོག་ཞིབ་རྩ་ཁྲིམས་གཏན་འབེབས་བྱས་པའི་ཆ་རྐྱེན་འོག་གསར་འཛུགས་བྱས་པའི་ལས་འཆར་ཞིག་ཡིན་འདུག ན་ནིང་སྲིད་འཛིན་ཨོ་བྷ་མས་རྩ་ཁྲིམས་དེ་ཡང་བསྐྱར་འཕར་འགྱངས་བྱས་ཡོད།

ཕྱི་ཚེས་ ༧ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གོང་གི་གནས་ཚུལ་དེའི་སྐོར་ལ་གསལ་བཤད་བྱས་དོན་ལྟར་ན། འཇའ་ཤེལ་ལས་འཆར་དེ་ནི། ཨ་རིའི་གྲོས་ཚོགས་དང་ཁྲིམས་ཁང་གཉིས་ཀྱིས་བརྟག་དཔྱད་གཟབ་ནན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཆོག་མཆན་སྤྲད་པ་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་ལ་དམིགས་པ་ཞིག་ཡིན་པ་ལས། མི་སུ་ཞིག་གིས་ཀྱང་མི་མང་གི་ཁ་པར་ལ་ལྐོག་ཉན་བྱེད་རིགས་བྱུང་མེད་ཅེས་བརྗོད་འདུག་

ཝ་ཤིན་ཊོན་ཆ་འཕྲིན་(The Washingtonpost)གསར་ཁང་གིས་གིང་གི་གནད་དོན་དེའི་སྐོར་ལ་བསམ་ཤོག་བསྡུས་པ་ལྟར་ན། ཨ་རིའི་མི་མང་བརྒྱ་ཆ་ ༦༢ ཀྱིས་ཨ་རིའི་གཞུང་གིས་མི་མང་གི་བདེ་འཇགས་ཆེད་ཁ་པར་ལྐོག་ཉན་བྱས་པར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཨ་རིའི་མི་མང་རང་དབང་ལྷན་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མི་ཐང་ཐོབ་ལྷན་ཚོགས་གཉིས་གཙོས་ཚོགས་པ་གཞན་དག་གིས་ཨ་རིའི་གཞུང་གིས་ཁ་པར་ལྐོག་ཉན་དང་མི་སྒེར་གྱི་གསང་བར་ལྐོག་ལྟ་བྱས་པ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། གསང་བ་བཤད་མཁན་སི་ནོལ་ཌིན་ལགས་ཀྱི་བདེ་འཇགས་དང་རང་དབང་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

གནས་ཚུལ་འདིའི་ཐོག་མའི་བྱུང་སྟངས་ནི། ཟླ་སྔོན་མའི་ཚེས་ ༢༠ ཉིན་སི་ནོལ་ཌིན་ཧོང་ཀོང་དུ་ཕྱིན་ཏེ་གློག་བརྙན་བཟོ་སྐྲུན་པ་ལྕམ་ལོ་རཱ་(Laura Poitra) ལགས་དང་ཐུག་འཕྲད་སྐབས། ཁོང་མོས་གྷ་ཌིན་གསར་ཁང་གི་གསར་འགོད་པ་གཉིས་འཁྲིད་ཡོང་སྟེ། སི་ནོལ་ཌིན་ལ་བཅར་འདྲི་བྱས་པའི་ལན་དུ་གོང་གི་གནས་ཚུལ་དེ་དག་བཤད་པ་ཞིག་ཡིན་འདུག ཁོས་ད་དུང་། ཧོང་ཀོང་ནི་འགྲོ་བ་མིའི་རང་དབང་དང་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་སྐྱབས་བཅོལ་ཡུལ་ཞིག་ཡིན་སྟབས། ཁོ་རང་ཧོང་ཀོང་ལ་ཡོང་སྟེ་གནས་ཚུལ་དེ་དག་ཕྱི་བསྒྲགས་བྱས་པ་ཞིག་ཡིན་ཞེས་སོགས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། དེ་སྔོན་ཨ་རི་དང་ཧོང་ཀོང་བར་ཉེས་ཅན་ཕན་ཚུན་རྩིས་སྤྲོད་གྲོས་ཆོད་བཞག་ཡོད་པ་དེ་ལག་སྟེར་བྱས་པ་ཡིན་ན། ཐེངས་འདིར་ཧོང་ཀོང་གཞུང་གིས་སི་ནོལ་ཌིན་འཛིན་བཟུང་གིས་ཕྱིར་ཨ་རིར་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་ཅིང་། གནད་དོན་འདིའི་ཐད་ད་སྔ་རྒྱ་ནག་གིས་སྐད་ཆ་གང་ཡང་བཤད་མེད་ཀྱང་། གལ་སྲིད་རྒྱ་ནག་གིས་རྣམ་འགྱུར་ཞིག་བསྟན་པ་ཡིན་ན། ཧོང་ཀོང་གིས་ཁོ་ཨ་རིར་ཕྱིར་སློག་བྱེད་ཐུབ་མིན་ཁག་པོ་ཆགས་ཡོད་འདུག ད་སྔ་ཨ་རིའི་གཞུང་གིས་ཧོང་ཀོང་ལ་ཁོ་ཕྱིར་སྤྲོད་དགོས་མིན་གྱི་སྐད་ཆ་གང་ཡང་བཤད་མི་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 2

  1. དཀོན་མཆོག་བཀྲ་ཤིས། says:
    ལོ་ 13 སྔོན།

    གསར་འགྱུར་ཡག་པོ་བྲིས་འདུག རྒྱལ་སྤྱིའི་ཐོག་གི་གནས་ཚུལ་གལ་ཆེན་རིགས་བོད་ཡིག་ནང་བསྒྱུར་ཏེ་དུས་ཐོག་ཏུ་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཞིག་རེད། གང་ཡིན་ཟེར་བ་བོད་ཡིག་ལས་མི་ཤེས་པའི་བོད་པའི་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་གིས་ཀྱང་འཛམ་གླིང་མི་མང་དང་འདྲ་བར་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་རིགས་ཧ་གོ་འགྲོ་བ་རེད།

    Reply
  2. སེམས་དཀར། says:
    ལོ་ 13 སྔོན།

    དགོངས་དག   མཆན་འདི་འདེབས་ས་ནོར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese