མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གསར་འཛུགས་གནང་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྣེ་འཁྲིད་འོག དེ་རིང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གསར་འཛུགས་དང་རྒྱུན་ལས་ལྔ་གསར་འདེམས་བྱུང་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་རྒྱུན་ལས་གསར་པ་བཅས་ལྷན་བཞུགས་ཐོག ཟླ་སྔོན་མའི་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་སྟེ། གྲོས་གཞི་གཉིས་ཀྱི་ཐོག་བགྲོ་གླེང་གོ་བསྡུར་གནང་མཐར། ༼ བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ ༽ ཞེས་པ་གསར་འཛུགས་དང་། ཚོགས་པའི་རྒྱུན་ལས་གསར་འདེམས་བཅས་ཀྱི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

སྐབས་དེར་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཚོགས་པ་གསར་པའི་རྒྱུན་ལས་ ༥ བདམས་ཐོན་བྱུང་ཡོད་པ་དག་ངོ་སྤྲོད་གནང་བ་ལྟར་ན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་རྒྱ་རི་བདེ་ཆེན་རྒྱལ་མོ་ལགས་དང་། དྲུང་ཆེ་ཀ་སྦུག་གནས་སྡོད་ཁྲིམས་རྩོད་པ་ཚེ་རིང་དངོས་གྲུབ། འབྲེལ་མཐུད་པ་སྦེང་ལོར་ཁི་རེ་སིཊ་ (Crist University ,Bangalore) ཁྲིམས་སློབ་ཀྱི་ཞིབ་འཇུག་སློབ་མ་ (LLM) བློ་བཟང་གྲགས་པ་ལགས། འདུ་འགོད་པ་ངྷ་སར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་ལགས། གཞན་རྒྱུན་ལས་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་ཆོས་བཟང་བཅས་ཡིན་འདུག

ཚོགས་པ་གསར་པའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ཀྱིས་དབྱིན་བོད་གཉིས་ཐོག་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་པའི་ནང་། “དེ་རིང་ང་ཚོས་སྤོབས་པ་ཆེན་པོས་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ (Tibetan Legal Association) དངོས་སུ་གསར་འཛུགས་ཐུབ་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཚོགས་པ་འདི་ནི་གཞུང་འབྲེལ་མ་ཡིན་པ་དང་ཁེ་ཕན་ལ་དམིགས་པ་མ་ཡིན་པ། ཁྲིམས་ལུགས་རིག་པ་བ་ཤ་སྟག་དང་བླངས་ལས་གྲུབ་པ་ཞིག་ཡིན་”ཞེས་དང་། ཚོགས་པའི་དམིགས་ཡུལ་ཐད་ “ཚོགས་པ་འདིས་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་བྱ་རྒྱུ་དང་། རྒྱལ་སྤྱིའི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱས་ཏེ་རྒྱབ་སྐྱོར་རག་ཐབས། བཙན་བྱོལ་ནང་གི་ཁྲིམས་ལུགས་རིག་པ་བ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ནུས་པ་ཐོན་པའི་ལས་དོན་ལ་བརྩོན་རྒྱུ། དེ་བཞིན་ཡུལ་ཁྲིམས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པའི་ཉམ་ཐག་རིགས་ལ་རོགས་རམ་བྱ་རྒྱུ། ཚོགས་པ་འདིའི་ཐོག་ནས་ཚོགས་མི་རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུ་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་བཅས་དམིགས་ཡུལ་དུ་བཟུང་ཡོད་” ཅེས་བརྗོད་སོང་།

ད་ལྟའི་རྒྱུན་ལས་གསར་པའི་ལས་རྒྱུན་ལོ་གསུམ་ཡིན་པ་དང་། ཁོང་ཚོའི་ལས་དོན་བྱེད་ཕྱོགས་གསར་འགོད་གསལ་བསྒྲགས་ནང་གསལ་བ་ལྟར་ན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་ཁུངས་ངྷ་སར་འཛུགས་གཏན་འཁེལ་ཡོད་པ་དང་། མི་སྣ་ལྔ་ལས་གྲུབ་པའི་རྒྱུན་ལས་ཚོགས་ཆུང་གིས་ཡུལ་ལུང་གང་སར་ཡོད་པའི་བོད་རིགས་ཁྲིམས་ལུགས་རིག་པ་བ་ཚོར་འབྲེལ་བ་བརྒྱུད་ནུས་པ་མཉམ་སྤུངས་དང་ཚོགས་པའི་རྩ་འཛིན་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས། ཡུལ་ཁྲིམས་འོག་ཚོགས་པ་དེབ་སྐྱེལ་འགྲུབ་པར་བྱས་ཏེ། ༡༠༡༤ ལོ་མགོར་ཚོགས་ཆེན་བསྐོང་འཆར་བཅས་ཡིན་འདུག  ཐེངས་འདིའི་ཉིན་གསུམ་རིང་གི་ལྷན་ཚོགས་ཐོག ཚོགས་པའི་དགོས་དམིགས་ལས་དོན་བྱེད་ཕྱོགས་ཐད་གྲོས་ཆོད་དོན་ཚན་ ༡༢ གཏན་འབེབས་བྱས་ཡོད་པའི་ནང་། བོད་མི་ཉམ་ཐག་ཚོར་གླ་མེད་ཁྲིམས་རྩོད་པ་དང་སྐད་བསྒྱུར་རོགས་རོགས་རམ་དང་། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུགས། བོད་མིའི་སྤྱི་ཚོགས་ཀྱི་ཚན་པ་སོ་སོར་དུས་ནས་དུས་སུ་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་མངགས་བྱུང་ན་དེ་ལུགས་ཀྱི་ཁྲིམས་དོན་ལམ་སྟོན་རོགས་འདེགས་ཞུ་འཆར། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ཉམས་ཞིབ་དང་བོད་བསྒྱུར། དུས་དེབ་དང་དཔེ་དེབ། ཁྲིམས་ཡིག་དཔེ་མཛོད་མགོ་འཛུགས། བོད་ཀྱི་ཆབ་སྲིད་དང་འཐབ་རྩོད་ལ་དགོས་མཁོ་ཡོད་རིགས་རྒྱལ་ཁབ་འདྲ་མིན་གྱི་ཁྲིམས་ལུགས་ལ་ཞིབ་འཇུག ལྷག་པར་དུ་རྒྱ་ནག་གི་ཁྲིམས་ལུགས་ལ་ཞིབ་འཇུག་གིས་བོད་མིར་གོ་རྟགས་སྤེལ་རྒྱུ། ཚོགས་པའི་དགོས་དམིགས་བསྒྲུབ་ཆེད་ཁྲིམས་མཐུན་རོགས་དངུལ་ཞལ་འདེབས་གསོག་སྒྲུབ། ཁྲིམས་ལུགས་སློབ་ཡོན་དང་སློབ་ཐོན་པར་ལས་ཀ་འཚོལ་ཐབས། རྒྱལ་སྤྱི་དང་ས་གནས་ཚོགས་སྡེ་ཁག་ལ་འབྲེལ་ལམ་འཛིན་རྒྱུ་སོགས་བཀོད་འདུག

གསར་འགོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་འདི་གཙོ་བོ་ཁྲིམས་ལུགས་རིག་པ་བ་སྐྱེད་སྲང་བྱ་ཐབས་དང་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འཛུགས་ཐབས་གཉིས་ཡིན་པ་ལས། གྲོས་གཞི་དང་པོའི་ཐད་ཐག་གཅོད་ག་རེ་བྱུང་ཡོད་མེད་དྲིས་པར། ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ “གྲོས་གཞི་དང་པོ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཚོགས་བཅར་བ་ཚོ་ནས་བསམ་ཚུལ་ཡར་བསྡུས་ཏེ། འབྲེལ་ཆགས་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་། དེ་བཞིན་ལང་ཁུངས་གཞན་དག་ལ་འབྲེལ་བ་ཆགས་རིགས་ཁུངས་སོ་སོར་འབུལ་འཆར་དང་། ཡང་ཚོགས་པ་རང་ལ་འབྲེལ་བ་ཆགས་རིགས་ཁག་རྒྱུན་ལས་ཚོར་ཕུལ་བ་བཅས་ཀྱི་ཐོག་ནས། ལས་དོན་དང་དགོས་མཁོ་ལ་གཞིགས་ཏེ་ལག་བསྟར་ཡོང་ཐབས་བྱ་རྒྱུ་དེ་རེད་” ཅེས་བཀའ་ལན་གནང་བྱུང་།

གསར་འགོད་པས་རྒྱུན་ལས་གསར་པ་ཚོས་གོང་གི་གྲོས་ཆོད་ཁག་ལེགས་འགྲུབ་དོན་འཁྱོལ་ཡོང་རྒྱུར་ཇི་ལྟར་ལག་བསྟར་བྱ་འཆར་ཡོད་མེད་དང་། ཁོ་ཚོ་ཚང་མ་ཁྲིམས་ལུགས་རིག་པ་བ་རྐྱང་ཡིན་སྟབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་དཀའ་ངལ་ཆེ་ཤོས་ག་རེ་མཐོང་གི་ཡོད་མེད་དྲིས་པར།  འབྲེལ་མཐུད་པ་བློ་བཟང་གྲགས་པ་ལགས་ཀྱིས། ད་ལྟའི་ཆར་རྒྱུན་ལས་ཚོའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཚོགས་པ་དེབ་སྐྱེལ་བྱ་རྒྱུ་དང་རྩ་འཛིན་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་བྱ་རྒྱུ་སོགས་ཡིན་པ་དང་། ལས་ཁུངས་གསར་འཛུགས་གྲུབ་རྗེས་ལས་དོན་སྤེལ་རྒྱུ་ཡིན་སྟབས། སྐབས་དེར་ལས་དོན་ཁག་ཇི་ལྟར་ལག་བསྟར་བྱ་མིན་སྐོར་ལ་ཁ་གསལ་བཟོ་འཆར་ཡོད་སྐོར་དང་། ད་ལྟའི་ཆར་རྒྱུན་ལས་གསར་པ་འདེམས་ཚར་ཙམ་ཡིན་སྟབས། ལས་དོན་བྱེད་ཕྱོགས་ཐད་ཞིབ་ཕྲའི་གྲོས་བསྡུར་བྱུང་མེད་ཚུལ་དང་འབྲེལ་ཁོས་བརྗོད་དོན། “ང་ཚོས་ཁྲིམས་རྩོད་པའི་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་དེ། ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་ཡ་དེ་ཁྲིམས་ལུགས་ཀྱི་གོ་རྟོགས་ཧ་ཅང་ཞན་པ་དེ་རེད། དེའི་དབང་གིས་ཆེ་ས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་དང་ཆུང་ས་ནས་མི་སྒེར་གྱི་འཚོ་བའི་ཐད་ཁྲིམས་ལུགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བསྡད་ཡོད་རེད། དེང་གི་དུས་འདི་ནི་ཁྲིམས་ལུགས་དབང་སྒྱུར་གྱི་དུས་རབས་ཤིག་ཡིན་སྟབས་ཁྲིམས་ལུགས་ལ་གོ་རྟོགས་ཞན་ན་རང་བཞིན་གྱི་དཀའ་ངལ་འཕྲད་ཡོང་གི་ཡོད་སྟབས། ༧གོང་ས་མཆོག་དང་སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་ང་ཚོར་བཀའ་སློབ་ལམ་སྟོན་གནང་པ་དེ་ཡང་གནད་དོན་འདི་ལ་ཐུབ་ཡོད་པ་རེད་དྲན་བསྡད་ཡོད། དེར་བརྟེན། ཁྲིམས་ལུགས་ཀྱི་དཀའ་ངལ་འདི་གནད་དོན་ཆེན་པོ་ཞིག་ལ་རྩིས་ཐོག་ང་ཚོས་རིམ་བཞིན་ལས་དོན་སྤེལ་ཕྱོགས་ལ་གསལ་བཤད་ཞུ་ངེས་ཡིན་”ཞེས་བརྗོད་བྱུང་།

ཡང་ཁོང་ལ་ལས་ཁུངས་གསར་འཛུགས་དང་ལས་དོན་བྱེད་ཕྱོགས་ལ་མ་དངུལ་གྱི་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། མ་དངུལ་ག་རེ་བྱ་དགོས་མིན་ཐད་རྒྱུན་ལས་ནང་གྲོས་བསྡུར་བྱ་རྒྱུ་ལྷག་ཡོད་པ་དང་། དེར་ཐབས་ཤེས་ཤིག་ཏན་ཏན་ཡོང་གི་རེད་བསམ་པའི་ཡིད་ཆེས་ཡོད་ཚུལ་པར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས། 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 4

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀྲིས་བདེ་ལེགས་སོ་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ང་ཚོས་ཁྲིམས་རྩོད་པའི་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་དེ། ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་ཡ་དེ་ཁྲིམས་ལུགས་ཀྱི་གོ་རྟོགས་ཧ་ཅང་ཞན་པ་དེ་རེད། དེའི་དབང་གིས་ཆེ་ས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་དང་ཆུང་ས་ནས་མི་སྒེར་གྱི་འཚོ་བའི་ཐད་ཁྲིམས་ལུགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བསྡད་ཡོད་རེད། ་་་་་་ཟེར།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ “དེ་རིང་ང་ཚོས་སྤོབས་པ་ཆེན་པོས་ཁྲིམས་ལུགས་རིག་པ་བའི་ཚོགས་པ་(Tibetan Legal Association) དངོས་སུ་གསར་འཛུགས་ཐུབ་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཚོགས་པ་འདི་ནི་གཞུང་འབྲེལ་མ་ཡིན་པ་དང་ཁེ་ཕན་ལ་དམིགས་པ་མ་ཡིན་པ། ཁྲིམས་ལུགས་རིག་པ་བ་ཤ་སྟག་དང་བླངས་ལས་གྲུབ་པ་ཞིག་ཡིན་”ཞེས་དང་། ་་་་་ཟེར།

    Reply
  4. བཀྲ་ཤིས་ཚེ་རིང་། says:
    ལོ་ 13 སྔོན།

    ཡང་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསར་པ་ཞིག་དབུ་བརྙེས་སོང་། ངས་མགོ་མ་འཚོས་པ་དེ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཙུགས་པའི་ཁྲིམས་ལུགས་རིག་པའི་ཚོགས་པ་ཞིག་ཡིན་ན། གཞུང་འབྲེལ་མ་ཡིན་པའི་ཇི་ལྟར་ཆགས་པ་རེད།
    དོན་དག་གཉིས་པ་ཚོགས་པ་འདིའི་རྒྱུན་ལས་སྐབས་དང་པོ་རྣམས་ཧ་ཅང་ཡག་པོ་ཡོང་དགོས། གང་ཡིན་ཟེར་ན་ལས་ཀ་གང་ཞིག་མགོ་འཛུགས་སྐབས་ཡག་པོ་མ་བྱུང་བ་ཡིན་ན་རིམ་བཞིན་ཡག་པོ་ཆགས་ཐུབ་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese