མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུའུ་ཀྲི་ཅིན་ལ་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་ལྕགས་ལམ་ལས་ཁུངས་ཀྱི་འགན་འཛིན་ལུའུ་ཡིས་འདས་པའི་ལོ་མང་རིང་དབང་ཆ་སྒེར་སྡོམ་དང་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་འོག་སྲོག་ཁྲིམས་བཅད་ཡོད་ཀྱང་། ཁོ་བོ་རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ཚོར་བརྒྱུད་ལག་དམ་པོ་ཡོད་སྟབས་མ་འོངས་པར་ཁྲིམས་ཆད་ལག་བསྟར་ཐུབ་མིན་བཤད་ཁག་པོ་ཆགས་ཡོད་འདུག

རྒྱ་ནག་དབུས་མེ་འཁོར་ལྕགས་ལམ་ལས་ཁུངས་ཀྱི་མགོ་ཁྲིད་ཟུར་པ་ལུའུ་ཀྲི་ཅིན་ཀྱིས་ཕྱི་ལོ་ ༡༩༨༦ ནས་ ༢༠༡༡ བར་གཞུང་གི་དབང་ཆ་སྒེར་སྤྱོད་ཀྱིས་རྒྱ་སྒོར་ས་ཡ་ ༦༤ ལྷག་ལྐོག་ཟ་བྱས་པ་དང་། བུད་མེད་མང་པོར་ལྐོག་འབྲེལ་གྱིས་སྤྱི་དངུལ་དུང་ཕྱུར་ ༣ ལྷག་བཏང་བ་སོགས་ཀྱི་ནག་ཉེས་འོག ཟླ་འདིའི་ཚེས་ ༨ ཉིན། རྒྱ་ནག་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལུའུ་ལ་ལོ་ ༢ ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་བཅད་ཡོད་པ་དང་། ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་ཕྱིར་བསྡུ་བྱས་ཡོད་པ་ལས། ལུའུ་ཡི་ཁྱིམ་ཚང་གི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བྱས་མེད་ལུགས་ཁྱབ་བསྒྲགས་བྱས་འདུག

ལུའུ་ཀྲི་ཅིན་ཕྱི་ལོ་ ༢༠༡༡ ཟླ་ ༢ ནང་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་གྱི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཞིག་ཏུ་བུད་མེད་གཞོན་ནུ་མ་གཉིས་དང་མཉམ་དུ་བསྡད་ཡོད་སྐབས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༠ ཉིན། པེ་ཅིན་གྲོང་ཁྱེར་མི་དམངས་ཞིབ་བཤེར་ཁང་གཉིས་པས་ལུའུ་ཡི་ནག་ཉེས་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ།  ཟླ་ ༦ ཚེས་ ༩ ཉིན་ཁྲིམས་བཤེར་བྱས་པ་བརྒྱུད་ལོ་ ༢ ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་ཐག་བཅད་ཡོད་པ་དང་། ཁྲིམས་ཞིབ་པས་ཝེ་བྷོ་དྲ་བའི་ནང་ལུའུ་ལ་རྒྱ་སྒོར་དུང་ཕྱུར་ ༨ ལྷག་གི་ཁང་པ་ཡོད་སྐོར་སོགས་བརྗོད་ཡོད་ཀྱང་། དེ་ཁོ་དང་འབྲེལ་བ་མེད་སྐོར་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་ན། ལུའུ་ལ་ཁྲིམས་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གཞུང་གི་དཔོན་རིགས་ཚོ་དང་མཉམ་འབྲེལ་རྒྱུན་སྲིང་ཡོད་སྟབས། ལོ་ ༢ ཕྱིར་འགྱངས་ཀྱི་སྲོག་ཁྲིམས་དེ་ཚེ་བཙོན་གྱི་ངོ་བོར་འགྱུར་རྒྱུ་ཡིན་པ་མ་ཟད། ཁོའི་བཙོན་ཁང་གི་འཚོ་བ་ཡང་སྔར་བཞིན་རྒྱས་སྤྲོས་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་སྐོར་དང་། ད་དུང་ལུའུ་ལ་རྒྱུས་མངའ་ཡོད་པའི་མི་ཞིག་གིས་མཐའ་མའི་ཁྲིམས་བཤེར་སྐབས། ལུའུ་ལ་ནག་ཉེས་ཀྱི་དཔང་རྟགས་ཆུང་ཆུང་འགའ་ཁྱེར་ཡོང་བར་གཞིགས་ན་རྒྱ་གཞུང་གིས་ཁོ་ལ་དངོས་སུ་སྲོག་ཁྲིམས་གཅོད་འདོད་མེད་པ་གསལ་བོ་ཡིན་པ་དང་། ཁོ་ལ་སྲོག་ཁྲིམས་མི་གཅོད་པའི་རྒྱུ་མཚན་ནི། ཧུའུ་ཅིན་ཐའོ་ཡི་བུ་ཧུའུ་ཧེ་ཧྥོང་དང་རྒྱ་ནག་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཝང་ཐའོ་གོ་ཡི་བུ་ཝང་ཆིན་ཉང་དང་འབྲེལ་བ་ཡོད་པ་དང་།  ད་དུང་ལུའུ་ལ་རྒྱབ་ལོགས་ནས་སྲུང་སྐྱོབ་བྱེད་པར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཡོད་སྐོར་སོགས་རྗོད་ཀྱི་འདུག 

ལུའུ་ཀྲི་ཅིན་ཕྱི་ལོ་ ༡༩༥༣ ཟླ་ ༡ ནང་རྒྱ་ནག་ཧོའུ་པའི་ཞིང་ཆེན་ཨི་ཀྲུའུ་ཡི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ༡༩༧༢ ལོའི་ཟླ་ ༢ པའི་ནང་རྒྱ་ནག་དབུས་ཏང་གི་སློབ་ཆེན་ནས་རབ་འབྱམས་པ་ཐོན་ཏེ་འཛུགས་སྐྲུན་གྱི་སློབ་སྟོན་པ་བྱས། ཕྱི་ལོ་ ༡༩༧༣ ཟླ་ ༨ ནང་གུང་ཁྲན་ཏང་ནང་ཞུགས་པ་དང་། ༢༠༠༣ ནས་ ༢༠༡༡ བར་རྒྱ་ནག་དབུས་མེ་འཁོར་ལྕགས་ལམ་ལས་ཁུངས་ཀྱི་མགོ་ཁྲིད་དང་། རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་ ༡༦ དང་ ༡༧ གྱི་རྒྱུན་ལས་བཅས་ཡིན་འདུག  

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ རྒྱ་ནག་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལུའུ་ལ་ལོ་ ༢ ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་བཅད་ཡོད་པ་དང་། ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་ཕྱིར་བསྡུ་བྱས་ཡོད་པ་ལས། ལུའུ་ཡི་ཁྱིམ་ཚང་གི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བྱས་མེད་ལུགས་ཁྱབ་བསྒྲགས་བྱས་འདུག ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese