ས་མིག་གསལ་བསྒྲགས།
བོད་ཀྱི་དུས་བབ་གསར་ཁང་ལ་གསར་འགོད་པ་གཉིས་ཀྱི་ས་མིག་ཡོད་སྟབས། ལས་གནས་འདིར་ཞུགས་འདོད་ཡོད་རིགས་ཚོས་འོག་གི་ཆ་རྐྱེན་ལྟར་སྙན་ཞུ་འབུལ་དགོས།
༡། བོད་ཡིག་གཙོ་བོར་བྱས་ཏེ་དབྱིན་ཡིག་དང་རྒྱ་ཡིག་གང་རུང་རང་སྐྱ་འཕེར་བ།
༢། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པའམ། ཡང་ན། ཐོ་ཁོངས་སུ་ཡོད་པ།
༤། ལས་ཁུངས་གཞན་དུ་ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཁུངས་དེ་ནས་དགག་བྱ་མེད་པའི་རྒྱབ་གཉེར་ཡི་གེ་ཡོད་པ།
༥། ཉུང་མཐར་ཡང་ལོ་གསུམ་རིང་བོད་ཀྱི་དུས་བབ་ལས་ཁུངས་སུ་ཞབས་ཞུ་སྒྲུབ་ཐུབ་པ།
ཐུགས་འདོད་ཡོད་རིགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༠ འགྱངས་མེད་འདི་གར་སྙན་ཞུ་འབུལ་རྒྱུ་དང༌། སྙན་ཞུ་དང་མཉམ་དུ་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་སོགས་ཀྱི་ལག་འཁྱེར་གང་ཡོད་སྦྲགས་ཐོག་དང་གློག་འཕྲིན་གང་རུང་ནས་བསྐུར་ཆོག་ལ། དོ་བདག་གི་ཁ་བྱང་དང༌། གློག་འཕྲིན་ཁ་བྱང༌། ཁ་པར་ཨང་བཅས་གང་ཡོད་སྙན་ཞུ་དང་མཉམ་དུ་བསྐུར་ཡོང་བ་ཞུ།
བོད་ཀྱི་དུས་བབ་གསར་ཁང་ནས།