མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མནར་གཅོད་བཀག་སྡོམ་ཉིན་མོར་རྒྱ་ནག་ལ་བསྒྲཊ་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ངྷ་ས་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་གྱི་ཉིན་མོ་སྲུང་གཙི་དང་འབྲེལ། བོད་ནང་གི་རྩོམ་པ་པོ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་འོག་གི་མཐོང་ཐོས་མྱོང་གསུམ་དམར་རྗེན་དུ་བརྗོད་ཡོད་པའི་<< དུར་ས་འཚོལ་བའི་མི>>ཞེས་པའི་དཔེ་དེབ་ཅིག་འགྲེམ་སྤེལ་གནང་སོང་།

དེ་རིང་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་གྱི་ཉིན་མོ་དང་བསྟུན་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱ་གཞུང་གིས་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ལ་མིང་རྟགས་བཀོད་པ་ཙམ་ལས་སྡུག་སྦྱོང་མནར་གཅོད་ཀྱི་བྱ་སྤྱོད་རིགས་མུ་མཐུད་སྤེལ་བཞིན་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་དང་སྦྲགས། བོད་མདོ་སྨད་རྔ་པ་རྫོང་ཁོངས་ནས་ཡིན་པའི་བོད་ནང་གི་རྩོམ་པ་པོ་སྨར་ལྗང་སྨྱུག་ལགས་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག་མཐོང་ཐོས་མྱོང་གསུམ་དང་། བོད་མི་རྒན་པ་ཁག་ཅིག་ལ་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་སྐབས་ཀྱི་དངོས་བྱུང་ལོ་རྒྱུས་བཅར་འདྲི་བྱས་པ་བཅས་ཀྱི་དཔེ་དེབ་<< དུར་ས་འཚོལ་བའི་མི>>ཞེས་པ་དཔར་འགྲེམས་གནང་སོང་།  

གསར་འགོད་གསལ་བསྒྲགས་ཐོག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཉིན་མོ་འདི་ནི་འཛམ་གླིང་སྤྱི་ཡོངས་ཀྱིས་སྲུང་གཙི་བྱེད་བཞིན་པའི་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་གྱི་ཉིན་མོ་ཞིག་ཆགས་ཡོད་སྟབས། ཁོང་ཅག་གིས་ཉིན་མོ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་ངོས་འཛིན་ཐོག རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་མི་ཚོས་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་དྲན་གསོ་དང་། དཀའ་ངལ་ཅི་ཙམ་ཆེ་མིན་ལ་མ་ལྟོས་པར་བོད་མི་ཚོས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་བརྩོན་ལེན་བྱེད་བཞིན་པར་གུས་བརྩི་བྱེད་ཀྱིན་ཡོད་སྐོར་བརྗོད་བྱུང་།  དེ་རྗེས་ཆབ་སྲིད་བཙོན་ཟུར་ཟླ་བ་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་མྱོང་བ་བརྒྱུད་དེ། རྒྱ་གཞུང་གིས་བཙོན་པ་ཚོའི་ལུས་སེམས་གཉིས་ལ་མནར་གཅོད་ཇི་ལྟར་གཏོང་གི་ཡོད་པ་དང་། བཙོན་གྲོལ་ཐོབ་རྗེས་ཀྱང་གཞུང་གི་གནོན་ཤུགས་འོག་ཁེར་རྐྱང་དང་འཚོ་བ་འཁྱོལ་དཀའ་བའི་གནས་སྟངས་བཟོ་བཞིན་ཡོད་སྐོར་སོགས་བརྗོད་སོང་།  

མཇུག་ཏུ་ཨ་རི་ནས་ཡིན་པའི་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་སློབ་ཐོན་པ་ཇོན་གྷོ་ཌི་ཊི་(Jahn Gaudette) ལགས་ཀྱིས། མནར་གཅོད་ཅེས་པ་ནི་མི་མང་ལ་སྨྲ་བརྗོད་རང་དབང་མེད་པ་སོགས་འགྲོ་བ་མི་ཞིག་ལ་དགོས་པའི་གཞི་རྩའི་ཐོབ་ཐང་གང་ཡང་མ་རག་པར། གཞུང་གི་བཀའ་དགོངས་ལས་བརྒལ་ན་བཙོན་འཇུག་དང་སྡུག་སྦྱོང་གཏོང་པ་ལ་གོ་བ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན། མི་རིགས་སྡེབ་གསོད་དང་བྲན་གཡོག་རིང་ལུགས། མནར་གཅོད་གསུམ་ནི་རྒྱལ་སྤྱིའི་རྩ་ཁྲིམས་ལས་བརྒལ་བའི་ནག་ཉེས་ཚབས་ཆེན་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་(Universal decoration of Human right )ནང་ཁ་གསལ་བཀོད་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་མནར་གཅོད་སྣ་ཚོགས་གཏོང་བཞིན་པ་རྒྱལ་སྤྱིའི་ཐོག་ཁྲིམས་འགལ་ཇི་ལྟར་ཆགས་ཡོད་མེད་སྐོར་སོགས་ངོ་སྤྲོད་གནང་སོང་།  

ཐེངས་འདིར་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་བའི་ནང་། “ གདུག་རྩུབ་ཆེ་བའི་མནར་གཅོད་ཀྱི་བྱེད་ཐབས་འདི་རིགས་རྒྱ་ནག་ནང་དུ་རྩ་བ་ནས་བཀག་འགོག་དང་། མི་མང་པོར་རྒྱ་ནག་སྲིད་གཞུང་གི་མནར་གཅོད་འདི་རིགས་ཀྱི་གནོད་འཚེ་མི་ཐེབས་པའི་ཆེད་དུ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངེས་པར་དུ་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་སྐྱོ་གར་འདི་དག་བསྐྱར་དུ་མི་འབྱུང་བ་བྱ་དགོས། ལྷག་པར་དུ་ད་ལོ་ཕྱི་ཟླ་ ༡༠ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལྟ་རྟོག་ཚོགས་ཆེན་སྟེང་། རྒྱ་ནག་གཞུང་གིས་དེ་སྔོན་རྒྱལ་སྤྱིའི་ཁྲིམས་དོན་ཁག་ཁས་ལེན་བྱས་ཡོད་པ་རྣམས་ལག་བསྟར་བྱེད་འཇུག་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རང་འགུལ་ཐོག་ནས་མནར་གཅོད་བྱེད་ཐབས་འདི་རིགས་མཚམས་འཇོག་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་གཏན་འབེབས་བྱས་པ་ཁག་ཕུད་པའི་བཀག་སྡོམ་མནར་གཅོད་རིགས་མཐའ་གཅིག་ཏུ་མཚམས་འཇོག་བྱེད་འཇུག་དགོས་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་རྒྱ་ནག་ནང་རང་དབང་ཐོག་ཡོང་བཅུག་སྟེ་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལྟ་རྟོག་ཞིབ་འཇུག་དང་། བོད་དང་རྒྱ་ནག་ནང་ཡོད་པའི་བཙོན་ཁང་ནག་པོ་ཡོངས་རྫོགས་གཏན་དུ་སྒོ་རྒྱག་དགོས་པ་ཁས་ལེན་བྱེད་འཇུག་དགོས། ” ཞེས་བཀོད་འདུག

ཐེངས་འདིར་འགྲེམས་སྤེལ་གནང་བའི་<<དུར་ས་འཚོལ་བའི་མི་>>ཞེས་པའི་དཔེ་དེབ་ཀྱི་སྔོན་གླེང་ལྟ་བུར་རྩོམ་པ་པོས་འདི་ལྟར་བཀོད་འདུག “ སེམས་པ་དུང་བའི་གྲོགས་པོ་འགའ་རེས་བདག་ལ་དེབ་ཆུང་འདི་བསྐྲུན་པས་ཁྱོད་ཀྱི་སློབ་སྦྱོང་དང་བྱ་བ་ལ་བར་ཆད་ཆེན་པོ་འབྱུང་སྲིད་པས། ད་དུང་མ་བསྐྲུན་ན་ལེགས་པར་གསུངས་སོང་། ཡིན་ནའང་། འཇིགས་སུ་རུང་བའི་དུར་ཁོང་དུ་བཙན་བརྫངས་བྱས་པའི་མེས་པོ་ཚོའི་ཁྲག་རྗེས་དང་གསོད་བཞིན་པའི་སྤུན་ཟླ་ཚོའི་ངུ་སྒྲ་རྣ་ལམ་དུ་ཁྱབ་ཡོང་དུས། བདག་གིས་སེམས་ཀྱི་ན་ཟུག་དང་སྙིང་གི་འཕར་སྒྲ་འཇགས་ཐབས་བྲལ་བས། རང་གི་ཡོད་ཚད་བདེན་པའི་དཔང་བོར་བཞག་སྟེ་མགྱོགས་མྱུར་ངང་འདི་ལྟ་བུའི་དེབ་ཆུང་ཞིག་གྲུབ་ཐབས་ལ་འབད་པ་བྱས། བདག་གི་དེབ་ཆུང་འདི་ནི་འདས་ཟིན་པའི་གཉེན་ཉེ་ཞིག་གི་དུར་སྒམ་དང་། འབྱུང་བཞིན་པའི་ཁྲག་བཞུར་གྱི་ཟིན་ཐོ་ཡིན། འདི་ནི་ཅི་ཡང་མེད་པའི་ཁེར་རྐྱང་ཞིག་གི་ཚེ་སྲོག་ལས་གྲུབ་པའི་བདེན་དཔང་ཡིན། འདི་ནི་གང་ཡང་འཛོམས་པའི་རྒྱལ་སྲས་ཤིག་གི་བདེ་ཞིང་སྐྱིད་པའི་ཞིང་ཁམས་ཡིན ད་དུང་ཡོད་དེ། འདི་ནི་མི་ལོ་མང་པོར་དཀའ་སྡུག་ཁྲི་ཕྲག་གི་ཀློང་ནས་བདག་མེད་ལྟ་བུའི་འཚོ་བ་རོལ་བའི་ཉམ་ཆུང་ཞིག་གི་མིག་ཆུ་ཡིན། འདི་ནི་སྒེར་གཅོད་པ་ཞིག་གི་གདོང་འབག་སྟོན་པའི་མེ་ལོང་ཡིན། སྡུག་བསྔལ་མྱོང་བཞིན་པའི་སྤུན་ཟླ་ཚོས་དེབ་ཆུང་འདིར་ཚར་རེ་གཟིགས་དང་བཟོད་དུ་མེད་པའི་ན་ཟུག་གི་ཀློང་ནས་སེམས་གསོ་ཙམ་རེ་ཡོང་སྲིད་ལ། ཉམ་ཆུང་བའི་མི་རིགས་ཤིག་གི་ལས་དབང་ལ་སེམས་ཁྲལ་ཕྲན་ཙམ་བྱེད་མཁན་གྱི་གྲོགས་པོ་འགའ་རེར་བདེན་དཔང་གི་རྒྱབ་རི་བརྟན་མོ་རེ་ཆགས་སྲིད” ཅེས་བཀོད་འདུག

དཔེ་དེབ་དེར་ཤོག་ངོས་ ༩༨ དང་། རྩོམ་ཡིག་ ༢༠ ཡོད་པ་དག་ནི།༼སྨར་རོང་གི་མིག་ཆུ།༽ ༼ རིག་རིག་ཐུག་ཐུག་ཀུན་བསད་ཐལ༽༼རྔ་བ་ན་དམྱལ་བ་ས་ཐོག་ཏུ་བུད་འདུག༽ ༼ཨོན་ལོའི་ཁ་བརྡ༽༼ ཡུལ་ཤུལ་གྱི་ཨ་ཡས་ལོ་ལོན་ཞིག་དང་བྱས་པའི་ཁ་བརྡ༽༼ ༢༠༠༨ ༣  ༡༦ ༽ ༼ སྐད་ཆ་འདི་ངས་ཁྱོད་ལ་བཤད་བཞག་ཡོད།༽ ༼ མཁས་པའི་ཚིག་གི་བརྡ། གནམ་ལྕགས་རལ་གྲིའི་འོད།༽༼ ངའི་ཨ་མ་ནི་གུང་ཁྲན་ཏང་གི་གཡོག་མོ་རེད། ༽༼ འགུལ་གྱིན་པའི་སྙིང་།༽༼ གུང་ཁྲན་ཏང་གི་དགྲ་བོ་གྲྭ་བ་རེད། ༽༼ ཁྱོད་ཕྱི་རྒྱལ་དུ་སོང་ནས་ང་དྲན་གྱིན་ཡོད་པ་ངས་སྔ་མོ་ནས་ཤེས་ཡོད། ༽༼ བྲང་ཁོག་སྐམ་པོ། ༽༼ ངའི་དོ་དགོང་གི་སྙན་ངག་ཚར་གཅིག ༽༼ དྲིན་ཆེན་ཨ་མས་ང་ལ་འདི་ཟེར་གི ༽༼ ༣ ༡༦ ༽༼ ངའི་ཕ་གཞིས། ༽༼ རྨི་ལམ་འདི་སུ་ཞིག་གི་ལས་དབང་ཡིན་ནམ།༽༼ ཡུལ་ཤུལ ཡུལ་ཤུལ་ལགས། ༽༼ རྒྱལ་ཁབ་ཀྱི་མིག་ནང་དུ་ཀིརྟི་དགོན་པ་ནི་མཛེ་རོ་མ་ཞིག་རེད། ༽༼ ཅི་ཞིག་གི་ཆེད་དུ།༽བཅས་སོགས་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. རིག་བཟང་ཚེ་རིང་། says:
    ལོ་ 13 སྔོན།

    བོད་ནང་གི་གཞིས་ལུས་རྩོམ་པ་པོ་གཞོན་སྐྱེས་འདི་དག་གི་སྙིང་སྟོབས་དང་ལ་རྒྱ་ལ་འགྲན་ཟླ་མེད་པ་ཞིག་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཟེར་བ་དེ་ཚང་ལ་གྲུབ་འབྲས་སྟོན་རྒྱུ་མེད་པ་དང་ལབ་རྒྱུ་གླེང་རྒྱུ་མང་བའི་ལས་ཁུངས་ཤིག་ཡིན་མོད་ད་རེས་ཀྱི་དཔེ་དེབ་དེ་ཕྱི་ལོགས་ནས་པར་བསྐྲུན་ཞུས་པ་ཡག་པོ་འདུག ཡིན་ནའང་མིང་ཆེ་ཐག་ཆོད་ཅིག་གི་འོག་ནས་ལས་ཀ་འདི་ཙམ་ལས་སྟོན་རྒྱུ་མེད་པའི་ལས་ཁུངས་ཤིག་གིས་བོད་པའི་དཀའ་སྡུག་གཉན་འཕྲང་གི་དུས་ཚོད་འདིའི་ནང་ལ་སྐྱིད་ཉལ་བརྒྱབ་ནས་སྡོད་མཁན་ཞིག་དགོས་པ་མེད་པ་ཞིག་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ། བདག་གི་དེབ་ཆུང་འདི་ནི་འདས་ཟིན་པའི་གཉེན་ཉེ་ཞིག་གི་དུར་སྒམ་དང་། འབྱུང་བཞིན་པའི་ཁྲག་བཞུར་གྱི་ཟིན་ཐོ་ཡིན། འདི་ནི་ཅི་ཡང་མེད་པའི་ཁེར་རྐྱང་ཞིག་གི་ཚེ་སྲོག་ལས་གྲུབ་པའི་བདེན་དཔང་ཡིན། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese