མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་གར་ནང་གཟིཊ་སྐོར།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨ་རིའི་སྲིད་འཛིན་གཞོན་པ་ཇོར་བྷ་ཌན་རྒྱ་གར་ནང་འབྱོར་ཏེ་རྒྱ་གར་གྱི་སྲིད་བློན་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དང་བདེ་སྲུང་སོཊ་ལ་གྲོས་བསྡུར་བྱེད་བཞིན་ཡོད་འདུག   

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་ཨ་རིའི་སྲིད་འཛིན་གཞོན་པ་ཇོར་བྷ་ཌན་ ( Joe Biden) ལགས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་གཟིགས་སྐོར་དུ་འབྱོར་ཏེ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེན་མཆོག་དང་མཇལ་འཕྲད་ཀྱིས། རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་དང་སྲིད་དོན་འབྲེལ་ལམ་ཇེ་ཟབ་དུ་གཏོང་ཕྱོགས་སྐོར་ལ་གྲོས་མོལ་གནང་ཡོད་པ་དང་། སང་ཉིན་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་བདེ་སྲུང་འབྲེལ་ལམ། ཨེ་ཤ་ཡའི་མངའ་ཁུལ་གྱི་བདེ་སྲུང་མཉམ་ལས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་བཅོག་ཐབས་བཅས་ཀྱི་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུག

ཚེས་ ༢༤ དང་ ༢༥ བཅས་ཉིན་གཉིས་རིང་གྲོང་ཁྱེར་བྷིམ་བྷེ་( Mumbai) ནང་ཕེབས་ཏེ། རྒྱ་གར་གྱི་ཚོང་ལས་སྡེ་ཚན་ཁག་གི་མི་སྣར་ཐུག་འཕྲད་དང་དུས་རབས་ ༢༡ ནང་ཨ་རི་དང་རྒྱ་གར་གཉིས་ཀྱི་ཚོང་འབྲེལ་སྐོར་ལ་གཏམ་བཤད་སྤེལ་འཆར་ཡོད་འདུག

ཐེངས་འདིར་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༡༠༠ ཙམ་གྱི་ཚོང་འབྲེལ་གན་རྒྱ་འཇོག་འཆར་ཡོད་ཀྱང་། ཨ་རིའི་གཞུང་གིས་རྒྱ་གར་ནང་མ་འོངས་པར་མཉམ་ལས་སྡེ་ཚན་མང་པོ་ཞིག་འཛུགས་ཐུབ་མིན་ཐོག་སེམས་ཁྲལ་བྱེད་བཞིན་ཡོད་འདུག དེ་སྔོན་སྲིད་འཛིན་བྷུ་ཤུའི་སྐབས་རྒྱལ་ཁབ་གཉིས་བར་ཉིང་རྡུལ་ཚོང་ལས་མགོ་ཚུགས་པར། ཨ་རིའི་གྲོས་ཚོགས་དང་རྡུལ་མཚོན་ལས་སྣོན་བྱེད་མཁན་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་ཡོད་ཀྱང་། རྒྱ་གར་གྲོས་ཚོགས་ཀྱིས་གྲོས་གཞི་དེར་རྒྱབ་སྐྱོར་ཐོབ་མེད་སྟབས་ཕྱིས་སུ་ལག་བསྟར་བྱེད་ཐུབ་མེད་པར་ལྷག་ཡོད།

ཨ་རིའི་དམག་དཔུང་གིས་ཨབ་གྷན་གཞུང་འཛིན་ཋ་ལེ་བྷན་( Taliban) ཚོགས་པ་མགོ་རྟིང་སློག་ཡོད་པ་དང་། ཨ་རིའི་དམག་དཔུང་ཨབ་གྷན་ནས་ཕྱིར་འཐེན་བྱས་ན་རྒྱ་གར་གཞུང་གིས་ཋ་ལེ་བྷན་ཚོགས་པའི་ཤུགས་རྐྱེན་ཨབ་གྷན་ནང་བསྐྱར་ལོག་རྒྱག་སྲིད་པའི་སེམས་ཁྲལ་བྱེད་ཀྱིན་ཡོད། ཋ་ལེ་བྷན་མགོ་རྟིང་སློག་རྗེས་རྒྱ་གར་གཞུང་གིས་ཨ་སྒོར་ཐེར་འབུམ་ ༢ ལྷག་ཨབ་གྷན་གཞུང་གསར་བར་རོགས་སྐྱོར་གནང་ཡོད་ཀྱང་། པ་ཀི་སི་ཐན་གཞུང་གིས་ཋ་ལེ་བྷན་ཚོགས་པ་བེད་སྦྱོད་བཏང་སྟེ་རྒྱ་གར་བདེ་སྲུང་ལ་འཇིགས་སྐུལ་བྱེད་སྲིད་པའི་དོགས་པ་བྱེད་བཞིན་ཡོད།

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་གར་ལ་གཟིགས་སྐོར་དུ་མ་འབྱོར་སྔོན་དུ་བཅར་འདྲི་ཞིག་གི་ལན་དུ། “ རྒྱ་གར་གཞུང་གིས་ཨབ་གྷན་ནང་གི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་ཡར་རྒྱས་སོགས་ལ་རོགས་སྐྱོར་གནང་བ་དེར་ཨ་རིའི་གཞུང་གིས་མངོན་སུམ་འཛེམ་མེད་ཐོག་རྒྱབ་སྐྱོར་བྱེད་རྒྱུ་ཡིན་”ཞེས་བརྗོད་འདུག

 

ཁོང་གི་ཐེངས་འདིའི་གཟིགས་སྐོར་ནི་ལོ་ངོ་ ༣༠ ཨ་རིའི་སྲིད་གཞོན་པ་རྒྱ་གར་ནང་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག རྒྱ་གར་གྱི་ལས་རིམ་གྲུབ་རྗེས་ཕྱི་ཚེས་ ༢༥ ཉིན་སིན་གྷ་པོར་བསྐྱོད་འཆར་ཡོད་པ་དང་། དེར་ཤར་ལྷོ་ཨེ་ཤ་ཡའི་མཚོ་གླིང་རྩོད་རྙོག་སྐོར་གྱི་གྲོས་མོལ་ཞིག་ཏུ་ཞུགས་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese