དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ སྟེང་། ངྷ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་དབུ་འཛུགས་གནང་འདུག
ད་རེབ་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གསར་པ་དྲུག་བསྐོ་བཞག་གནང་ཡོད་པ་དག་ནི། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ཕྱི་དྲིལ་དྲུང་ཆེ་བཀྲ་ཤི་ཕུན་ཚོགས་ལགས། སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་ལགས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་བཅས་ཡིན་འདུག
གཞན། ད་རེབ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་རྔ་པ་ཚེ་རྒྱམ་ལགས། བོད་མི་མང་སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། འཆར་འགོད་ལས་ཁུངས་ཀྱི་ཟུང་དྲུང་འབུམ་རམ་པ་དཀོན་མཆོག་བརྩོན་གྲུས་ལགས། བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་འཇིགས་མེད་པ་སངས་ལགས། བཀའ་དྲུང་ཡིག་ཚང་གི་སྐལ་བཟང་ཚེ་རིང་ལགས་བཅས་འཛོམས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་ལྟར་ན། ཐེངས་འདིའི་ཉིན་གསུམ་རིང་གི་གྲོས་གཞི་གཙོ་བོ་དག་ནི། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་བསྐྱར་ཞིབ་གོ་བསྡུར་གནང་རྒྱུ་དང་། བོད་རྒྱ་འབྲེལ་མོལ་གྱི་ཐབས་ལམ་སོགས་ཀྱི་སྐོར་ཡིན་ཞིང་། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་དམིགས་ཡུལ་སྐོར་ལ། “འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀའི་མོས་མཐུན་ཐོག་སེལ་རྒྱུའི་ཐབས་ལམ་དང་སྲིད་བྱུས་ཐོག་ལམ་སྟོན་རོགས་ཕན་ཡོང་ཆེད་ཡིན” ཞེས་བཀོད་འདུག
དེ་སྔའི་ “བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ”ཞེས་པ་དེ། ཐེངས་འདིར་ “བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ”ཞེས་མིང་བསྒྱུར་གནང་འདུག་ལ། ཐེངས་འདིར་བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་ཡིན་མིན་སྐོར་གསལ་ཁ་མི་འདུག
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།། ལྷག་པར་དུ་ད་རེས་རྒྱ་ཡིག་རྒྱ་སྐད་མཁྱེན་མཁན་མང་པོ་འདུག
1.ཀུན་དགའ་བཀྲ་ཤིས།
2.རྔ་པ་ཚེ་རྒྱམ།
3.ཟླ་བ་ཚེ་རིང་།
4.འཕགས་པ་ཚེ་རིང་།
5.བདེ་སྐྱིད་ཆོས་དབྱིངས།
6.མགོན་པོ་མཚོ།
གོང་གི་དེ་དག་ལས་ཀུན་དགའ་བཀྲ་ཤིས་དང་རྔ་པ་ཚེ་རྒྱམ། འཕགས་པ་ཚེ་རིང་། ཟླ་བ་ཚེ་རིང་སོགས་ཀྱིས་བཙན་བྱོལ་བོད་གཞུང་ནང་རྒྱ་ཡིག་རྒྱ་སྐད་ཐོག་ཕྱག་ལས་རྒྱུན་རིང་པོར་གནང་མྱོང་མཁན་གྱི་མི་ཉམས་མྱོང་ཤེས་འཇོན་གཉིས་ཀ་འཛོམས་ཡོད་མཁན་དག་ཡིན། ཁྱེད་ཅིག་གི་ལས་དོན་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་ལམ་ཡོད།
ཚོགས་མི་གསར་བ་རྣམ་པ་དྲུག་པོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁོང་རྣམ་པའི་མཛད་འཕྲིན་ལ་རྐྱེན་ངན་གང་གིས་བར་ཆད་མེད་པར་སྨོན།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ཕྱི་དྲིལ་དྲུང་ཆེ་བཀྲ་ཤི་ཕུན་ཚོགས་ལགས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་བཅས་ཚོགས་མི་གསར་པ་བཞི་དེ་ཤིན་ཏུ་ལེགས།
སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་ལགས་གཉིས་ནི་གྲངས་ཀ་ཙམ་ལས་ཕན་ནུས་གང་ཡང་ཐོན་གྱི་མ་རེད། ལྷག་དོན་ཕར་སིའི་དབུ་མའི་ལམ་གྱི་སྲིད་ཇུས་ཇི་ཙམ་ཤེས་རྟོགས་མེད་ཐེ་ཚོམ་རེད།
འབྲེལ་མོལ་ལས་དོན་ཚོགས་ཆུང་ནང་དབུ་མའི་ལམ་གྱི་སྲིད་ཇུས་གཏིང་ཟབ་པོའི་ཤེས་རྟོགས་མེད་མཁན་དང་འདིའི་སྐོར་གཏམ་བཤད་བྱེད་མི་ཐུབ་མཁན་གྲས་སུ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས།
བོད་མི་མང་སྤྱི་ཟུར་རྨེའུ་མགོན་པོ་མཚོ།
སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན།
འཆར་འགོད་ལས་ཁུངས་ཀྱི་ཟུང་དྲུང་འབུམ་རམ་པ་དཀོན་མཆོག་བརྩོན་གྲུས།
ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས
སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་བཅས་རེད།
བོད་ཀྱི་དུས་བབ་ཚང་གིས་དོན་དག་གི་གནད་འགག་ཟིན་འདུག གསར་འགྱུར་བརྒྱུད་ལམ་གཞན་མང་པོ་ཞིག་ཏུ་ཚོགས་མི་གསར་པ་དྲུག་བསྐོས་འདུག་ཅེས་ཧ་ལས་མདོག་བྱེད་ཀྱིན་འདུག བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཁག་ལ་གཟིགས་དང་ཚོགས་མིར་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད།
ད་རེས་དུས་བབ་ཚང་གི་གསར་འགྱུར་གྱི་མཇུག་ཏུ་ (དེ་སྔའི་ “བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ”ཞེས་པ་དེ། ཐེངས་འདིར་ “བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ”ཞེས་མིང་བསྒྱུར་གནང་འདུག་ལ། ཐེངས་འདིར་བོད་རྒྱ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་ཡིན་མིན་སྐོར་གསལ་ཁ་མི་འདུག)ཞེས་བཀོད་འདུག་པ་དེ་དངོས་གནས་དྲང་གནས་གསར་པ་རེད། དེ་ལ་དགོངས་པ་བཞེས་རྒྱུ་མང་པོ་ཞིག་མེད་འགྲོ་སྙམ། ཚང་མས་དགོངས་པ་བཞེས་གནང་རོགས།