ཉིན་འདི་འགར་རྒྱ་ནག་ནང་དྲག་ཆར་བསྟུད་མར་བབས་ཏེ་ཆུ་ལོག་གི་གནོན་འཚེ་ཤུགས་ཆེན་ཐེབས་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་ཆེ་ཁག་ཏུ་གནམ་གྲུ་དང་མེ་འཁོར་སོགས་ཀྱི་འགྲིམ་འགྲུལ་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག
ཉེ་ལམ་ཕྱི་ཟླ་དྲུག་པ་ཡས་མས་ནས་རྒྱ་ནག་པེ་ཅིན་དང་ཁྲིན་ཏུའུ། ཀུང་ཏུང་སོགས་སུ་དྲག་ཆར་བསྟུད་མར་བབས་ཏེ་གནམ་གྲུ་དང་མེ་འཁོར་སོགས་ཀྱི་འགྲིམ་འགྲུལ་ཐོག་གནོད་སྐྱོན་ཐེབས་ཡོད་པ་དང་། ལྷག་པར་དུ་ཟླ་འདིའི་ཚེས་ ༧ ཉིན་ནས་བཟུང་སི་ཁྲོན་ཞིང་ཆེན་ཅཱང་ཡོས་གྲོང་ཁྱེར་དང་མེན་ཡཱང་གྲོང་ཁྱེར་གཉིས་ཀྱི་གྲོང་བརྡལ་མང་པོའི་ནང་དྲག་ཆར་ཤུགས་ཆེན་བབས་ཏེ། ཁ་སང་ཕྱི་དྲོར་ཅང་ཡོས་གྲོང་ཁྱེར་གྱི་ལོ་ངོ་ ༤༤ ལྷག་གི་ལོ་རྒྱུས་ཡོད་པའི་ཆིན་ཉན་ཟམ་ཆེན་ཆུས་ཁྱེར་ཡོད་པ་དང་། དེ་བཞིན། མེན་ཡཱང་གྲོང་ཁྱེར་མེན་ཡན་གྱི་གཡག་སྣ་ཟམ་ཆེན་དང་ཤིན་ལོང་ཀོང་ཤིན་ཟམ་ཆེན་གཉིས་ཀྱང་ཆུས་ཁྱེར་ཡོད་འདུག
གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་དྲག་ཆར་ཆུ་ལོག་ཁྲོད་རླངས་འཁོར་ཆེ་ཆུང་ ༡༠ ཙམ་དང་མི་ ༦ གར་སོང་ཆ་མེད་དུ་གྱུར་བ་དང་། ད་སྔ་རྒྱ་སྒོར་ས་ཡ་ ༨༠ (8000万元)ཙམ་གྱི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་སྐོར་དང་། ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ། ཆུ་དང་མེ་ཡི་གནོད་འཚེ་སྔོན་འགོག་ལས་ཁུངས་ཁག་གི་མི་སྣ་བཅས་ཁྱོན་མི་གྲངས་ ༢༠༠༠ ལྷག་གིས་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཙམ་ལས། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མི་ག་ཚོད་ཤི་རྨས་བྱུང་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་བཀོད་མི་འདུག
རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འགའ་ཆུས་བསྣུབས་ན་ཏག་ཏག་རེད། གྲོང་ཁྱེར་ནང་གི་མི་ཚོགས་ལ་དཀའ་ངལ་ཆུང་ཞིང་དངུལ་དངོས་འབད་པོ་ཡོད་པས། གྲོང་གསེབ་དང་མཐའ་ཁུལ་གྱི་མི་སེར་ལ་དམངས་རང་བཞིན་གྱིས་མཐོང་ཆུང་ཁྱེད་གསོད་ཡོད་ཡོད་པ་རེད། གང་ལྟར་ཆུ་ལོག་མང་ཙམ་རྒྱུགས་ན་བཟང་།
གཡག་སྣ་ཟམ་ཆེན་ཟེར་བ་དེ་རྒྱ་ཡིག་ནང་ཅི་ལྟར་བྲིས་འདུག་གམ། བོད་མིང་ལོས་ཡིན་བསམ་མོད། ཚོད་ཀིས་ཐིག་མ་སོང་།