མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཁྲོན་མཛོད་དགེ་རུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རིང་གནས་ཚུལ་འབྱོར་གསལ་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༨།༤༠ ཡས་མས་སུ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག

དགེ་འདུན་པ་ཁོང་དེ་རིང་སྔ་དྲོར་དགོན་པའི་ཚོགས་གྲོལ་ནས་ཡོང་སྐབས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཁོང་ནི་ཐང་སྐོར་སོག་ཚང་སྡེ་བའི་ཕ་བསོད་ནམས་དཔལ་ལྡན་དང་མ་ལན་ཕྲུག་གཉིས་ཀྱི་བུ་ཡིན་འདུག དེ་རིང་ས་གནས་དེའི་ཨར་ཙཱ་ཏི་ཞེས་པའི་གནས་རིར་མང་ཚོགས་བསང་གསོལ་གཏོང་བའི་ཉིན་མོར་ཁེལ་ཡོད་ཀྱང་། གནས་ཚུལ་དེ་བྱུང་བ་ཐོས་འཕྲལ་མང་ཚོགས་དགོན་ནང་དུ་འབྱོར་ཏེ་ད་ལྟ་སྐྱ་སེར་ ༡༥༠༠ ལྷག་འཛོམས་ཡོད་པ་དང་། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་མང་པོ་བསླེབས་ཏེ་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག

ས་གནས་དེ་ཁུལ་གྱི་བརྒྱུད་ལམ་ཁག་སྔོན་མ་ནས་རྒྱ་གཞུང་གིས་དམ་དྲག་བྱས་ཡོད་པ་དང་། དེ་རིང་གནས་ཚུལ་དེ་བྱུང་རྗེས་བརྡ་འཕྲིན་ཁག་རྦད་དེ་བཀག་ཡོད་འདུག རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་རྗེས་རྒྱ་ནག་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་སྐུ་ཕུང་འཕྲོག་རྩིས་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཉེ་འགྲམ་གྱི་རྨ་ཆུར་བསྐུར་ཡོད་འདུག (གནས་ཚུལ་ཡོང་ཁུངས་གཞན་ཞིག་ཏུ། སྐུ་ཕུང་དགོན་ནང་དུ་གདན་ཞུས་ཀྱིས་གྲྭ་མང་གིས་བསྔོ་སྨོན་གསུང་བཞིན་ཡོད་ཚུལ་ཡང་འདུག)

རིམ་པ་གཉིས་པ། རྗེས་སུ་གནས་ཚུལ་ཐོན་པ་ལྟར་ན། སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་གི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་ཞོགས་པའི་ཚོགས་གྲོལ་ནས་ཡོང་སྐབས། ལམ་བར་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དགེ་འདུན་པ་ཚོས་མཐོང་དུས་མེ་ལྕེ་དྲག་པོ་འབར་བཞིན་པའི་གསེང་དུ་ཁོང་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་ངག་ནས་མང་པོ་ཞིག་རྗོད་ཀྱིན་ཡོད་ཀྱང་ཚིག་འབྲུ་གསལ་བོ་ཐོས་ཐུབ་མེད་པ་དང་། ཅུང་ཙམ་རྗེས་ཁོང་ས་ལ་འགྱེལ་རྗེས་གྲྭ་བ་ཚོ་གམ་དུ་བཅར་སྐབས་སྐུ་གྲོངས་ཚར་ཡོད་ཀྱང་ད་དུང་ཕྱག་གཉིས་དམ་པོར་ཐལ་མོ་སྦྱར་ནས་བཞུགས་ཡོད་འདུག

དེའི་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོས་དགོན་པ་བསྐོར་ཏེ་ཕུང་པོ་རྩིས་སྤྲོད་བྱེད་དགོས་ཚུལ་བརྗོད་ཡོད་པ་དང་། སྐབས་དེར་ས་གནས་དེ་ཁུལ་གྱི་མང་ཚོགས་ཀྱང་དགོན་ནང་དུ་འབྱོར་ཏེ་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ལྷ་ཁང་ཞིག་ཏུ་གདན་འདྲེན་ཞུས་ཏེ་གྲྭ་མང་གིས་བསྔོ་སྨོན་གསུངས་ཡོད་འདུག རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་ཚོ་དགོན་ནང་དུ་ཡོང་སྟེ་དྲག་ཤུགས་ཀྱིས་ཕུང་པོ་འཕྲོག་རྩིས་བྱེད་སྐབས། དགོན་པ་དང་ས་གནས་ཀྱི་གནད་ཡོད་མི་སྣ་སྐོར་ཞིག་གིས་ལྐོག་ནས་སྐུ་ཕུང་ས་གཞན་ཞིག་ཏུ་གནས་སྤོར་བྱས་ཏེ། རྒྱ་དམར་ཚོར་འདས་པོའི་ཕུང་བོ་རྨ་ཆུར་བསྐུར་ཚར་ཡོད་ཚུལ་བརྗོད་ཡོད་འདུག ད་ལྟ་ས་གནས་མི་མང་དཀྱུས་མ་ཚོས་ཀྱང་སྐུ་ཕུང་གར་བཞུགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

མདོ་སྨད་ལོ་རྒྱུས་ཆེན་མོ་ལྟར་ན། དགོན་འདིའི་མིང་ཆ་ཚང་ལ། བཀྲ་ཤིས་ཐེག་མཆོག་གླིང་ཟེར་ཞིང་། ཕྱི་ལོ་ ༡༦༥༨ ལོར་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞུ་བས་ཕྱག་བཏབ་གནང་ཡོད་འདུག ཆོས་བརྒྱུད་དགེ་ལུགས་ཡིན་ཞིང་། གསང་སྔགས་རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་སྐྱོང་ཞིང་། བཀའ་རམས། གསང་འདུས་བསྐྱེད་རྫོགས། ལམ་རིམ་བདེ་ལམ་བཅས་འཛིན་གྲྭ་བཞི་ཡོད་འདུག རིག་གསར་སྐབས་རྒྱ་ནག་གིས་བཅོམ་ཉུལ་བཏང་ཡོད་ཀྱང་ ༡༩༨༣ ལོར་ས་གནས་མི་མང་ཚོས་བསྐྱར་གསོ་གནང་སྟེ་ད་ལྟ་གྲྭ་མང་ ༣༠༠ ཡས་མས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 5

  1. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སྤུན་ཟླ་ཚོ་དེ་འདྲ་མ་གནང་རོགསས ངས་ཁྱེད་ཚོའ་དཀའ་ངལ་ཤེས་བཞིནཡོད་།འོན་ཀྱང་ད་ལྟ་མི་རིགས་དགོས་བའི་དུས་ཡིན་པའི་དེ་ལྟར་མ་གནང་རོགས་ཞེས་ལག་ཐལ་མོ་སྦྱོར་དེ་ཡང་ཡང་ཞུ །

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    རྭ་རྒྱ་བློ་དབང་ལགས་ཀྱི་གསུངས་པ་ལྟར། གསར་འགྱུར་འགོད་སྟངས་ལ་འགྱུར་བ་འགྲོ་སོང་། ཟི་ཁྲོན་མཛོད་དགེ་དང་། ཀན་སུའུ་བླ་བྲང་ཟེར་བ་སོགས་ཐ་སྙད་ཞེ་དྲག་མང་པོ་བེད་སྤྱོད་བཏང་གི་འདུག འཐབ་རྩོད་པ་ཞིག་གི་ངོས་ཐད་ནས་བསམ་བློ་བཏང་ན། རྒྱ་ནག་གི་ཆབ་སྲིད་ཀྱིས་དུམ་བཅད་བྱས་པའི་ཞིང་ཆེན་བགོ་སྟངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཅུང་མ་བདེ་ཞིག་རེད།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    གངས་ཅན་དཔའ་བོའི་དཔུང་གི་མུ་འཁྱུད་ཀྱིས། སྒང་བ་བོད་ལ་རང་དབང་བསྐྲུན་པར་ཤོག

    Reply
  4. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    ཟི་ཁྲོན་མཛོད་དགེ། རྒྱ་ནག་གི་ཅིག་གཟིགས་ཞིབ་གནང་། འཚམས་གཟིགས་མཛད་སོགས་ཇི་འདྲའི་ཞེ་ཚིག་མང་པོ་ཞིག་བཀོལ་གྱི་འདུག་ཨང་། ཡ་རབས་སྤྱོད་བཟང་ཟེར་ནོ་རེད་ཡ།

    Reply
  5. ཨ says:
    ལོ་ 13 སྔོན།

    ཨ་དཀོན་ཅོག་མཁྱེན། བོད་ཀྱི་དཔའ་བོའི་དཔའ་མོའི་སྐུ་དངོས་རིག་མི་ཉན་ནས་མ་ཚད། ལྷག་མའི་སྐུ་ཕུང་ཡང་དགྱ་སྤྲང་ཀན་ཚོའི་རྩ་ནས་། སྡུག་ལ་ཐུག་སྟེ་རྨ་ཆུར་སྐུར་དགོས་སོང་པ་དེ་རེད། ཕ་ཡུལ་དམྱལ་བར་ལོག་བསྡད་ཡོད་པ་ད་ཨེ་ཤེས་ཀི་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese