མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ། སྙིང་རྗེའི་རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ནོར་བསམ་གྱིས་བསྒྱུར། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་བཀའ་དྲིན་རྗེས་དྲན་ཆེད་ 《ཏཱ་ལའི་བླ་མ། སྙིང་རྗེའི་རྒྱ་མཚོ།》 ཞེས་པའི་ཕྱག་དེབ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་རྒྱལ་སྤྱིའི་ཆེས་སྙན་གྲགས་ཅན་གྱི་མི་སྣས་ཕུལ་བའི་འཚམས་འཕྲིན་ཁག་ལས་རེ་ཟུང་བོད་བསྒྱུར་ཞུས་པ་དགེའོ།། 

ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་གིས་བརྩམས། 

སྔོན་གླེང་། 

༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འགྲོ་བ་མིའི་མངོན་འདོད་ཚད་མཐོ་ཤོས་ཏེ་སྡུག་བསྔལ་ཞི་བར་བྱེད་མཁན་དང་། བདེ་སྐྱིད་བསྐྲུན་མཁན་ལ་ཡུལ་ལུང་ཀུན་གྱི་མི་རྣམས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོས་འགྲོ་བ་མིའི་བཟོད་སྒོམ་གྱི་བརྡ་ལན་སྤྲོད་ཆེད་སྐུ་ངལ་མཛད་མེད་ཀྱིས་རྒྱལ་ཁབ་ ༦༢ ལ་ཆིབས་བསྒྱུར་བསྐྱངས་ཏེ་སྟོབས་དང་དབང་ཤུགས་ལྡན་པའི་མི་དང་། ཉམ་ཆུང་རང་དབང་བྲལ་བའི་མི་ཀུན་ལ་བྱམས་བརྩེའི་གཟིགས་པ་གཅིག་མཚུངས་གནང་གི་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་ཀྱི་ཡོད་རུང་འཛམ་གླིང་ཡོངས་ཀྱི་དབུ་འཁྲིད་དང་། སྙན་གྲགས་ཅན་གྱི་མི་སྣ། རིག་གཞུང་སྒྱུ་རྩལ་ཆེད་མཁས་ཀྱི་མི་སྣ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་བྱུང་བ་ལས་ཁོང་ཚོའི་མི་ཚེར་བསྒྱུར་བ་བྱུང་སྐོར་ཁོང་གི་བཀྲ་ཤིས་པའི་འཁྲུངས་སྐར་དུས་བཟང་ལ་འཚམས་འཕྲིན་ཕུལ་ཡོད། རྣལ་འབྱོར་བ་ཅི་དྷ་ནན་དྷ། ས་ར་ས་ཝ་ཏི། (Swami Chidananda Saraswati) མཆོག་གིས་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ “གོ་ལའི་སྟེང་གི་ནམ་ཡང་བརྗིད་ཆགས་ངང་གནས་ཞིང་བློ་མུན་ཡོངས་སུ་སངས་པའི་གང་ཟག་ཁྲོད་ནས་གཅིག་ཡིན་པ་དང་། ཁོང་གི་གཟི་འོད་འཛམ་གླིང་ས་ཐག་རིང་ཐུང་ཚང་མར་འཕྲོ་གི་ཡོད་ལ། ཁོང་ནི་དོན་དངོས་སུ་འོད་ཀྱི་ཁང་པ་ཞིག་དང་འདྲ་བར་འཛམ་གླིང་དེ་ཉིད་དོན་དམ་པའི་ཞི་བདེ་དང་། བྱམས་བརྩེའི་ཕྱོགས་སུ་འཁྲིད་ཀྱི་ཡོད།” 

བོད་ནང་༸སྐུ་གཞོན་ནུའི་སྐབས།

༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ལྷ་མོ་དོན་གྲུབ་མཆོག་བོད་བྱང་ཤར་ཁུལ་སྟག་འཚེར་གྲོང་གསེབ་གཅིག་གི་ནང་ཞིང་པའི་ཁྱིམ་ཚང་ཞིག་ཏུ་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཁྲུངས་པ་དང་། དགུང་གྲངས་གཉིས་ལ་ཕེབས་སྐབས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་ཞུས། ཕྱི་ལོ་ ༡༩༤༠ ཟླ་ ༡༠ ཚེས་ ༢༢ ཉིན་ལྷ་སའི་ཕོ་བྲང་པོ་ཏཱ་ལར་ཁོང་གཞུང་འབྲེལ་ཁྲི་གསོལ་ཞུས་པ་དང་ཟུར་དུ་གནས་པའི་བོད་ནང་ནས་ཁོང་ལ་དགོན་སྡེའི་ཤེས་ཡོན་ཐོབ་ཡོད།

ཕྱི་ལོ་ ༡༩༤༩ ལོ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་དགུང་གྲངས་ ༡༥ ཕེབས་སྐབས་ཕྱི་ལོ་ ༡༩༥༠ ལོར་ཁོང་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་བཞེས། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིང་། ཀྲའོ་ཨི་ལན་སོགས་རྒྱ་ནག་འགོ་འཁྲིད་ལྷན་དུ་ཞི་བའི་གྲོས་མོལ་ཆེད་པེ་ཅིང་ལ་ཆིབས་བསྒྱུར་གནང་། ཕྱི་ལོ་ ༡༩༥༩ དགུང་གྲངས་ ༢༤ ལ་ཕེབས་སྐབས་རྒྱ་ནག་དམར་ཤོག་གི་དྲག་གནོན་ཤུགས་ཆེ་རུ་ཕྱིན་པར་བརྟེན་ཁོང་རྒྱ་གར་དུ་བཙན་བྱོལ་ལ་མི་ཕེབས་ཀ་མེད་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་མ་ཕེབས་སྔོན་ཕུགས་གྱང་རིང་པོའི་འཛིན་སྐྱོང་དང་ས་ཞིང་ལེགས་བཅོས་གཏོང་ཆེད་ཁོང་གིས་མི་མང་གིས་གཞུང་གི་དཔོན་རིགས་ཞུ་གཏུགས་བྱས་པ་ཁག་ལ་ཉན་ཞིབ་བྱེད་མཁན་གྱི་དམིགས་བསལ་ལེགས་བཅོས་ལས་ཁུངས་བཙུགས་གནང་ཀྱང་། རྒྱ་མི་བཙན་འཛུལ་བྱས་པར་བརྟེན་འབད་རྩོལ་གནང་ཡང་འགལ་རྐྱེན་བཟོས་ཡོད།

བཙན་བྱོལ་ནང་གི་མང་གཙོ།

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་མང་སྤྱི་འཐུས་འོས་བསྡུ་ཐོག་མར་དབུ་བཙུགས་ཞུས་པ་དང་། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བཟོས་པ་རེད།

ཕྱི་ལོ་ ༡༩༩༠ ཟླ་ ༥ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོན་དང་ལྡན་པའི་མང་གཙོའི་འཛིན་སྐྱོང་དགོས་པར་གཟིགས་ནས་རྨང་ནས་ལེགས་བཅོས་གཏོང་སྒོ་བརྩམས་པ་རེད། བཙན་བྱོལ་ནང་གི་འཛིན་སྐྱོང་དབང་ཚད་ཡོད་པའི་སྡེ་ཚན་མཐོ་ཤོས་ནི་བཀའ་ཤག་གྲོས་ཚོགས་ཚོགས་དུས་བཅུ་པ་བར་ཁོང་གི་བསྐོ་བཞག་གནང་གི་ཡོད་ཀྱང་། བཙན་བྱོལ་ནང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་ནས་མེད་པ་ཆགས་པ་རེད། བར་བརྒལ་དུས་སྐབས་སུ་ཕྱོགས་མཐའ་ཁག་གི་བོད་མིའི་འཐུས་ཚབ་ཡོད་པའི་དམིགས་བསལ་ཚོགས་ཆེན་ཐོག་བཀའ་ཤག་གི་མི་སྣ་གསུམ་འོས་འདེམས་བྱས་པ་དང་། ལོ་འདི་རང་ལ་བོད་མི་ཚོས་སྤྱི་འཐུས་འོས་འདེམས་བྱས་པ་དང་། གྲོས་ཚོགས་ནས་བཀའ་བློན་རྣམ་པ་འོས་འདེམས་བྱས་པ་རེད།

ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཁོང་གི་ཆབ་སྲིད་སྐུ་དབང་འོས་འདེམས་བྱས་པའི་འགོ་འཁྲིད་ལ་གནང་རྒྱུ་ཁྱབ་བསྒྲགས་གནང་བ་རེད། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ནང་གསལ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཆབ་སྲིད་སྐུ་དབང་ལ་བསྐྱར་བཅོས་གནང་བར་བརྟེན་ལོ་ངོ་ ༣༦༩ ལོ་རྒྱུས་ལྡན་པའི་ཏཱ་ལའི་བླ་མས་བོད་ཀྱི་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་བོད་ལ་དབང་བསྒྱུར་བྱས་པའི་མཇུག་རྫོགས་པ་རེད། མཉམ་རུབ་ཀྱི་ནུས་པས་མ་འོངས་པར་ཡོང་རྒྱུ་བསྡད་པའི་ལོ་ངོ་དུ་མའི་ནང་འཐབ་རྩོད་རྒྱུན་གནས་ཐུབ་རྒྱུ་ཡིན་པས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཐུགས་ཐག་བཅད་པ་དེས་མི་མང་ལ་དོན་དམ་པའི་དབང་ཚད་གནང་བ་རེད།

 གྲོས་མོལ་དང་། འགྲིགས་འཇགས།

ཕྱི་ལོ་ ༡༩༨༧ ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་ཞི་བདེ་དང་འགྲོ་བའི་མིའི་ཐོབ་ཐང་སླར་གསོ་ཡོང་ཆེད་ཞི་བའི་གྲོས་འཆར་དོན་ཚན་ལྔ་སྤེལ་བ་རེད། བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་ཁོང་གི་མི་མང་ཚོར་ཚད་ལས་བརྒལ་བའི་དྲག་གནོན་དང་འཚེ་བ་བྱས་རུང་མུ་མཐུད་དེ་འཚེ་མེད་ཞི་བའི་ལམ་ནས་གྲོས་མོལ་དང་། གཞན་གྱི་ཚོར་བར་མྱོང་རོལ་གྱིས་སྙིང་རྗེའི་ལམ་ནས་ཞུ་གཏུགས་སྐྱོན་གྱི་ཡོད། ཕྱི་ལོ་ ༢༠༠༢ ལ་རྒྱ་ནག་དང་ཐད་ཀར་འབྲེལ་བ་བསྐྱར་གསོ་བྱས་པ་ནས་བཟུང་༸གོང་ས་༸སྐྱབས་མགོན་མཆོག་གིས་སྐུ་ཚབ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་དབར་སྐད་ཆ་ཐེངས་ཁ་ཤས་བཤད་ཡོད། བསམ་ཚུལ་བརྗེ་ལེན་གནང་རིང་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་གི་དབུ་ཁྲིད་ཚོར་ “བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།” ཞེས་པ་དང་། ཞུ་སྙན་དེའི་གལ་ཆེའི་གནད་དོན་ཁག་ལ་གསལ་བཤད་ སྤྲད་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཞི་བའི་གྲོས་འཆར་ཁག་ལ་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་སྤྲད་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཐོག་དང་གཉིས་ཕན་ལམ་ནས་བོད་ཀྱི་རྩ་དོན་སེལ་རྒྱུར་དབུ་མའི་ལམ་ཐོག་ནས་མུ་མཐུད་འཐབ་རྩོད་གནང་གི་ཡོད།

 ༸སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་གསུམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དམ་བཅའ་གསུམ་ཡོད་ཅེས་གསུངས་ཀྱི་ཡོད། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་ཕན་ཚུན་མཐུན་གཤིབ། ཁོང་གི་མི་མང་གི་ངོ་ཚབ་བྱས་ཏེ་གོ་རྟོགས་སྤེལ་ཆེད་བཀའ་སློབ་གནང་རྒྱུ་བཅས་གསུམ་རེད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་པོ་འཁྱེར་ནས་བོད་དང་རྒྱ་ནག་དབར་གྲོས་མོལ་གནང་བ་ཙམ་མིན་པར་ནང་ཆོས་དང་དེང་དུས་ཚན་རིག་དབར་ལ་ཡང་གྲོས་མོལ་གནང་གི་ཡོད། གང་ཡིན་ཟེར་ན་བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་དར་ཁྱབ་ཀྱི་རིན་ཐང་ལ་རྒྱ་ནག་ནང་དང་ཕྱི་ཕྱོགས་ཀྱི་རྒྱ་རིགས་ཚོས་བརྩི་མཐོང་བྱེད་ཤུགས་ཆེ་རུ་འགྲོ་བ་མ་ཟད་ཚན་རིག་གི་སྡེ་ཁག་ནས་ཀྱང་བརྩི་མཐོང་ངམ་བསྔགས་བརྗོད་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད།

 འཛམ་གླིང་ཁྱོན་ཡོངས་ཀྱི་ངོས་འཛིན།

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མི་མང་གི་ཐོབ་ཐང་དང་རང་དབང་གི་ཆེད་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་བར་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོར་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་བེལ་གཟེངས་རྟགས་ཐོབ་མཁན་འཁྲོད་ནས་གོ་ལ་ཡོངས་ཀྱི་ཁོར་ཡུག་གི་དཀའ་ངལ་ཐུགས་སྣང་གནང་མཁན་ཐོག་མ་དེ་རེད།

ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་ནས་རྒྱལ་ཁབ་ཀྱི་ཡུལ་མིའི་ཆེ་བསྟོད་གཟེངས་རྟགས་ཚད་མཐོ་ཤོས་དེ་ཕུལ་ཡོད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཞི་བདེ་དང་། འཚེ་བ་མེད་པ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་གོ་རྟོགས་བཅས་ཀྱི་ཐོག་ལ་གཞན་དང་མི་འདྲ་བའི་ལེགས་སྐྱེས་ཕུལ་བར་བརྟེན་གཟེངས་རྟོགས་འབུལ་བཞེས་མཛད་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྱུར་བ་མེད་པའི་ཐོག་ནས་ཞི་བ་དང་། འཚེ་བ་མེད་པ། ཆོས་ལུགས་ཕན་ཚུན་མཐུན་གཤིབ། ཀུན་ཁྱབ་སེམས་འཁུར། སྙིང་རྗེ་བཅས་ཀྱི་ལམ་སྟོན་གནང་བར་བརྟེན་ཆེ་བསྟོད་ཀྱི་མཁས་དབང་གི་ཕྱག་འཁྱེར་དང་། གཟེངས་རྟགས། བྱ་དགའ་བརྒྱ་ལྷག་ཐོབ་ཡོད་ལ། ཆིབས་བསྒྱུར་མཛད་འཆར་ཧ་ལས་པ་ཡོད་མིན་ལ་མ་ལྟོས་པར་ཁོང་གིས་དབྱིན་ཡིག་ཐོག་ཕྱག་དེབ་བརྒྱ་ལྷག་རྩོམ་བྲིས་གནང་ཡོད།

དེང་སྐབས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་གུས་བརྩི་ཚད་མཐོ་ཤོས་ཞུ་སའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་གཅིག་དང་། ཡོངས་ཁྱབ་ཀྱི་ཞི་བདེ་དང་། འཚེ་བ་མེད་པ། སྙིང་རྗེའི་མཚོན་རྟགས། རང་དབང་དང་། ཐོབ་ཐང་། ཆེ་མཐོང་བཅས་ཀྱི་ཆེད་དུ་བོད་མི་མང་གི་ཞི་བའི་འཐབ་རྩོད་ཀྱི་ནུས་པའི་མཚོན་རྟགས་ཆེ་ཤོས་བཅས་རེད།

ཨ་རིའི་སྲིད་འཛིན་ཟུར་པ་སྦིལ་ཁི་ལིན་ཀྲོན་གྱིས་ཁོང་ལ་ཕུལ་བའི་འཚམས་འདྲིའི་ནང་དེ་ལྟར་བྲིས་ཡོད་ “ང་ཚོས་ཁོང་གི་འཁྲུངས་སྐར་ལ་འབུལ་རྒྱུའི་ཕྱག་རྟགས་ལེགས་ཤོས་ནི་ང་ཚོས་ཁོང་གིས་བསྟན་པའི་དཔེ་མཚོན་འཚེ་བའི་ལས་གཡོལ་ནས་གྲོས་མོལ་བྱེད་རྒྱུ་དང་། འགྲོ་བ་མིའི་རང་གཤིས་བཟང་པོ་ཉམས་སུ་ལེན་རྒྱུ། ལྷན་སྐྱེས་ཀྱི་ཡོན་ཏན་ལ་ངོས་འཛིན་བྱེད་རྒྱུ། འགྲོ་བ་མི་ཀུན་གྱི་ཆེ་མཐོང་དང་། འགྲོ་བ་མིའི་ལུས་རྟེན་དང་འཚོལ་ཞིབ་བྱེད་རྒྱུའི་རྣམ་དཔྱོད་ཐོབ་པར་དགའ་ཚོར་བྱེད་དགོས་པ། དམའ་ས་འཛིན་པའི་ཀུན་སྤྱོད། སྤྲོ་སྣང་ལྡན་པའི་སེམས་པ་བཅས་ཀྱི་རྗེས་སུ་འཇུག་རྒྱུ་དེ་རེད།“

 དང་པོ། བི་ཇི་པི་ (BJP) ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་ ལཱལ། ཀིར་ཤི་ན། ཨཌ་ཝ་ནི་ (Lal Krishna Advani) མཆོག་གིས་༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་འཚམས་འཕྲིན།

 ༸གོང་ས་ཏཱ་ལའི་བླ་མ་མཆོག་དྲག་གནོན་འོག་བོད་ནས་བྲོས་འབྱོལ་ལ་ཕེབས་ཏེ་རྒྱ་གར་ནང་ཕ་ཡུལ་གཉིས་པ་བཟུང་བ་ནས་ངས་ཁོང་དང་ལྷན་དུ་ཐེངས་མང་པོ་མཇལ་འཕྲད་དང་བཀའ་མོལ་ཞུས་མྱོང་ཡོད་ལ། ངོས་གཉིས་དབར་མཛའ་བརྩེ་དང་། གཉིས་མོས་ཀྱི་གུས་བརྩི་ཆེན་ཆེན་པོ་ཡོད།

ཕྱི་ལོ་ ༢༠༡༠ ཟླ་ ༡༡ ནང་ཧ་རི་དི་ཝར་ (Haridwar) དང་། རི་སཧི་ཀི་ཤ (Rishikesh) ལ་བསྐྱོད་སྐབས་ཏཱ་ལའི་བླ་མ་མཆོག་གིས་ང་ལ་བག་ཆགས་གཏིང་ཟབ་པོ་བཞག་བྱུང་། སྐབས་དེ་དུས་ང་ཚོ་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་གི་ཐོག་ལ་ཡོད་པ་དང་། ཏཱ་ལའི་བླ་མ་མཆོག་གི་ཉེ་འཁྲིས་སུ་སྙན་གྲགས་ཆེ་བའི་རྣལ་འབྱོར་(Yoga)སློབ་འཁྲིད་པ་སློབ་དཔོན་རམ་དེབ་ (Swami Ramdev) བཞུགས་ཡོད་པས་ཐོག་མར་ཁོང་གིས་རམ་དེབ་མཆོག་ལ་འཚམས་འདྲི་གནང་བ་དང་། དེ་ནས་ཁོང་གིས་རམ་ཌིབ་མཆོག་གི་ཨག་ཚོམ་ཤུགས་དྲག་ཆེན་པོས་འཐེན་གནང་སོང་། ང་རང་ཡ་མཚན་བྱུང་བར་བརྟེན་རྣལ་འབྱོར་བ་རམ་དེབ་མཆོག་གིས་བཞད་མོ་བཞད་ནས་བརྗོད་དོན། ཁོང་གིས་ང་ཚོ་ག་དུས་ཐུག་ཀྱང་རྟག་ཏུ་དེ་ལྟར་གནང་གི་རེད། དེ་ནི་ཁོང་གི་བྱིས་པ་ལྟ་བུའི་ལྷད་མེད་ཀྱི་ངང་ཚུལ་ཞིག་ཡིན་པས་ཁོ་རང་མཉེས་པོ་ཡོང་གི་ཡོད།

ང་རང་སྡོད་སའི་རི་ཤི་ཀི་ཤའི་ཨ་ཤ་རམ་དེའི་ནང་ཏཱ་ལའི་བླ་མ་མཆོག་ལ་ཡི་རངས་ཞུ་མཁན་དང་། རྗེས་སུ་འཇུག་མཁན་མང་པོ་འདུག་པ་ལས་གཅིག་ནི་རྒྱ་མི་ཝིག་ཀྲོར་ཆན་ཡིན་པ་དང་། ཁོང་གིས་ཏཱ་ལའི་བླ་མ་མཆོག་གི་སྐོར་ལ་བྲིས་པའི་ཕུལ་བྱུང་གི་དཔེ་དེབ་ བཟོད་སྒོམ་ཀྱི་ཤེས་རབ། བཅོས་མིན་གྱི་གྲོས་མོལ་དང་འགྲུལ་བཞུད། ཞེས་པའི་ངོ་བཤུས་ཤིག་སྤྲད་བྱུང་།

དཔེ་དེབ་དེའི་ནང་ཏཱ་ལའི་བླ་མ་མཆོག་ཡེ་ཤུའི་ཆོས་ལུགས་གསར་མའི་བློན་ཆེན་ཞིག་དང་། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་མཆོད་དཔོན་གཅིག་གི་དཀྱིལ་ལ་བཞུགས་ཏེ་དངོས་བདེན་ཐོག་ཁོང་གི་རང་ཆས་སུ་གྲུབ་པའི་ཐུགས་བརྩེ་དང་། ཆོས་ལུགས་དང་མཐུན་པའི་མིག་ལྟོས་བཟང་པོ་ཞིག་སྟེ་མི་གཉིས་པོ་ཁོང་གི་ཉེ་འཁྲིས་སུ་འཐེན་ནས་འཐམ་འཁྱུད་གནང་བ་དང་། ཁོང་གི་སྤྱན་གྱི་གཟི་འོད་འཕྲོས་པ་དང་ལྷན་ཁོང་ཚོའི་ཨག་ཚོམ་འཐེན་སྐབས་མི་ཚོགས་ཡོངས་དགའ་སྤྲོ་རབ་ཏུ་འཕེལ་སྐོར་གསལ་འདུག

དཔེ་དེབ་དེ་ཀློག་སྐབས་ཏཱ་ལའི་བླ་མ་མཆོག་གི་གུས་ཞབས་དང་། ཁ་ཞེ་གཉིས་མེད་ཀྱི་འཁོན་འཛིན་སྤངས་བའི་སྤྱོད་བཟང་། དྲང་བདེན་གྱི་ཁ་ནང་དུ་ཕྱོགས་པའི་དཔྱད་པ་མཉམ་བསྲེས་དུ་མ་བཅས་གསལ་སྟོན་བྱེད་ཀྱི་འདུག ཏཱ་ལའི་བླ་མ་ཁོང་གི་ཧ་ཅང་སྙན་གྲགས་ཆེ་བའི་ཡོན་ཏན་དེ་དག་སེམས་པ་བཟང་པོ་དང་། ཡ་རབས་ཀྱི་སེམས་པ་ཞེས་པ་ལྟ་བུ་གནད་དོན་ཆུང་ཆུང་ཞིག་གི་ཐོག་ནས་བརྗོད་ཀྱི་འདུག ཁོང་གིས་ “སྐབས་རེ་ང་ལ་སུན་སྣང་ཕྲན་བུ་སླེབས་ཀྱི་འདུག་ཀྱང་ངའི་སེམས་ནས་གཞན་ལ་ལེན་ཁ་སྤྲད་པ་དང་། གཞན་ལ་ལྡོག་ཕྱོགས་ཀྱི་བསམ་བློ་རྩ་བ་ཉིད་ནས་བཏང་མྱོང་མེད།” ཅེས་ཁོང་གི་དེབ་ནང་བརྗོད་འདུག ཁོང་ལ་མི་ཚང་མ་འགྲོ་བ་མི་ཡིན་པའི་ཆ་ནས་བདེ་སྐྱིད་ཀྱི་རྗེས་སུ་སྙེག་མཁན་གཅིག་མཚུངས་ཡིན་པ་གཟིགས་ཐུབ་པའི་མཁྱེན་འཇོན་མངའ་ཡོད་སྐོར་ལུང་འདྲེན་དེ་ལྟར་བྱས་འདུག “ལུས་ཀྱི་པགས་་པ་འདིའི་འོག་རང་གཤིས་དང་། དགོས་འདུན། སེམས་ཚོར་བཅས་གཅིག་མཚུངས་ཡོད་པས་ངས་དུས་རྒྱུན་དུ་མི་གཞན་ལ་བདེ་སྐྱིད་ཀྱི་ཚོར་སྣང་སྦྱིན་གྱི་ཡོད།“

གཉིས་པ། ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་ ཌབ་ལུ་ སྦུ་ཤི་ (George W. Bush) མཆོག་གིས་༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་འཚམས་འཕྲིན།

 ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མི་ལོ་ ༧༥ རིང་བོད་ནང་དང་། འཛམ་གླིང་ཁྱོན་ཡོངས་ལ་ཕྱག་ལས་ཡག་པོ་གནང་བ་ཁག་ལ་ཆེ་བསྟོད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ང་རང་སྲིད་འཛིན་ཡིན་པའི་ཆ་ནས་ང་ལ་དུས་བཟང་ཁ་ཤས་ཀྱི་སྐབས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུའི་བསྐལ་བཟང་བྱུང་། མི་ཧ་ཅང་མང་པོ་ཞིག་ལ་བསྐལ་བ་བཟང་པོ་བྱུང་བ་ལྟར་ངས་མི་བཟང་པོ་ཁོང་ནི་ཞི་བདེ་དང་། ལྷག་བསམ། དཀའ་རྙོག་བར་སྡུམ་གནང་མཁན་གྱི་མི་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

ང་ཚོའི་ལོ་རྒྱུས་ཐོག་ནས་ཨ་རིས་གཉའ་གནོན་མྱོང་མཁན་དང་། བཙན་གནོན་ཕོག་མཁན་ལ་རང་དབང་དང་རེ་བའི་བསླབ་བྱ་གནང་མཁན་གྱི་ཕྱོགས་སུ་ལང་གི་ཡོད་པས་ང་ཚོའི་རྒྱལ་ཁབ་ཀྱིས་འཛམ་གླིང་དང་བར་ཐག་རིང་བའི་ཡུལ་ལ་བཞུགས་པའི་ཆོས་ཀྱི་དབུ་འཁྲིད་དམའ་ས་འཛིན་མཁན་ཁོང་དང་། འཇིག་རྟེན་བཟོད་སྒོམ་དང་ཞི་བདེའི་དཔེ་མཚོན། ཡིད་ཆེས་གནང་མཁན། རང་གི་མི་མང་ཆེད་དུ་རེ་བའི་མེ་ལྕེ་བཟུང་མཁན་ཁོང་གདན་འདྲེན་ཞུས་པ་རེད་ལ། ཁོང་གི་ཐུགས་སེམས་བཟང་པོ་དེས་ང་དང་ལུ་ར་ (Laura) ཚུད་པའི་ཨ་རིའི་མི་མང་ཡོངས་ཀྱི་དགའ་མོས་དང་བརྩེ་སེམས་ཐོབ་ཡོད།

ངས་ཚོར་སྣང་ཟབ་པོའི་ཐོག་ནས་ཏཱ་ལའི་བླ་མ་མ་ཆོག་གིས་གུས་བརྩི་དང་ཆོས་ལུགས་རང་དབང་གི་དཔེ་སྟོན་གནང་བར་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་ལ། ཁོང་གིས་དགུང་ལོ་ ༧༥ བཟང་ཕྱོགས་སུ་སྐྱེལ་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ང་དང་ལུ་ར་ (Laura) ཚུད་པའི་ཨ་རི་བ་ཡོངས་ཀྱིས་ད་དུང་ལོ་མང་པོའི་རིང་ཕྱག་ལས་ཡག་པོ་གནང་ཐུབ་པའི་སྨོན་འདུན་ཞུ་གི་ཡོད། ང་ཚོས་མུ་མཐུད་ནས་ཁྱེད་དང་ཁྱེད་ཀྱི་རླབས་ཆེན་གྱི་དགོངས་གཞིའི་ཆེད་གསོལ་འདེབས་ཞུ་རྒྱུ་དང་། ང་ཚོའི་སྨོན་འདུན་ལེགས་ཤོས་དེ་འབུལ་གི་ཡོད།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese