མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱིམ་ཐོ་མེད་མཁན་ས་ཡ་ ༡༣ འདུག

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སི་ཁྲོན་ཞིང་ཆེན་ཤེ་ཡཱོང་རྫོང་གི་བུ་མོ་རང་ལོ་ ༡༦ ཅན་ཞིག་ལ་མཐོ་འབྲིང་གི་ཡིག་རྒྱུགས་གཏོང་དུ་མ་བཅུག་པར་རང་ཤི་བརྒྱབ་ཡོད་འདུག

ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན། སི་ཁྲོན་ཞིང་ཆེན་ལོའུ་ཀྲུའུ་གྲོང་ཁྱེར་ཤེ་ཡཱོང་རྫོང་ཁྲི་ཧྲེ་ཞང་གི་རང་ལོ་ ༡༦ ཡིན་པའི་བུ་མོ་ཚེ་ཡཱན་ཆོང་ཟེར་བ་ཞིག་ལ། སྲིད་གཞུང་གིས་ཁྱིམ་ཐོའི་ནང་མེད་པར་བརྗོད་དེ་མཐོ་འབྲིང་གི་ཡིག་རྒྱུགས་ནང་འཛུལ་ཞུགས་བྱེད་བཅུག་མེད་སྟབས། བུ་མོ་དེས་ཞིང་སྨན་རིགས་ཤིག་བཟོས་ནས་རང་ཤི་རྒྱག་ཐབས་བྱས་སྐབས། དེ་མ་ཐག་ཕ་མ་གཉིས་ཀྱིས་ཤེས་ཏེ་སྨན་ཁང་དུ་ཁྲིད་དེ་སྲོག་ཉེན་ལས་ཐར་ཡོད་ཀྱང་། སྨན་ཁང་གིས་ཁོ་མོའི་གློ་བ་ལ་གནོད་སྐྱོན་ཐེབས་ཡོད་ལུགས་བརྗོད་ཡོད་འདུག

གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བུ་མོ་ཚེ་ཡཱན་ཆོང་གི་ཕ་མ་གཉིས་ལ་ཕྲུ་གུ་ ༢ ཡོད་པའི་ནང་ནས་ཁོ་མོ་ཆུང་བ་དེ་ཡིན་པ་དང་། རྒྱ་ནག་གཞུང་གི་ ‘འཆར་ལྡན་བུ་སྐྱེས’ ཟེར་བའི་སྒྲིག་ཁྲིམས་ལྟར་ན། ཁྱིམ་ཚང་གཅིག་ལ་བྱིས་པ་གཅིག་གི་གཏན་འབེབས་ལས་བརྒལ་ཡོད་སྟབས། ཕ་མ་གཉིས་ཀྱིས་བུ་མོ་ཁྱིམ་ཐོའི་ནང་འཇུག་ཐབས་ལ་འབད་བརྩོན་མང་པོ་བྱས་ཀྱང་སྲིད་གཞུང་གིས་སྤྲད་ཡོད་མི་འདུག ཐེངས་འདིར་བུ་མོ་དེར་གཅིག་ནས་འཆར་ལྡན་བུ་སྐྱེས་ཀྱི་སྒྲིག་ཁྲིམས་དང་འགལ་ཡོད་པ་དང་། གཉིས་ནས་ཕ་མ་གཉིས་ལ་གཉེན་སྒྲིག་དཔང་ཡིག་མེད་སྟབས་བུ་མོར་སྐྱེས་ཚེས་སོགས་ཀྱང་བཟོ་ཐུབ་མེད་སྟབས་ཐེངས་འདིར་ཡིག་རྒྱུགས་ནང་ཞུགས་རྒྱུ་བཀག་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཚོགས་པ་ཞིག་གིས་བརྗོད་པ་ལྟར་ན། ད་ལྟ་རྒྱ་ནག་ནང་མི་གྲངས་ས་ཡ་ ༡༣ ལྷག་ལ་ཁྱིམ་ཐོ་མེད་པ་དང་། དེ་དག་ལས་མང་ཆེ་བ་འཆར་ལྡན་བུ་སྐྱེས་ཀྱི་གཏན་འབེབས་ལས་བརྒལ་བའི་བྱིས་པ་དང་གཞོན་སྐྱེས་ཡིན་སྟབས། ཁང་ས་བགོ་འགྲེམས་དང་སློབ་གྲྭར་འགྲིམས་པ་སོགས་ཀྱི་གོ་སྐབས་མེད་པ་ཆགས་ཡོད་འདུག

དེའི་ཐད་རྒྱ་ནག་ཀང་ཏུང་ཞིང་ཆེན་གྱི་ཁྲིམས་རྩོད་པ་གྲགས་ཅན་ཐང་ཅིན་ལིན་གྱིས་བརྗོད་དོན། “ རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཁྲིམས་ཀྱི་མདུན་སར་སྤྱི་དམངས་འདྲ་མཉམ་ཡིན་ཞེས་བཀོད་ཡོད་པ་ལྟར། ས་ཆའི་བདག་དབང་དང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་གཉིས་སྤྱི་དམངས་ཀྱི་ཁེ་ཕན་བཙན་འཕྲོག་བྱེད་པར་ཁ་གཡར་ས་ལྟ་བུ་ཞིག་ཏུ་གྱུར་མི་རུང་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ག་འདྲ་ཞིག་ཡིན་ནའང་རྩ་ཁྲིམས་ཀྱི་གཏན་འབེབས་དང་འགལ་མི་རུང་། ཡིན་ནའང་དེང་སྐབས་རྒྱ་ནག་ནང་རྩ་ཁྲིམས་དང་འགལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་རིགས་བྱུང་བ་ཧ་ཅང་ཚབས་ཆེ་ལ། ཆེས་བཅོས་དཀའ་བའི་གནད་དོན་ཞིག་རེད། ” ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

སྐར་མ ༡༤ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

སྐར་མ ༡༩ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

སྐར་མ ༣༩ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༢༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༢༤ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese