མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་གིས་གོང་ཚད་ཅི་ཞིག་གཏམ་པ་རེད་དམ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཏེ་ཡི་ཧྥི་ཡིས་བརྩམས།  ལོ་མ་རྒྱལ་གྱིས་བསྒྱུར།

ཉིན་ཤས་སྔོན་ངས་རྒྱ་ནག་གཞུང་འོག་ཏུ་ལས་ཀ་བྱེད་ཀྱིན་པའི་གྲོགས་པོ་ཞིག་ལ་འདི་ལྟར་དྲིས་པ་ཡིན། ཁྱོད་ཚོས་ཅིའི་ཕྱིར་ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་མ་བྱས་པ་རེད། གྲོགས་པོ་ཁོང་གིས་ངས་ཞིབ་ཚགས་ཀྱིས་ཤེས་ཀྱི་མེད་པས་ལན་འདེབས་མི་ཐུབ། ཡིན་ན་ཡང་། ངས་བོད་དོན་ཐོག་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་སྐད་ཆ་དྲིས་ཆོག་ཟེར།  ཉིན་ཤས་རྗེས་དྲིས་ལན་བསླེབས་སོང་།  གྲོགས་པོས་བཤད་རྒྱུར། ཁོས་གཞན་ལ་སྐད་ཆ་དྲིས་པ་ཡིན། འབྲེལ་ཡོད་མི་སྣས་འདི་ལྟར་ལབ་སོང་། གྲོས་མོལ་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་ཕྱོགས་ནས་ “གོང་གཏམ་པ”མཐོ་དྲགས་སྟབས། རྒྱ་གཞུང་གིས་དང་ལེན་བྱེད་མ་ཐུབ་པ་རེད་ཟེར། དེར་བརྟེན། ཚིག་གི་རྩ་བ་བཤད་ན། གྲོས་མོལ་བྱེད་ཀྱི་མེད་པའི་གནད་དོན་དེ་ཏཱ་ལའི་བླ་མའི་ཕྱོགས་ལ་འགན་གཡུག་གི་འདུག

ང་རང་རྒྱལ་ནང་གི་མི་མང་པོ་ཞིག་ལ་ཐུག་པའི་ཁྲོད་ནས་མང་པོ་ཞིག་གིས་བོད་དོན་ལ་ཐུགས་ཁུར་བྱེད་ཀྱི་མི་འདུག  ཁོ་རང་ཚོ་སོ་སོར་སེམས་ཚེགས་བྱེད་དགོས་པའི་དོན་དག་མང་པོ་ཡོད་སྟབས། བོད་དོན་ནི་ཁོ་ཚོའི་སྣང་བའི་ཡུལ་ན་གོ་ས་ཅི་གང་མེད་པ་ཞིག་རེད། སྤྱིར་རྒྱ་མི་ཚོས་ཉམས་ཞིབ་དང་ཞིབ་འཇུག་བྱེད་པར་དཀའ་ལས་རྒྱག་གི་མ་རེད།  མི་ཕལ་བ་ཞིག་གི་བསམ་བློ་གཏོང་ཕྱོགས་ནི་འདི་ལྟ་སྟེ། དབུས་སྲིད་གཞུང་གིས་གླེང་གི་མེད་ན། དེ་ལ་ངེས་པར་རྒྱུ་མཚན་གནས་ལུགས་ཤིག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན།  ཡང་སྙིང་བཙན་བྱོལ་བོད་གཞུང་གིས་གོང་ཚད་མཐོ་པོ་ཅི་ཞིག་གླེང་སྟེ། རྒྱ་གཞུང་གིས་གྲོས་མོལ་མ་བྱས་པ་ཡིན་ནམ།

བློ་བཟང་སེང་གེ་ཡིས་འདི་ལྟར་བརྗོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བ་བློ་བཟང་སེང་གེ་ཡིས་ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཞཱིན་ཊོན་དུ་གཏམ་བཤད་ཅིག་སྤེལ་བ་དེས་གོང་གི་དེ་ལ་ལན་འདེབས་བྱས་སོང་། བློ་བཟང་སེང་གེ་ཡིས་བརྗོད་དོན། བཙན་བྱོལ་བོད་གཞུང་གི་རེ་འདོད་ནི་བོད་ཁམས་ཡོངས་“རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་བྱ་རྒྱུ་དེ་ཡིན།” རེ་འདོད་འདི་ལ་ “དབུ་མའི་ལམ”་ཟེར།  གཉའ་གནོན་དང་ལེན་མི་བྱེད་ལ། རང་བཙན་ཡང་མི་རྩོད་པར་དེ་གཉིས་ཀའི་དཀྱིལ་མ་ཡིན། དབུ་མའི་ལམ་གྱི་དོན་དག་མདོར་བསྡུས་ནས་བཤད་ན། རྒྱ་གཞུང་གིས་ལག་བསྟར་བྱེད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འོག་ནས་མི་རིགས་ས་ཁུལ་རང་སྐྱོང་གི་དོན་ཚན་དེ་རང་རེད། ད་དུང་། ཁོང་གིས་བརྗོད་དོན།  “གལ་ཏེ། རྒྱ་གཞུང་གིས་ད་ཡོད་ཁྲིམས་ལུགས་འདི་དོན་གྱིས་ལག་བསྟར་བྱས་པ་ཡིན་ན། དེ་ནི་ངེས་པ་དོན་གྱི་རང་སྲིད་རང་སྐྱོང་རེད། ” དེ་ནས། ཁོས་ཧ་ཅང་ནན་ཏན་གྱིས་བརྗོད་དོན། བོད་མིས་བརྗོད་པའི་གོང་ཚད་དེ་རྒྱ་ནག་གཞུང་གི་རྩ་ཁྲིམས་ལ་གཞིར་བཞག་བྱས་ཏེ་བཤད་ཀྱི་ཡོད་པ་ཞིག་ཡིན། དེར་བརྟེན། དབུ་མའི་ལམ་གྱིས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་གནོད་སྐྱོན་མི་བཟོ།

ད་དུང་། བློ་བཟང་སེང་གེ་ཡིས་བརྗོད་དོན། བཙན་བྱོལ་བོད་གཞུང་གིས་བཏོན་པའི་དབུ་མའི་ལམ་ལ་ཆ་མཚོན་ན། བོད་དོན་གྲོས་མོལ་བྱེད་པ་ནི་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་གནད་དོན་ཞིག་མིན་ལ།  སྒྲིག་གཞི་གང་རུང་ཞིག་ལ་བསྒྱུར་བཅོས་གཏོང་དགོས་པ་དེ་འདྲ་ཡང་མ་རེད། ཡང་ན། བོད་མིའི་ངོས་ནས་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཞེས་རེ་བ་མི་འདོན་ལ། དེ་བཞིན། ད་ཡོད་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་ལ་བསྒྱུར་བཅོས་གཏོང་དགོས་ཞེས་ཀྱང་རེ་འདུན་མི་འདོན།  བཙན་བྱོལ་བོད་གཞུང་གིས་བཏོན་པའི་བོད་མིའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་ཡིག་ཆ་དྲ་ཐོག་ན་ཉར་ཡོད་སྟབས། དེ་ལ་ལྟ་ཞིབ་བྱས་ན་ཧ་ཅང་གསལ་བོར་མཁྱེན་ཡོང་གི་རེད། ཡིག་ཆ་འདིའི་དོན་ཚན་རྣམས་ནི་བོད་མིས་ཤོད་བཞིན་པའི་གོང་ཚད་དེ་རེད། དེར་མ་ཟད། དོན་ཚན་རེ་རེ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་མི་རིགས་ས་ཁུངས་རང་སྐྱོང་གི་དོན་ཚན་དེ་དང་འགལ་བ་ཁྱོན་ནས་མེད།

བོད་ཆེན་པོའི་གནད་དོན།

བོད་དོན་ཐོག་དོ་སྣང་བྱེད་མཁན་རྒྱ་མི་མང་པོ་ཞིག་གིས་རྒྱ་གཞུང་གིས་ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་བྱེད་ཀྱི་མེད་པའི་རྒྱུ་རྐྱེན་ནི་ “བོད་ཆེན་པོའི”གནད་དོན་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། དེར་བརྟེན། བོད་མིས་ཕྱོགས་གཅིག་ནས་བོད་མི་འདུས་སྡོད་ཀྱི་ས་ཆ་ཡོངས་རྫོགས་ལ་རེ་འདུན་འདོན་གྱི་ཡོད་པ་རེད།  ས་ཁུལ་དེ་ད་ལྟ་ཞིང་ཆེན་ལྔའི་ནང་ཁག་བགོས་བྱས་ཡོད། དེས་རྒྱ་ནག་རྒྱལ་ཡོངས་ཀྱི་བཞི་ཆའི་གཅིག་ཟིན་གྱི་ཡོད།  བློ་བཟང་སེང་གེ་ཡིས་བརྗོད་དོན། ས་ཁོངས་ཀྱི་བཞི་ཆའི་གཅིག་ཟིན་ཡོད་པ་དེ་ནི་བོད་ཕྱོགས་ནས་ཆེད་དུ་བཟོས་པའི་དཀའ་རྙོག་དེ་འདྲ་གང་ཡང་མ་རེད། ལོ་ངོ་སྟོང་ཕྲག་རིང་བོད་མི་ཚོས་ས་ཐོག་དེ་ནས་འཚོ་བ་རོལ་ནས་ཡོང་བ་ཞིག་རེད། གནད་དོན་དངོས་ནི་ས་ཐོག་དེ་ནས་ཅི་ཞིག་བྱེད་རྒྱུ་ཡིན་པ་དེ་རེད། དེ་ཡང་། རྒྱ་ནག་དང་ཁ་བྲལ་བྱེད་རྒྱུ་ཡིན་ནམ། ཡང་ན། རྒྱ་ཁོངས་ནས་འདུག་རྒྱུ་ཡིན་པ་དེ་རེད། བོད་མིའི་མངོན་འདོད་ནི་རྒྱ་ནག་དང་མཐའ་འབྲེལ་ཡོད་པའི་ས་ཁུལ་འདི་རྒྱ་ནག་ནང་ཁུལ་གྱི་གོང་བུ་གཅིག་ཅན་གྱི་མི་རིགས་རང་སྐྱོང་ས་ཁུལ་ཞིག་བཟོ་རྒྱུ་དེ་རེད། འདི་ནི་རྒྱ་ནག་གི་རྩ་ཁྲིམས་ནང་གཏན་ཁེལ་བྱས་ཡོད་པ་ཞིག་ཀྱང་རེད།

༢༠༠༨ ལོར་ངས་བཙན་བྱོལ་བོད་གཞུང་གི་དེ་སྔོན་གྱི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལ་བཅར་འདྲི་ཞིག་བྱས་སྐབས།  ཁོང་གིས་གནད་དོན་འདིའི་ཐད་ལ་འགྲེལ་བརྗོད་གསལ་བོ་བསྐྱོན་སོང་། རྒྱུ་མཚན་ནི་དབུ་མའི་ལམ་གྱིས་བོད་མིས་རང་བཙན་འཐབ་རྩོད་སྤངས་ཏེ། རྒྱ་ཁོངས་ནས་འདུག་རྒྱུ་ཡིན་པ་དང་བོད་ནི་རྒྱ་ནག་གི་ཆ་ཤས་བྱེད་འདོད་ཡོད་པ་བཤད་སོང་། ཆ་རྐྱེན་འདི་གཞིར་བཞག་གིས་བཤད་ན།  བོད་ཁུལ་ཡོངས་གཅིག་གྱུར་གྱི་རང་སྲིད་རང་སྐྱོང་ལ་རེ་འདུན་བཏོན་པ་འདི་ནི། རྒྱ་ནག་གི་རྩ་ཁྲིམས་ནང་གི་རང་སྐྱོང་གི་དོན་ཚན་དང་མཐུན་པ་ཞིག་ཡིན་པ་ལས་ཁ་བྲལ་དང་“ས་ཁོངས་ཀྱི་རེ་འདོད་”ཟེར་བ་དེ་དག་ལ་འབྲེལ་བ་མི་འདུག  དེར་བརྟེན།  བོད་ཆེན་པོ་ཟེར་བ་ནི་ས་ཁོངས་ཀྱི་གནད་དོན་ཞིག་མ་རེད། དེ་ནི་རྒྱ་ནག་ནང་ཁུལ་གྱི་ས་གནས་སྲིད་གཞུང་དང་འབྲེལ་བའི་གནད་དོན་ཐོག་གྲོས་མོལ་བྱེད་དགོས་པ་ཞིག་རེད།

བློ་བཟང་སེང་གེ་ཡིས་ཟམ་གདོང་རིན་པོ་ཆེའི་འགྲེལ་བརྗོད་དེ་བསྐྱར་ཟློས་ཀྱིས་བསྟན་དོན།  ས་ཁོངས་ཀྱི་བཞི་ཆ་གཅིག་ཟིན་པ་དེ་ནི་གནད་དོན་གྱི་རྩ་བ་ཞིག་མ་རེད།  ཤིན་ཅང་རང་སྐྱོང་ལྗོངས་ཀྱིས་རྒྱ་ནག་ས་ཁོངས་ཀྱི་དྲུག་ཆའི་གཅིག་ཟིན་ཡོད། དེས་ན་ཅིའི་ཕྱིར་བཞི་ཆའི་གཅིག་ཟིན་པའི་བོད་ནི་རང་སྲིད་རང་སྐྱོང་གི་མངའ་ཁུལ་ཞིག་ཏུ་བསྒྱུར་མ་ཐུབ་པ་ཡིན་ནམ།  མདོར་ན།  བོད་ཆེན་པོ་ཟེར་བའི་གནད་དོན་འདི་ནི་དོན་གྱི་གནད་དོན་ངོ་མ་ཞིག་མ་རེད། 

བོད་ཀྱི་འཛིན་སྐྱོང་བོད་མིས་བྱས་ན་ཡང་། ཏང་སྔར་བཞིན་ཡོད།

བློ་བཟང་སེང་གེ་ཡིས་བརྗོད་དོན། “ང་ཚོས་རྒྱ་གཞུང་མགོ་རྟིང་སློག་རྒྱུར་རེ་བ་བྱེད་ཀྱི་མེད་ལ། ད་ལྟའི་སྲིད་གཞུང་གི་སྒྲོམ་གཞི་ལ་དོགས་ཟོན་དང་ངོ་རྒོལ་ཡང་བྱེད་ཀྱི་མེད། ”  ཁོང་གིས་འགྲེལ་བརྗོད་བྱེད་དོན། དེང་སྐབས་བཙན་བྱོལ་བོད་གཞུང་དམངས་གཙོའི་ལམ་དུ་འགྲོ་བཞིན་ཡོད་ཀྱང་། རང་སྲིད་རང་སྐྱོང་གི་རེ་འདུན་གྱིས་བོད་ནང་ལ་ཡང་དམངས་གཙོའི་ལམ་སྲོལ་ལག་སྟར་བྱེད་དགོས་ཞེས་རེ་བ་བྱེད་ཀྱི་མེད།  ང་ཚོས་དམངས་གཙོ་ལ་རེ་བ་བྱེད་ཀྱི་ཡོད་ན་ཡང་། བོད་ནང་ལའང་ངེས་པར་དུ་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་དགོས་ཞེས་རེ་འདུན་འདོན་གྱི་མེད། ད་དུང་།  བོད་མིའི་ངོས་ནས་བཏོན་པའི་གོང་ཚད་དེའི་ཁྲོད་ན་ད་ལྟའི་བོད་ཁུལ་གྱི་ཆབ་སྲིད་ལམ་ལུགས་དེ་ལ་བཅོས་བསྒྱུར་མི་བྱེད་ཅེས་གསལ་ཐག་ཆོད་བཀོད་ཡོད།

མགོ་འཛིན་པ་ཡིས་སྐབས་ཐོག་དེར་དྲི་བ་དྲིས་དོན། རྒྱ་གཞུང་གི་ཆབ་སྲིད་སྒྲོམ་གཞིའི་འོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་མངོན་འདོད་དེ་ཇི་ལྟར་མངོན་འགྱུར་བྱ་ཐུབ་བམ།  བློ་བཟང་སེང་གེ་ཡིས་འདི་ལྟར་དྲི་བར་ལན་བསྐྱོན་སོང་། བཙན་བྱོལ་བོད་གཞུང་གིས་བསམ་བློ་གཏོང་ས་དང་པོ་དེ་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ཡིན། བཙན་བྱོལ་བོད་གཞུང་གིས་རེ་འདུན་འདོན་གྱི་ཡོད་པའི་རང་སྲིད་རང་སྐྱོང་ནི་བོད་ཁུལ་གྱི་དོན་དག་བོད་མི་རང་གིས་དོ་དམ་དང་བདག་སྐྱོང་བྱ་རྒྱུ་དེ་རེད། དེ་ནི་བོད་མི་ལ་དགོས་པའི་དབང་ཆ་དེ་རེད།

བློ་བཟང་སེང་གེ་ཡིས་ཧོང་ཀོང་དང་ཨའོ་མིན་གཉིས་ཆ་དཔེར་བླངས་ཏེ། ས་ཁུལ་འདི་གཉིས་ཆ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་སྲོལ་འོག་ནས་རང་སྲིད་རང་སྐྱོང་གི་སྒྲིག་གཞི་དེ་ལག་ལེན་བསྟར་གྱི་ཡོད་པ་རེད།  དེ་བཞིན་བོད་པའི་རེ་འདོད་ཀྱི་རང་སྲིད་རང་སྐྱོང་ཡང་དེ་དང་འདྲ་འདྲ་རེད།  རེ་འདོད་འདི་ལ་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་བཅོས་བསྒྱུར་གཏོང་དགོས་བའི་དོན་དག་མེད།  ལས་སླ་བོར་བརྗོད་ན།  བོད་ཀྱི་འཛིན་སྐྱོང་བོད་མིས་བྱེད་རྒྱུ་དེ་རེད། འདི་བཙན་བྱོལ་བོད་གཞུང་གིས་གཏམ་པའི་གོང་ཚད་ཀྱི་ཕྱོགས་བསྡུས་དེ་རེད། དཔེར་ན།  ཧོང་ཀོང་གི་འཛིན་སྐྱོང་ཧོང་ཀོང་གིས་བྱེད་པ་དང་ཨའོ་མིན་གྱི་འཛི་སྐྱོང་ཨའོ་མིན་གྱིས་བྱེད་ཀྱི་ཡོད་པ་ལྟ་བུ་རེད།

བློ་བཟང་སེང་གེ་ནི་དངོས་ནས་ཧྭ་ཝར་ཌི་ནས་ཁྲིམས་ལ་སློབ་སྦྱོང་གནང་སྟེ་དེང་རབས་ཀྱི་ཆབ་སྲིད་པ་ཞིག་ཡིན་པ་ངོ་གནོང་དགོས་ཀྱི་མི་འདུག  དུས་ཚོད་གཅིག་གི་ནང་ལ་བོད་ལ་འཕྲད་བཞིན་པའི་དཀའ་ངལ་དང་དེ་བཞིན་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་གཏམ་བཤད་ཡག་ཐག་ཆོད་ཅིག་གནང་སོང་།  དེ་ནས་ཁོང་གིས་རང་སྲིད་རང་སྐྱོང་ལ་འགྲེལ་བརྗོད་བྱེད་སྐབས་ཀྱང་། ཐ་སྙད་བེད་སྤྱོད་བྱས་པ་རྣམས་ཀྱང་བསམ་བློ་ཞིབ་ཚགས་བཏང་སྟེ་ཏན་ཏན་ཏིག་ཏིག་གི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་འདུག  ཡིན་ན་ཡང་།  ཁོང་གིས་བཏོན་པའི་བོད་མིའི་རེ་འདོད་དེ་ནི་ཚད་ཐིག་ཆེས་དམའ་ཤོས་དེ་ལ་སླེབས་འདུག ལྷག་པར་དུ་བོད་ཁུལ་གྱི་རྒྱ་གཞུང་གི་ཆབ་སྲིད་སྒྲིག་གཞིར་འགྱུར་བ་གཏོང་མི་དགོས་པའི་དང་ལེན་བྱས་པ་དེས། དམངས་གཙོ་ལ་དོ་སྣང་ཤུགས་དྲག་ཡོད་པའི་བོད་པའི་གཞོན་སྐྱེས་ཚོར་བློ་ཁ་མི་བདེ་བ་བཟོས་ཡོད་ངེས་ཡིན།

ཕྱོགས་སོ་སོ་ན་བློ་བཟང་སེང་གེ་ཡིས་བསྟན་པའི་ “གོང་ཚད”དེ་ལ་རང་བཞིན་གྱིས་གོ་བ་ལེན་སྟངས་འདྲ་མིན་ཡོད་རྒྱུ་རེད། དཔེར་ན། ཨེ་ཤ་ཡ་རང་དབང་གློག་འཕྲིན་ཁང་གིས་བརྒྱུད་གཏོང་གི་ཁ་བྱང་ལ་ “བོད་ཀྱི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གིས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་མི་བྱེད་”ཅེས་བཀོད་ཡོད་པ་དང་། བྷེ་བྷེ་སི་རྒྱ་ཡིག་དྲ་ཚིགས་སྟེང་། “བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཝ་ཞཱིན་ཊོན་ནས་རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པར་ངོས་ལེན་བྱ་ངེས་ཡིན”ཞེས་བཀོད་འདུག འདི་ནི་གོ་བ་ལེན་སྟངས་ཀྱི་རིམ་པ་ཞིག་རེད།  དོན་གྱིས་བློ་བཟང་སེང་གེ་ཡིས་དེ་ལྟར་བརྗོད་ཡོད་པ་མ་རེད། སྤྱིར་རྒྱ་ཡིག་གི་ཚིག་སྦྱོར་དང་རྒྱ་མིའི་གོམས་སྲོལ་ལ་གཞི་བཞག་སྟེ་བཤད་ན། མགོ་ཁྲིད་སུ་ཞིག་དང་དབང་བསྒྱུར་གང་ཞིག་དང་ལེན་བྱེད་དགོས་མིན་དེ། གོང་རིམ་གྱི་མགོ་ཁྲིད་ཚོས་ཇི་ལྟར་བཤད་ན་དེ་ལྟར་ངེས་པར་བསྒྲུབ་དགོས་ཀྱི་ཡོད།  བློ་བཟང་སེང་གེ་ཡིས་ཧོང་ཀོང་དཔེ་བརྗོད་བཞག་སོང་། ཡིན་ན་ཡང་། ཁྱོད་ཀྱིས་རྒྱ་གཞུང་གིས་ཧོང་ཀོང་ལ་དབང་བསྒྱུར་ཡོད་པར་ཧོང་ཀོང་མི་མང་གིས་དང་ལེན་བྱེད་པར་བརྗོད་ཐུབ་བམ། བྷེ་བྷེ་སིས་སྤེལ་བའི་བསྒྲགས་བྱང་དེས་བོད་མི་གཞོན་སྐྱེས་ཁ་ཤས་ལ་བློ་བཟང་སེང་གེ་ལ་དོགས་པ་དང་སྐྱོན་བརྗོད་ཡོང་བར་བཟོས་སོང་། དྲང་མོར་བཤད་ན། དེ་ནི་བརྒྱུད་ལམ་ཁག་ལ་གོ་ལོག་བྱུང་བའི་རིམ་པ་ཞིག་རེད།

དེ་ནས། རྒྱ་གཞུང་གིས་བློ་བཟང་སེང་གེ་ཡིས་བསྟན་པའི་གོང་ཚད་དེ་ལ་ཇི་ལྟར་ངོས་འཛིན་བྱེད་ཀྱི་ཡོད་དམ།  གོང་ཚད་དེ་སྔར་བཞིན་མཐོ་དྲགས་འདུག་དགོངས་ཀྱི་ཡོད་དམ། ཇི་ལྟར་མཐོ་དྲགས་པ་ཡིན་ནམ། ང་རང་གིས་ཚོད་དཔག་བྱེད་ཐུབ་མ་སོང་།

མ་རྩོམ་གྱི་འབྲེལ་ཐག http://2newcenturynet.blogspot.in/2013/06/blog-post_822.html

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 3

  1. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    དྷ་སའི་དབང་ཤེད་ཚོའི་ཁྲོད་ནས། སྲིད་སྐྱོང་བློ་སེང་ལ་མིང་རྫིག་པོ་ཙམ་རེད། བོད་ནང་གི་ར་སྡེ་དང་། དྷ་སའི་བློ་སེང་གཉིས་ལ་མིང་མཐོ་ཡང་། དབང་ཆ་སྤྱོད་པའི་ཐོབ་ཐང་མེད། གོང་གི་བཀའ་བརྒྱུད་བསྒྲགས་བྱེད་མཁན་ཙམ་རེད།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    བློ་སེང་ངར་ནས་སླེབས་སོང་།
    བོད་གཞུང་བསྐྱལ་ནས་འགྲོ་སོང་།
    རྒྱ་སྐད་མེད་པ་མ་གཏོགས།
    རྒྱ་མི་ཞིག་གི་ལྷག་རེད།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    སྐུ་ངོ་བློ་སེང་གིས་རང་ཉིད་མེད་པར་དུ་གཏོང་བཞིན་པས། བོད་ནང་ནས་མའོ་ཙེ་ཏུང་གི་བུ་ཞེས་འབོད་འགོ་ཚུགས་སྲིད་པར་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese