མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་སྲིད་གྲོས་ཀྱི་མགོ་འཁྲིད་ཡིས་ཀྲིན་ཧྲིན་མདོ་སྨད་བླ་བྲང་དགོན་པར་གཟིགས་སྐོར་བྱས་ཏེ། རྒྱ་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་བརྟན་ཞིང་གསལ་བོ་ཡིན་ཞེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཁྲིད་ཡིས་ཀྲིན་ཧྲིན་(俞正声)བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་དགོན་གཙོ་བོར་གྱུར་བའི་ཤང་དང་གྲོང་བརྡལ་ཁག་ཅིག་གི་སློབ་གྲྭ་དང་བཟོ་གྲྭ་སོགས་སུ་ལྟ་སྐོར་དུ་སོང་སྟེ། རྒྱ་གཞུང་གིས་༸གོང་ས་མཆོག་ལ་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་པར་སྔར་བཞིན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། བོད་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་གཏོང་བའི་ལས་གཞི་གལ་ཆེན་གཉིས་ཤུགས་ཆེར་སྤེལ་ཏེ་འཚོ་བ་ཡར་རྒྱས་ཕྱིན་ཚེ། བོད་རིགས་མི་མང་སྔར་ལས་ཏང་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྦྲེལ་ཐུབ་པའི་སྐོར་སོགས་བརྗོད་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ། ཡིས་ཀྲིན་ཧྲིན་བླ་བྲང་དགོན་དུ་འབྱོར་ཏེ། དགོན་པའི་གནད་ཡོད་མི་སྣ་དང་ཐུག་འཕྲད་སྐབས་བརྗོད་དོན། “ ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་དུས་ཡུན་རིང་པོ་ནས་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། རྒྱལ་ཡོངས་མི་མང་གི་ཐུན་མོང་ཁེ་ཕན་ལ་གཏོར་བཤིག་བཏང་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་ལ་རྒྱབ་འགལ་བྱས་ཡོད། ཏཱ་ལའི་བླ་མའི་བོད་ཆེན་པོའི་ཚད་མཐོའི་རང་སྲིད་རང་སྐྱོང་དམིགས་འབེན་དུ་བཟུང་བའི་དབུ་མའི་ལམ་ནི། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་གཉིས་དང་འགལ་ཟླ་ཡིན་པ་དང་། རྒྱལ་ཁབ་གཅིག་གྱུར་དང་བོད་ཁུལ་འཕེལ་རྒྱས་བརྟན་ལྷིང་ཡོང་ཕྱིར། ངེས་པར་དུ་མངོན་གསལ་དོད་པོས་ཏཱ་ལའི་རུ་ཚོགས་ལ་འཐབ་རྒོལ་གཏིང་ཟབ་བྱེད་དགོས་ཤིང་། ཏང་གི་སློབ་གསོའི་ལམ་སྟོན་འོག་བོད་བརྒྱུད་ནང་བསྟན་གྱི་མི་སྣས་ཆབ་སྲིད་ཐད་ཏཱ་ལའི་བླ་མ་དང་དབྱེ་མཚམས་གསལ་བོ་བཟོས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཚང་མར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། རྒྱ་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་བརྟན་ཞིང་གསལ་བོ་ཡིན། ཏཱ་ལའི་བླ་མས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཡོངས་ཁྱབ་གསལ་བཤད་དང་། བོད་རང་བཙན་གྱི་ལངས་ཕྱོགས་དོར་ཞིང་། མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་འགུལ་རིགས་མཚམས་འཇོག་བྱས་ཚེ། ད་གཟོད་རྒྱ་ནག་དབུས་གཞུང་དང་འབྲེལ་བ་ལེགས་བཅོས་བཏང་ཡོད་པར་བཤད་ཆོག ” ཅེས་བརྗོད་ཡོད་པ་དང་། ད་དུང་རྒྱལ་གཅེས་ཆོས་གཅེས་ཀྱི་ཤེས་ལྡན་དགེ་འདུན་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཚུལ་སོགས་བརྗོད་ཡོད་འདུག

གཞན་ཡང་། ཡིས་ཀྲིན་ཧྲིན་བླ་བྲང་(王格尔塘)གྲོང་བརྡལ་དཀྱིལ་སྙིང་སློབ་ཆུང་དུ་ཕྱིན་ཏེ་དགེ་སློབ་ཚོར་གཏམ་བཤད་བྱས་དོན། “ གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་ཡར་རྒྱས་གཏོང་དགོས་ལ། སྐད་གཉིས་སློབ་གསོ་ཡིས་མ་འོངས་པར་སློབ་མའི་མདུན་ལམ་ལ་ཕན་ཐོགས་ཆེན་པོ་ བསྐྲུན་ཞིང་། མི་རིགས་བར་རྒྱུས་ལོན་དང་མཐུན་སྒྲིལ་གོང་འཕེལ་དུ་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཐུབ་སྟབས། ཕྲུ་གུའི་དུས་ཀྱི་སློབ་གསོ་ནས་མགོ་བརྩམས་ཏེ་སྐད་གཉིས་སློབ་གསོ་རྩ་འཛིན་བྱེད་དགོས། ” ཞེས་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 16

  1. བོད་ཀྱི་བུ། says:
    ལོ་ 13 སྔོན།

    བསྟན་ཆོས་ལགས། བཙན་བྱོལ་གྱི་དྲ་འབུ་ཁ་ཤས་ཀྱི་རྒྱ་ནག་གི་སྲིད་ཇུས་ཤེས་སམ། ཁྱེད་རང་ལྟ་བུས་ཀུན་མཁྱེན་བླ་མའི་མཛད་པ་ལ་ལྟ་ཤེས་སམ། ཕྱོགས་རུས་པ་སོ་སོ་ཡིན་པ་མི་ཤེས་སམ།ལྷ་སའི་སྲིད་ཇུས་ནི་རྡ་སའི་གནམ་གཤིས་དང་མི་གཤིས་ལྟ་བུ་འགྱུར་ཆོག་ཆོག་ཡིན་ནམ།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ད་འགྲིག་མི་འདུག གདོད་མ་ནས་བོད་རྒྱ་ཁོངས་ཡིན་པར་ངོས་ལེན་བྱེད་དགོས་ལབ་ཀྱི་འདུག་གཱ ད་ཡིན་ན་ཆ་ཚང་ངོས་ལེན་དུ་བཅུག མཐའ་མ་དེར་འདི་འདྲའི་ལགས་སོ་ཟེར་ཡུལ་མེད་པ་ཞིག་ཏུ་བཏང་སོང་། ད་ཚར་ཤག

    Reply
  3. བསྟན་ཆོས། says:
    ལོ་ 13 སྔོན།

    བོད་ཀྱི་བུས་ཝེ་འཕྲིན་ལམ་དུ་སྐྱག་མགོ་རྩྭ་འགེབ་ཀྱིས་ཀུན་མཁྱེན་ཡག་མདོག་གི་གཡོ་རྫུན་དེ་གཞི་ལ་གཞག་ནས་དུས་བབ་ལ་སྐྱོན་བརྗོད་པ་ག འགྲིག ཡ་འོ་ན། ཕྱོགས་ཡར་མར་གྱི་དྲ་རྒྱ་གང་དུ་འདུག་གམ། དོན་དངོས་སུ་ལྷ་སའི་སྲིད་ཇུས་ལྷོད་མེད་པས་གཡོ་བཤད་ཡིན་པ་སུ་མི་ཤེས།

    Reply
  4. sangkye says:
    ལོ་ 13 སྔོན།

    ག་རེ་ཡིན་ན་ཧ་གོ་གི་མི་འདུག། དུས་ཚོད་གཅི་ག་གི་ནང་ལ་གསར་འགྱུར་མི་འདྲ་བ་ཁག་མང་པོ་ཡོངས་ཀྱི་འདུག དེ་ག་རེ་རེད་ཟེར་ན་གསར་འགོད་པའི་སྐྱག་རྫིན་བཤད་གྱི་ཡོད་པ་རེད།་ འདི་འདྲའི་རིགས་ལ་གསར་འགོད་པའི་ཧ་ཅིང་གཟབ་དགོས་པ་ཅིག་རེད། སོ་སོའི་པའ་ཁུག་ནང་ལ་བསམ་བློ་གཅིག་པོ་མ་བཏང་རོགས་གནང་ཟེར་ནས་འབོད་བསྐུལ་ཞུ་བ་ཡིན། འདི་འདྲ་བཤད་ན་རང་ལ་མི་ཕན་པ་དང་གཞན་ལ་གནོད་བྱེད་ན་མི་འགྲིག་གི། རང་གཞན་གཉིས་ཀྱིས་བྱ་བ་གང་ཅེས་པ་དེ་གནས་ལུགས་ཀྱི་དོན་དང་ལྡན་པ་ཞིག་བཤད་ན་རང་གཞན་གཉིས་ལ་ཕན་པ་ཏན་ཏན་ཡོངས་ཀྱི་རེད་མ་རྟོགས། སྐྱག་རྫིན་བཤད་ན་ཅི་ཡང་ཕན་གྱི་མ་རེད་གསར་འགོད་པ་ཚོ་ལགས།

    Reply
  5. བསྟན་ཆོས། says:
    ལོ་ 13 སྔོན།

    རྒྱ་རྒན་ཟུར་གྱི་གྲྭ་བ་དེ་སུ་རེད་དམ།

    Reply
  6. བསྟན་ཆོས། says:
    ལོ་ 13 སྔོན།

    བོད་ཀྱི་བུ་ལགས། སྐྱག་པས་རྐུབ་འགྱོག་ཨེ་ཐུབ་བསམ་མཁན་ཚོས་ཝེ་འཕྲིན་ནང་ལ་བསྐུར་བའི་ཕྱོགས་ཞེན་གཡོ་བཤད་དེ་འདིར་བཀོད་མ་ཡོང་རོགས་ཞུ།

    Reply
  7. བསྟན་ཆོས། says:
    ལོ་ 13 སྔོན།

    རྒྱལ་མཚན་ཚེ་རིང་གིས་ཝེ་འཕྲིན་ནང་གི་སྐྱག་རྫུན་ཞིག་འདི་ལ་གཡུག་འདུག ཀེ རང་གི་དེ་ཕར་འཁྱེར་རྒྱུགས

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ཟེར་བ་དེ་ལ་དྲི་བ་གཉིས་ཡོད།
    ༡༽ གལ་སྲིད་གསེར་སྡེར་ལགས་ཁྱོད་རང་ཀུན་མཁྱེན་རིན་པོ་ཆེ་ཡིན་པའི་དབང་དུ་དབང་དུ་བཏང་ན་ཁྱོད་ཀྱིས་རྒྱ་དཔོན་དེ་ལ་རྣམ་འགྱུར་ཅི་འདྲ་ཞིག་སྟོན་ས་རེད་དམ། ངས་བལྟས་ན་ཁྱོད་ཀྱིས་རྒྱ་དཔོན་དང་མཉམ་དུ་རྒྱ་གོས་མ་གཏོགས་བོད་གོས་མི་གྱོན་པར་ངེས་སོ་སྙམ། ངས་ནོར་བ་རེད་དམ།
    ༢༽ གལ་སྲིད་གསེར་སྡེར་ལགས་ཁྱོད་རང་སེར་འཕྲེང་དེའི་ཁྲོད་ན་ཡོད་པའི་གྲྭ་བ་ཞིག་ཡིན་ན་ཁྱོད་ཀྱིས་རྒྱ་དཔོན་དེའི་མཐོང་ས་དེ་ག་རང་དུ་རྒྱ་དཔོན་ལ་རྣམ་འགྱུར་ག་འདྲ་ཞིག་སྟོན་ངེས་ཡིན་ནམ། ཧཧཧཧཧཧཧཧཧཧཧཧཧཧ། རང་དབང་ལུང་པའི་ནངམིང་རྫུན་རེའི་འོག་ནས་ང་ཚཽས་འགན་ཁུར་མེད་པར་ཁ་ནང་ལ་ཡོང་ཚོད་བཤད་ན་སྤྱི་ཚོགས་ལ་ཕན་གནོད་གང་ཞིག་ཡོང་མིན་ཤོད་སླའོ།

    Reply
  9. བོད་ཀྱི་བུ། says:
    ལོ་ 13 སྔོན།

    ད་རེས་དུས་བབ་ཀྱི་གསར་འགྱུར་འདིར་ངོ་རྒོལ་ཡོད། ཕྱོགས་ཚང་མར་མིག་བཤེར་མི་བྱེད་པར་རྒྱ་དམར་གཞུང་གིས་གསར་འགྱུར་ལྟ་བུ་འགོད་པར་བློ་ཕམ་བྱུང་། དོན་ངོ་མར་འདི་འདྲ་ཞིག་ཀྱང་གོ་མེད་ནས་དེ་རིང་སྤྱི་ཟླ་ ༧པའི་ཚེས་ ༨ཉིན་གྱི་སྔ་དྲོ་དུས་ཚོད་དགུའི་སྟེང་རྒྱ་ནག་གི་ཆེས་མཐོ་དཔོན་རིགས་ 俞正声 བླ་བྲང་དགོན་པར་ཡོང་བ་དང་། དེ་ནས་བཞུགས་མོལ་ཚོགས་ཆུང་གི་སྐབས་གསུང་དོན་ངས་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་སྔོན་ཆད་ངོ་མི་ཤེས་ཀྱང་ད་ལོའི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་ཁོང་གིས་ང་ཚོར་ལྷ་སའི་སྲིད་ཇུས་ལྷོད་ཡངས་སུ་གཏོང་དགོས་པར་བཏོན་པའི་བསམ་འཆར་ལ་ང་ཚོས་གྲོས་བསྡུར་གྱིས་ཐག་གཅོད་བྱས་ནས་སྤྱི་ཟླ་དྲུག་པ་ནས་ལག་ལྟར་བྱེད་བཞིན་ཡོད་ཟེར་བ་དང་། བླ་མ་ཁོ་ནི་དྲང་བདེན་གྱི་སྐད་ཆ་གདོང་ཐུག་གིས་ཤོད་ཐུབ་མཁན་ཞིག་ཡིན་པས་འདི་རིགས་ནི་ནམ་ཡང་ང་ཚོའི་གྲོགས་པོ་བཟང་བོ་ཡིན་ཟེར་དང་། ད་དུང་ང་ཚོར་མ་འགྲིག་པ་ཡོད་ན་བཤད་ན་འགྲིག་རབས་བཤད་འདུག ཏཱ་ལའི་བླ་མར་བཟུང་བའི་ཆབ་སྲིད་ཀྱི་སྲིད་ཇུས་ལ་འགྱུར་བ་མེད་ཟེར། དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་ནས་ཀྱང་། ཁོ་རང་ཕེབས་པར་དགའ་བསུ་ཡོད་པ་དང་འབྲེལ། རང་ས་གནས་ལ་དཀའ་ཁག་གང་མང་ཞིག་འབྱུང་བཞིན་པར་གོང་རིམ་ནས་ཀྱང་གཟབ་གཟབ་བྱེད་དགོས་པ་སོགས་གསུངས།

    Reply
  10. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ད་ཡིན་ན་གཉིས་ཕན་དབུ་མའི་ལམ་གྱི་ལྟོ་ཟ་ས་མ་རེད། རེ་བ་མ་བྱེད་ཞང་རྒན་ཚོ། ཟམ་གདོང་བླ་མས་མགོ་སྐོར་བཏང་བ་ལ་མ་འཐོམས།

    Reply
  11. ནད་མེད་དྲ་འབུ། says:
    ལོ་ 13 སྔོན།

    ཀུན་མཁྱེན་་་་་རིན་པོ་ཆེ་་་་་་ ཁོ་ལ་གུས་ཞབས་ཀྱང་བྱེད་མི་ཐུབ་ལ་དད་པ་ནི་དེ་བས་བྱེད་ཐབས་བྲལ། སྨད་ར་བྱེད་ན་ནི་སྤུན་གྲོགས་རེ་ཟུང་ལ་འཕོག་འགྲོ དེར་ཁག་མེད། མི་ཟེར་བ་དེ་ཕྱོགས་ཞེན་ཅུང་ཟད་མེད་པ་ག་ལ་སྲིད། འོན་ཀྱང་གྲྭ་པ་དེ་ཚོ་སྙིང་རྗེ་་་་ སྤྱི་ཚོགས་ཀྱི་ཁ་རྡུང་་་་་་

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    འོ་ཡ། ད་བྱས་ན་དཔའ་ཆེན་ལགས། ཀུན་མཁྱེན་རིན་པོ་ཆེ་རྒྱ་དཔོན་གྱི་རྗེས་ན་ཕེབས་ཀྱིན་རྒྱ་དཔོན་ལ་ཅི་འདྲའི་གུས་བརྩི་ཆེ་མདོག་ལ། ཧ་ཧ། ད་དུས་ཚོད་མགོ་མཇུག་ལོག་པ་རེད་ཡང་ན། རྒྱ་དཔོན་དབང་ཐང་ཆེ་སོང་ནི་རེད། ཡང་ན་བླ་མ་གྲྭ་པ་སྲིད་དོན་མཁས་སོང་ནི་རེད།

    Reply
  13. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    ཚེ་རྡོར་དང་གསེར་སྡེར་ཞ་ར་ཡིན་ནི་མིན་ན་རྒྱ་དཔོན་རྗེས་ན་ཀུན་མཁྱེན་རིན་པོ་ཆེ་ཕེབས་ཀྱིན་པ་མཐོང་དགོས། གྲྭ་བ་ཚོས་མིག་གིས་སུ་ལ་ལྟོས་འདུག་ཞིབ་ཏུ་ལྟོས་ཤིག

    Reply
  14. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དཔར་རིས་ནང་གི་དགེ་འདུན་པ་དེ་ཚོས་དབུ་གུར་གུར་གྱིས་བཅོས་མའི་གུས་བརྩི་བླ་མེད་ཅིག་ཡོད་མདོག་བསྟན་པ་དེས་ལམ་དབུ་མའི་དགོངས་དོན་དང་ཡོངས་སུ་མཐུན་འདུག་སྙམ། ད་དུང་དམར་ཤོག་འགོ་གཙོས་ལག་ཕྱག་མཚན་བྱེད་སྟངས་འདིས་ལམ་དབུ་མ་ལམ་དུ་འགྲོ་ཡི་ཡོད་པ་འདྲ་ཞིག་མི་འདུག་གམ། འོན་ཀྱང་ཡ་མཚན་པ་ཞིག་ལ་དམར་ཤོག་པས་ནམ་ཡང་འགྱུར་མེད་དབུ་མ་པར་སྡང་མིག་དེ་ལྟར་བགྲད་དགོས་དོན་ག་རེ་ཡིན་ནམ།

    Reply
  15. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    པར་རིས་དེ་ལ་དཔྱད་པ་ཕྲན་ཙམ་བཏང་ན། དགེ་འདུན་པ་ཁ་ཅིག་གིས་དབུ་གུག་གུག་བྱས་ནས་དམར་ཤོག་གི་མགོ་འཁྲིད་དད་སེམས་བརྫུས་མའི་ཕྱག་རྒྱ་ཅན་ལ་གུས་ཉམས་སྟོན་པ་འདི་བཀྲ་མི་ཤིས་པའི་རྟགས་ཅིག་ཏུ་མཐོང་། གུས་ཉམས་དེའི་དོན་སྙིང་རྟོགས་དཀའ་བར་གདའ། མེ་མདའི་ཁ་གཏད་འོག་ནས་དེ་འདྲ་མ་བྱས་མཐུ་མེད་བྱུང་ན་ཅི་ཁག འོན་ཀྱང་། དགེ་འདུན་པ་ཞིག་གིས་ཕྱི་ནང་མི་མཐུན་པའི་བྱ་སྤྱོད་དེ་འདྲ་བསྟན་ན་ནི་བསླབ་པ་དང་འགལ་བར་སེམས། གལ་སྲིད་བསམ་པ་རྣམ་དག་གི་དམར་ཤོག་གི་དཔོན་པོ་གདུག་རྩུབ་ཅན་ལ་གུས་ཉམས་བསྟན་པ་ཡིན་ནའང་འགྲིག་མི་འདུག དེའི་རྒྱུ་མཚན་བོད་མི་བྱིངས་ཀྱིས་ལོས་མཁྱེན། གལ་སྲིད་དམར་ཤོག་གི་མགོ་ཁྲིད་དེའི་རྒྱབ་ན་ཕེབས་བཞིན་པའི་ཀུན་མཁྱེན་རིན་པོ་ཆེ་ལ་དད་གུས་ཀྱི་རྣམ་འགྱུར་བསྟན་པ་ཡིན་ན། དམག་ཤོག་དཔོན་པོ་གདུག་རྩུབ་ཅན་དེ་ཅུང་ཟད་ཕར་སོང་ཚར་རྗེས་སུ། ད་གཟོད་ཀུན་མཁྱེན་རིན་པོ་ཆེ་མཆོག་ཁོ་ནར་ཁ་གཏད་ནས་གུས་ཉམས་བསྟན་ན་ནོར་མི་འདུག འོན་ཀྱང་གུས་ཉམས་སྟོན་ཐབས་ལ་བློ་རིག་མ་བསྒྲིམས་པར་ནོར་འཁྲུལ་བྱུང་བས། རྒྱ་ནག་དམར་ཤོག་ལ་ཁོ་ཚོའི་བསམ་ཐོག་ཏུ་འཁེལ་བའི་འདྲ་པར་ཤུགས་རྐྱེན་ཤིན་ཏུ་བ་ཞིག་སྤྲད་འདུག དགེ་འདུན་པ་ཚོས་རྒྱ་ནག་དམར་ཤོག་གི་གཡོ་ཐབས་ལ་མ་གཟབ་པའི་དབང་གིས། མ་བསམ་ས་ན་རང་ཕྱོགས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་ནི་པར་འདིའི་བསླབ་བྱ་གཙོ་བོ་ཡིན་པར་འདོད།

    Reply
  16. རྒྱལ་མཚན་ཚེ་རིང་། says:
    ལོ་ 13 སྔོན།

    ཡ་མཚན་པ་ལ། རྒྱ་ནག་གཞུང་གི་དཔོན་རིགས་ནང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསམ་ཚུལ་མ་མཐུན་པ་རིགས་གཉིས་ཡོང་གི་ཡོད་ས་རེད། ངས་དེ་རིང་དྲ་འབྲེལ་ཁག་ཅིག་ནང་གནས་ཚུལ་འདི་འདྲ་ཞིག་མཐོང་སོང་། (གནས་ཚུལ་དེ་དངོས་བདེན་ཡིན་་མིན་མུ་མཐུད་ནས་བརྟག་དཔྱད་བྱེད་དགོས། དངོས་བདེན་ཡིན་དབང་དུ་བཏང་ཡང་སེམས་གཏིང་གི་སྐད་ཆ་ཡིན་མིན་མུ་མཐུད་ནས་བལྟ་ཞིབ་བྱེད་དགོས་ལས་སྤྱི་ཚོགས་འུད་སྒྲོགས་བྱེད་མི་རུང་།
    ད་ལྟ་རང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་རྒྱ་གྲོས་མོལ་མགྱོགས་པོ་བྱེད་འདོད་ཡོད་ཅེས་དང་། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ནི་གཅིག་གིས་གཅིས་ལ་གཉའ་གནོན་བྱེད་རྒྱུའི་དུས་རབས་ཤིག་མིན་པར་ངོས་འཛིན་ཡོད་པའི་ཐོག བོད་མི་རིགས་འདི་ཡང་རྒྱ་མི་རིགས་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་དགོས་ངེས་ཤིག་ཏུ་མཐོང་གི་ཡོད་ཅེས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུང་དོན་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་ཀྲུང་དབྱངས་ནས་བོད་ཞི་བའི་གཅིང་གྲོལ་བཏང་བ་ནས་བཟུང་བོད་རྒྱ་མི་རིགས་དབར་ཕན་ཚུན་རོགས་རོམ་དང་གཅིག་ཕན་གཅིག་གྲོགས་མང་པོ་བྱུང་ཡོད་ལ། མ་འོངས་པར་ཡང་སྔོན་ལས་ལྷག་པའི་འཁྱམ་མཐུན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཅེས་དང་། ཕྱིར་རྒྱལ་དུ་ཡོད་པའི་བོད་རིགས་སྶུན་ཟླ་ཡོངས་རྫོགས་ཕྱིར་རང་ཡུལ་དུ་ཕེབས་པར་དགའ་བསུ་ཡོད་ལ། འཛམ་གླིང་ཡོངས་ཀྱིས་བརྩི་ཡུལ་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་བརྩི་འཇོག་ཡོད་ལ་ཁོང་གིས་བཏོན་པའི་གཉིས་ཕན་དབུ་མའི་ལམ་ལ་མོས་མཐུན་ཡོད་པ་མ་ཟད་མི་རིགས་གཉིས་ཀར་ཕན་ཐོག་ཡོད་པ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་གསུངས། གནས་ཚུལ་འདི་ཤིང་ཧ་གསར་ཁང་ནས་ 2013 ཟླ་བདུན་པའི་ཚེས་ 10 ཉིན་ཐོན་པ་ཞིག་རེད་འདུག)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese