མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་ཕྱོཊ་ཡུལ་ཁག་གི་བོད་ཕྲུག་དང་བོད་ཀྱི་སྐད་ཡིག་རིག་གཞུང་།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཆུང་ཚེ་རིང་།

༅༅།། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་། བོད་མིའི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་པ་དང་མཉམ་དུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་འབྱུང་བཞིན་ཡོད། དེའི་ཁྲོད་ནས་གལ་འགངས་ཆེ་ཤོས་ཤིག་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོའི་བོད་སྐད་བོད་ཡིག་དང་རིག་གཞུང་གི་གནས་སྟངས་དེ་རེད།

ནུབ་ཕྱོགས་ཡུལ་ཁག་ནང་། ཕ་མ་མང་ཆེ་བ་འཚོ་ཐབས་ཀྱི་ཆེད་དུ་ཧ་ལམ་ཉིན་ལྟར་ལས་ཀ་བྱེད་དགོས་པ་དང་། ཉེ་འཁོར་དུ་བོད་མིའི་སྤྱི་ཚོགས་གཞི་རྒྱ་ཆེན་པོ་མེད་པ། རྒྱུན་ལྡན་སློབ་གྲྭའི་སློབ་ཁྲིད་ཀྱི་སྐད་བརྡ་ཡོངས་རྫོགས་བོད་སྐད་མིན་པ། གློག་བརྙན་དང་ཚགས་པར། དུས་དེབ་སོགས་མང་ཆེ་བ་ཡུལ་དེ་དང་དེའི་སྐད་ནང་ཡིན་པ། ཕ་མ་མང་པོས་ཁྱིམ་ཚང་ནང་དུའང་བོད་སྐད་བོད་ཡིག་སྤྱོད་རྒྱུར་དོ་སྣང་མི་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས། བོད་ཕྲུག་མང་པོས་བོད་ཡིག་འབྲི་ཀློག་ཐུབ་རྒྱུ་ལྟ་ཅི་བོད་སྐད་ཀྱང་ཡག་པོ་ཞིག་བཤད་ཤེས་ཀྱི་མི་འདུག

སྤྱིར་བཏང་བོད་རིགས་སྤྱི་མཐུན་ཚོགས་པ་ཡོད་ས་མང་ཆེ་བར་གཟའ་འཁོར་མཇུག་གི་གུང་གསེང་(གཟའ་མཇུག་)དུ་སོགས་ལ་བོད་སྐད་ཡིག་གི་འཛིན་གྲྭ་ཟུར་དུ་འཚོགས་བཞིན་ཡོད་པ་དེས་ནུས་པ་ཆེན་པོ་འདོན་བཞིན་ཡོད་ཀྱང་། ད་དུང་བསམ་གཞིགས་བྱ་དགོས་པའི་གནད་དོན་ཁ་ཤས་འདུག་པ་རྣམས་གཤམ་དུ་མདོར་བསྡུས་སུ་ཞུ་གི་ཡིན།

༡)  དམིགས་ཚད་གཏན་འཁེལ་དགོས་པ།

སྤྱིར་བཏང་སྐད་ཡིག་སློབ་ཁྲིད་བྱེད་སྐབས། སྐད་ཡིག་དེ་གོ་ཐུབ་པ་དང་། ཀློག་ཐུབ་པ། བཤད་ཐུབ་པ། འབྲི་ཐུབ་པ་བཅས་རྩ་བའི་དམིགས་ཚད་བཞི་རེད། རྒྱ་གར་དང་བོད་ནང་གི་བོད་ཕྲུག་ཚོར་སློབ་ཁྲིད་བྱེད་སྐབས། བོད་ཕྲུག་མང་ཆེ་བས་བོད་སྐད་གོ་ཐུབ་པ་དང་བཤད་ཐུབ་ཀྱི་ཡོད་སྟབས། བོད་ཡིག་ཀློག་ཐུབ་པ་དང་འབྲི་ཐུབ་པ་བྱ་རྒྱུ་དེ་བོད་ཡིག་སློབ་ཁྲིད་ཀྱི་དམིགས་ཚད་གཙོ་བོ་ཆགས་ཡོད།

འོན་ཀྱང་། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུས། གོང་གསལ་དམིགས་ཚད་བཟུང་ན་དངོས་ཡོད་ཀྱི་གནས་སྟངས་དང་འཚམས་ཀྱི་མེད་ཀྱང་། དགེ་རྒན་མང་ཆེ་བ་རྒྱ་གར་དང་བོད་ནང་ནས་སླེབས་པ་ཡིན་སྟབས། དམིགས་ཚད་དེ་རང་བཟུང་ནས་སློབ་ཁྲིད་བྱེད་ཀྱི་འདུག ང་རང་གི་ལྟ་སྟངས་ལྟར་ན། ནུབ་ཕྱོགས་ཡུལ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུས། དམིགས་ཚད་གཙོ་བོ་ནི། བོད་སྐད་བཤད་ཐུབ་པ་དང་གོ་ཐུབ་པ། བོད་ཡིག་ཀློག་ཐུབ་པ་བཟོ་རྒྱུ་དེ་གཙོ་གནད་དང་། དེའི་སྟེང་འབྲི་ཐུབ་པ་བྱུང་ན་ཡག་ཤོས་རེད། དེ་མིན་བོད་སྐད་རྩ་བ་ནས་བཤད་མི་ཤེས་པའམ་ཡག་པོ་བཤད་མི་ཤེས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཕྲུག་ཚོར། ཐོག་མ་ནས་སློབ་ཁྲིད་ཀྱི་དམིགས་ཚད་དེ་འབྲི་ཀློག་གཉིས་ཀྱི་སྒང་ལ་བཞག་སྟེ་སློབ་ཁྲིད་བྱས་ན། འབྲི་ཀློག་གཉིས་ཡག་པོ་མི་ཤེས་པ་མ་ཟད། བོད་སྐད་ཉན་བཤད་ཀྱང་མི་ཐུབ་པ་ཆགས་ཉེན་ཡོད།

༢) སློབ་ཁྲིད་ཀྱི་ཐབས་ལམ།

བོད་ཕྲུག་ཚོར་རང་གི་ཕ་སྐད་སློབ་ཁྲིད་བྱེད་སྟངས་ཐད། ཕ་སྐད་དེ་སྐད་ཡིག་དང་པོའི་ཚུལ་དུ་སློབ་པའམ། སྐད་ཡིག་གཉིས་པའི་ཚུལ་དུ་སློབ་པ་བཅས་ཐབས་ལམ་གཙོ་བོ་གཉིས་ཡོད། ནུབ་ཕྱོགས་ཡུལ་ཁག་ཏུ། ཐབས་ལམ་དེ་གཉིས་ལས་གང་ཞིག་འཛིན་དགོས་མིན་ཐད་ངོས་འཛིན་གསལ་པོ་མེད་སྟབས། བསླབ་ཡུལ་དང་སློབ་མཁན་གཉིས་ཀར་དཀའ་ངལ་འཕྲད་བཞིན་ཡོད། སྤྱིར་བཏང་རྒྱ་བལ་བོད་གསུམ་གང་རུང་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱས་ཏེ་ནུབ་ཕྱོགས་ཡུལ་ཁག་ཏུ་སླེབས་པའི་བོད་ཕྲུག་ཕུད། དེ་མིན་ནུབ་ཕྱོགས་ཡུལ་ཁག་གི་བོད་ཕྲུག་ཚོར། རང་གི་ཕ་སྐད་དེ་སྐད་ཡིག་དང་པོའི་ཚུལ་དུ་སློབ་ཁྲིད་བྱེད་པ་ལས། སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་བྱས་ན་ནུས་པ་ཆེ་བ་ཐོན་ཐུབ།

༣)  དགེ་རྒན་དང་སློབ་དེབ།

བོད་ཀྱི་སྐད་ཡིག་དེ། སྐད་ཡིག་གཉིས་པའི་ཚུལ་དུ་སློབ་དགོས་ན། བསླབ་གཞིའི་སློབ་དེབ་སྒྲིག་སྟངས་དང་། དེ་ཉིད་སློབ་ཁྲིད་བྱེད་ཚུལ་གཉིས་ནི་གལ་འགངས་ཆེ་ཤོས་ཡིན་རུང་། ད་ལྟ་རང་སྐད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་བྱེད་སྟངས་ཀྱི་སློབ་དེབ་ཚད་ལྡན་གཅིག་ཀྱང་མེད་ལ། དགེ་རྒན་ཚོར་ཡང་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་བྱེད་སྟངས་ཀྱི་སྦྱོང་བརྡར་ཐོབ་མེད།

༤) སྐད་ཡིག་མ་ཡིན་པའི་སློབ་ཚན།

ནུབ་ཕྱོགས་ཡུལ་ཁག་མང་པོའི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས། བོད་ཀྱི་སྐད་ཡིག་གི་འཛིན་གྲྭར་དོ་སྣང་བྱེད་པ་ལས། དེ་མིན་གྱི་ལས་རིམ་ཁག་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད། ཕྲན་གྱི་བསམ་པར་གཟའ་མཇུག་གི་འདུ་འཛོམས་དེར། སྐད་ཡིག་སློབ་སྦྱོང་ཙམ་མ་ཡིན་པར། ད་དུང་བོད་ཀྱི་ཞབས་གཞས་རོལ་དབྱངས་དང་། ཞལ་འདོན། རྩེད་མོ་སོགས་བྱེད་སྒོ་སྣ་འཛོམས་བཀོད་སྒྲིག་བྱས་ཏེ། བོད་ཕྲུག་ནང་ཁུལ་ཕན་ཚུན་ངོ་ཤེས་དང་འབྲེལ་གཏུགས་ཀྱི་གོ་སྐབས་བསྐྲུན་དགོས་པར་མ་ཟད། བོད་ཀྱི་རིག་གཞུང་གི་ཁོར་ཡུག་ཅིག་གི་ནང་རྩ་ཆེའི་གཟའ་མཇུག་དེ་སྤྲོ་སྣང་ངང་སྐྱེལ་དུ་འཇུག་དགོས་པ་གལ་ཆེན་པོ་རེད་སྙམ།

༥) སྒྲིག་འཛུགས་ཀྱི་ལམ་སྟོན།

ནུབ་ཕྱོགས་ཡུལ་ཁག་མང་ཆེ་བའི་བོད་མིའི་སྤྱི་ཚོགས་ནང་། གཟའ་མཇུག་ཏུ་བོད་ཀྱི་སྐད་ཡིག་གི་འཛིན་གྲྭ་གཉེར་གྱི་ཡོད་ཀྱང་། དེ་དག་ས་གནས་སོ་སོས་གཉེར་བ་ཞིག་ལས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་སྟོན་དང་བཀོད་འདོམས་འོག་གཉེར་བ་ཞིག་མ་རེད། དགེ་རྒན་མང་ཆེ་བར་མཚོན་ནའང་། བོད་ཀྱི་སྐད་ཡིག་གི་བྱང་ཚད་དང་ཉམས་མྱོང་ཡོད་པ་ཚོས། དང་བས་ཀུན་ནས་བླངས་ཏེ་སློབ་ཁྲིད་བྱེད་པ་ལས་གླ་ཕོགས་ཕུལ་ཏེ་བསྐོ་བཞག་བྱས་པ་མ་རེད། ས་གནས་ནས་རང་འགུལ་གྱིས་སྤེལ་བའི་འཛིན་གྲྭ་དེ་ཚོར་དགེ་མཚན་ཧ་ཅང་ཆེན་པོ་ཡོད་རུང་།  འཛིན་གྲྭ་དེ་ཚོར་སྤྱོད་པའི་སློབ་དེབ་དང་སློབ་ཐབས། སྐད་ཡིག་མ་ཡིན་པའི་སློབ་ཚན་གཞན་དག་བཀོད་སྒྲིག་བྱེད་སྟངས་བཅས་པར། ཐེག་པ་རིམ་འཛེགས་ཀྱི་གོ་རིམ་མེད་པ་དང་། དངོས་ཡོད་གནས་ཚུལ་དང་མི་འཚམས་པ། དམིགས་ཚད་ངེས་གསལ་མེད་པ་སོགས་ཀྱི་ཞན་ཆ་སྣ་ཚོགས་ཡོད་པ་གོང་དུ་ཞུས་པ་ལྟར་ཡིན། དེར་བརྟེན། ད་ཆ་ས་གནས་ཀྱིས་གཉེར་བའི་ལས་དོན་འདིས་ཕན་ནུས་སྔར་ལྷག་ཐོན་ཆེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་དཔྱད་ཞིབ་ཀྱིས་ལམ་སྟོན་དང་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་ཐུག་འདུག། །།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. བསྟན་ཆོས། says:
    ལོ་ 13 སྔོན།

    བསྔགས་བརྗོད་ཡོད། དཔྱད་བརྗོད་འདི་འདྲ་དགོས་གཏུག་གི་ཕན་པ་ཅན་རེད་བསམ་མོ།།

    Reply
  2. བསྟན་པ་དོན་གྲུབ། says:
    ལོ་ 13 སྔོན།

    སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་མོ་ཆུང་ཚེ་རིང་ལགས་ཀྱི་རྩོམ་ཡིག་ཁག་རེ་རེ་བཞིན་ཞིབ་ཚགས་ཀྱིས་ཀློག་གི་ཡོད། ཡིན་ནའང་བརྗོད་བྱའི་ཐད་ནས་མོས་མཐུན་བྱེད་ཐུབ་དང་མ་ཐུབ་ཡོང་གི་འདུག གོང་གི་རྩོམ་ཡིག་དེ་ལས་ཀྱང་སྒང་གི་ནུབ་ཕྱོགས་ཀྱི་བོད་ཕྲུག་ཚོས་བོད་ཡིག་བོད་སྐད་སློབ་སྐབས། འབྲི་ཀློག་ཉན་བཤད་བཞི་ལས་ཉན་བཤད་གཙོ་བོར་འཛིན་དགོས་ཀྱི་འདུག་ཟེར་བ་དེར་བསམ་ཚུལ་ཞུ་ཐུབ་མ་སོང་། ཡིན་ནའང་འོག་ཏུ་བོད་པའི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ཚུལ་དུ་སྦྱོང་དགོས་ཀྱི་འདུག་ཟེར་བ་དེ་ཕལ་ཆེར་ནུབ་ཕྱོགས་ཀྱི་བོད་པའི་ཕྲུ་གུ་བོད་སྐད་མགོ་འཚོས་ལ་མ་འཚོས་ལ་ཚང་མར་རང་བཞིན་གྱིས་སློབ་སྟངས་དེ་སྤྱོད་ཀྱི་ཡོད་པ་རེད་སྙམ། གང་ཡིན་ཟེར་ན་རྩ་བའི་སྐད་ཡིག་གང་ཞིག་བསླབ་དགོས་ན་སོ་སོའི་རྒྱུན་སྤྱོད་སྐད་དེ་བརྒྱུད་དེ་སྐད་ཡིག་གཉིས་པ་དེ་བསླབ་དགོས་པ་རེད་མ་གཏོགས་ཕ་རོལ་བོའི་དྲན་ངོས་ལ་འཇོག་སྟངས་ཡོད་པ་མ་རེད།

    Reply
  3. སངས་རྒྱས་རྡོ་རྗེ། says:
    ལོ་ 13 སྔོན།

    ཆུང་ཚེ་རིང་ལགས་ཀྱིས་དཔྱད་ཞིབ་གནང་བ་ཧ་ཅང་ཞིབ་ཚགས་དང་གོ་རིམ་ལྡན་པ་ཞིག་རེད། ཡིན་ནའང་བསྟན་དོན་གྱི་ཐད་ནས་ནུབ་ཕྱོགས་ཡུལ་ཁག་གི་བོད་ཕྲུག་ཚོར་བོད་པའི་སྐད་ཡིག་འཁྲིད་ཐབས་སྐོར་ལ་ཉན་བཤད་དང་། འབྲི་ཀློག་གཉིས་ལས་ཉན་བཤད་གཙོ་བོར་འཛིན་དགོས་ཀྱི་འདུག་ཟེར་བ་དེར་མོས་མཐུན་བྱེད་ཐུབ་མ་སོང་། གང་ཡིན་ཟེར་ན། བོད་སྐད་ཉན་བཤད་གོམས་ལོབས་སུ་འགྲོ་རྒྱུར་དུས་ཚོད་དང་ཁོར་ཡུག་ངེས་ཅན་ཞིག་དགོས་ཀྱི་ཡོད།

    ཉན་བཤད་ཐབས་ཆག་ཅིག་ཤེས་པ་ཙམ་གྱིས་བེད་སྤྱོད་ཀྱི་རིན་ཐང་མི་ལྡན་པ་མ་ཟད། མུ་མཐུད་ཡར་རྒྱས་འགྲོ་རྒྱུར་ཡང་དཀའ་ལས་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན་ཁོར་ཡུག་གི་ཆ་ནས་དུས་རྒྱུན་ཨམ་ཆོག་ནང་བོད་སྐད་བཤད་མཁན་དང་། ལས་ཀ་བྱེད་ས་དང་ཡར་མར་འགྲོ་སའི་ཉིན་རེའི་འཚོ་བའི་ནང་བོད་སྐད་བཤད་ས་ཧ་ཅང་དཀོན་པོ་ཆགས་ཡོད་སྟབས། སྐད་ཡིག་གང་ཞིག་ཡིན་རུང་དེར་སློབ་སྦྱོང་ཡར་རྒྱས་སུ་འགྲོ་བར་ཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་སྐད་དེ་ལ་ཁོར་ཡུག་བཟང་བོ་ཞིག་མེད་ན་སྐད་ཉན་བཤད་ཡག་པོ་ཞིག་ཡོང་རྒྱུ་ཕལ་ཆེར་མི་སྲིད་པ་ལྟ་བུ་རེད།

    དེ་བས་འབྲི་ཀློག་ཕྲན་ཙམ་བསླབ་ཐུབ་པ་ཡིན་ན། ཁོར་ཡུག་གི་ཐོག་ནས་ཉིན་ལྟར་ཕར་བཤད་ས་དང་ཚུར་ཉན་ས་མ་རེག་ཀྱང་། རང་སྐྱོང་ལ་བརྟེན་ཏེ་ཡར་རྒྱས་ཚད་ངེས་ཅན་གཏོང་ཐུབ་པ་མ་ཟད། བོད་རིགས་དང་བོད་པའི་རྩ་དོན་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན་ཚེ་བོད་ཡིག་ཕྲན་ཙམ་འབྲི་ཀློག་ཤེས་པ་དེར་བེད་སྤྱོད་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་པ་མ་ཟད། བོད་པར་ལར་ཞེན་དང་སོ་སོར་སློབ་སྦྱོང་གི་བརྩོན་པ་ཡོད་ན་རང་སྦྱོང་ལ་བརྟེན་ཏེ་ཡར་རྒྱས་སུ་རིམ་པས་གཏོང་ཐུབ་པ་ཞིག་རེད།

    རྩ་བའི་བོད་པ་ཚོས་རྒྱ་ཡིག་དང་དབྱིན་ཡིག ཧིན་རྡུ་སོགས་ལ་སློབ་སྦྱོང་བྱས་པའི་གནས་སྟངས་དང་ཁྱོན་ནས་མི་འདྲ། གང་ཡིན་ཟེར་ན། རྒྱ་གར་དང་ནུབ་ཕྱོགས་ཡུལ་ཁག་ནང་གི་བོད་མི་ཚོས་དབྱིན་ཡིག་སྦྱང་སྐབས་ཏན་ཏན་ཐོག་མ་ཉན་བཤད་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་གཅིག་ནས་སོ་སོའི་ལས་ཀ་དང་དགོས་མཁོའི་ཐད་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ལ། གཉིས་ནས་ཁོར་ཡུག་གི་ཆ་ནས་ཕར་བཤད་དང་དང་ཚུར་ཉན་ས་ཚང་མ་དབྱིན་སྐད་ཡིན་དུས་ཡར་རྒྱས་འགྲོ་རྒྱུ་ཅུང་སླ་བོ་ཡོད་པ་རེད། འབྲི་ཀློག་སྔོན་ལ་སྦྱང་པ་ཡིན་ན་རྩ་བའི་ཡག་པོ་ཡོད་ཀྱང་ཡར་རྒྱས་ཀྱི་འགྲོས་ཧ་ཅང་དལ་མོ་ཆགས་ཀི་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༣) དགེ་རྒན་དང་སློབ་དེབ།
    བོད་ཀྱི་སྐད་ཡིག་དེ། སྐད་ཡིག་གཉིས་པའི་ཚུལ་དུ་སློབ་དགོས་ན། བསླབ་གཞིའི་སློབ་དེབ་སྒྲིག་སྟངས་དང་། དེ་ཉིད་སློབ་ཁྲིད་བྱེད་ཚུལ་གཉིས་ནི་གལ་འགངས་ཆེ་ཤོས་ཡིན་རུང་། ད་ལྟ་རང་སྐད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་བྱེད་སྟངས་ཀྱི་སློབ་དེབ་ཚད་ལྡན་གཅིག་ཀྱང་མེད་ལ། དགེ་རྒན་ཚོར་ཡང་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་བྱེད་སྟངས་ཀྱི་སྦྱོང་བརྡར་ཐོབ་མེད། ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese