མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སློབ་གསོའི་ཐོག་གཙོ་ཕལ་མགོ་མཇུག་བརྗེས་པའི་སྐྱོན་མང་པོ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་ནས་བཟུང་ནོར་གླེང་མཐོ་སློབ་འཐོན་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གཞུང་འབྲེལ་ངོས་འཛིན་ཐོག་རབ་འབྱམས་པའི་ལག་འཁྱེར་སྤྲོད་མགོ་བཙུགས་ཡོད་སྟབས། འདི་གའི་གསར་འགོད་པས་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། སློབ་སྤྱི་གསར་པར་འཚམས་འདྲི་དང་བཅས་མཐོ་སློབ་འདི་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས་ཞུ་རྒྱུ་ཡིན།

ལན། ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གཉེར་ཁང་འདི་ནི། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་དང་ལྕམ་སྐུ་ཀིམ་ཡེ་ཤེས་གཉིས་ཀྱིས་ ༡༩༩༧ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན་དབུ་འབྱེད་གནང་སྟེ་ད་བར་ལོ་ ༡༦ ཙམ་འགྲོ་བཞིན་ཡོད། སྐབས་ལྔ་པ་སློབ་ཐོན་ཟིན་ཏེ་ད་ལྟ་སྐབས་ ༦ པའི་ལེགས་བྱང་མཐོ་རམས་པའི་འཛིན་གྲྭ་འགྲོ་བཞིན་པ་དང་། མཐོ་སློབ་ཁང་འདིའི་སློབ་ཡུན་ལོ་ངོ་གསུམ་དང་། འཛིན་གྲྭ་ལོ་རིམ་གསུམ་བཅས་ཡོད་པ་རེད། དངོས་གཞིའི་སློབ་ཚན་གཙོ་བོ་ཁག་ནི། བོད་ཀྱི་སྐད་བརྡ་རིག་པ་དང་སྒྲ་རིག་པའི་གཞུང་ལུགས། སྲོལ་རྒྱུན་སྙན་གཞུང་དང་དེང་རབས་རྩོམ་རིག སྐད་ཡིག་གཉིས་པ་དབྱིན་ཡིག་དང་སྐད་ཡིག་གསུམ་པ་རྒྱ་ཡིག་འགྲོ་བཞིན་ཡོད། ཟུར་སྣོན་སློབ་ཚན་ཁག་ནི་བོད་ཀྱི་གསོ་བ་རིག་པ་དང་། ནུབ་ཕྱོགས་མཚན་ཉིད་རིག་པ། བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་ཚུལ་སོགས་ཡོད།

དྲི་བ། མཐོ་སློབ་དེ་བཙུགས་པའི་དམིགས་ཡུལ་གཙོ་བོ་དང་མཐོ་སློབ་ཀྱི་མཐུན་རྐྱེན་གཙོ་བོ་གང་ནས་རག་གི་ཡོད་དམ།

ལན། མཐོ་སློབ་འདི་ཐོག་མར་གསར་འཛུགས་སྐབས་རྒྱ་གར་དང་བོད་ཕྱི་ལོགས་སུ་གདན་ས་ཁག་དང་དགོན་པའི་ཟུར་གཏོགས་ཁོར་ཡུག་ཙམ་ལས། བོད་ཀྱི་མཐོ་རིམ་སློབ་གསོའི་ཆེད་ལས་སྡེ་ཁག་ཅིག་ཐོན་རྒྱུར་རེ་བ་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། དེའི་ཕྱིར་བོད་ཀྱི་སྲོལ་རྒྱུན་ལེགས་བྱང་དང་རིག་གཞུང་ཐོག་མཐོ་རིམ་སློབ་སྦྱོང་ཐོན་ཐུབ་པ་དང་། རིག་གཞུང་ཆེད་ལས་ཅན་ཡོང་ཐུབ་ཆེད། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གིས་བཙན་བྱོལ་ནང་སྟོང་ཆ་འདི་ཁ་སྐོང་གནང་བ་རེད། མཐོ་སློབ་ཁང་འདིའི་མཐུན་རྐྱེན་ཆ་ཚང་ནོར་གླིང་གཞུང་གི་ཡིག་ཚང་ནས་གཏོང་གི་ཡོད་པ་རེད། འདིའི་ནང་གཙོ་བོ་དགེ་ལས་ཀྱི་གླ་ཆ་དང་སློབ་མའི་བཞེས་ལག སྨན་ཡོན། ཟླ་རེའི་གྲོན་དངུལ་སོགས་ཚུད་ཀྱི་ཡོད་པ་རེད། དེ་བཞིན་རང་གཞུང་ཤེས་རིག་ལས་ཁུངས་ནས་ཀྱང་སློབ་ཕྲུག་གྲངས་བཅུའི་སློབ་ཡོན་གནང་མུས་སུ་ཡོད། 

དྲི་བ། ད་སྔ་ཐོན་ཟིན་པའི་སློབ་ཕྲུག་དག་གི་ཤེས་ཡོན་གནས་ཚད་དང་ཁོང་ཚོའི་ཕྱག་ལས་གནང་སྟངས་གང་འདྲ་ཡོད་དམ།

ལན། སྐབས་དང་པོ་ནས་སྐབས་ལྔ་པ་བར་བསླབས་པ་མཐར་སོན་པའི་སློབ་ཕྲུག་ ༡༠༠ ལྷག་ཟིན་པ་དང་། ཁོང་ཚོ་བོད་ཕྱི་ནང་གཉིས་སུ་རིག་གཞུང་གི་ཕྱག་ལས་གནང་བཞིན་པ་དང་དགེ་རྒན། ཉམས་ཞིབ་པ། རྩོམ་པ་པོ་སོགས་ཀྱི་རྐང་འཛིན་ཕྱག་ལས་གནང་ཐུབ་པ་མང་པོ་རེད། སྐབས་དྲུག་པའི་སློབ་མ་དེ་ཚོ་མཐར་ཕྱིན་ནས་དུས་ཚོད་རིང་པོ་སོང་མེད། ཁོང་ཚོར་འབྲིང་རིམ་དགེ་རྒན་འོས་སྦྱོང་ཐོན་ཡོད་པ་རེད། དེ་བཞིན་མཐོ་སློབ་ཁང་འདི་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་དགེ་རྒན་མང་པོ་ཞིག་གཏོང་གི་ཡོད་པ་རེད། ས་ཁུལ་དེ་ནི་ལོ་རྒྱུས་ཁྲོད་བོད་སྐད་ཡིག་གི་གཞི་ཁྱོན་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད། མ་འོངས་པར་ཡང་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཁོར་ཡུག་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་ངེས་བརྟན་རེད། 

དྲི་བ། ད་ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ནོར་གླིང་མཐོ་སློབ་གཞུང་འབྲེལ་ངོས་འཛིན་གནང་ཡོད་པ་ཞིག་ཐོས་བྱུང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 

ལན། མཐོ་སློབ་ཀྱི་ངོས་ནས་ཐེངས་མང་པོར་ཤེས་རིག་ལས་ཁུངས་ལ་ཞུ་སྙན་ཕུལ་ཏེ། ཤེས་ཡོན་རྟོག་ཞིབ་ཚན་པ་རིམ་པར་བཏང་སྟེ་མཐོ་སློབ་ཁང་འདིའི་སློབ་འཇུག་བྱེད་སྟངས་དང་སློབ་ཚན། དགེ་རྒན་བཅས་ལ་ཞིབ་འཇུག་གནང་པ་བརྒྱུད་གཞུང་འབྲེལ་ངོས་འཛིན་ཐོབ་པ་རེད། ད་ལོའི་ཕྱི་ཟླ་ ༥ པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འདི་གའི་མཐོ་རིམ་ལེགས་བྱང་རབ་འབྱམས་པའི་ལག་འཁྱེར་ལ་གཞུང་འབྲེལ་ངོས་འཛིན་གནང་སྟེ། ལག་འཁྱེར་ཐོག་ཤེས་རིག་དྲུང་ཆེའི་ལས་ཐམ་དང་མཚན་རྟགས་བཀོད་ཡོད་པ་རེད། ལག་འཁྱེར་དེ་དབྱིན་ཡིག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) དང་། ལག་འཁྱེར་འདི་བརྒྱུད་རྒྱ་གར་མཐོ་སློབ་ཁག་ཅིག་ཏུ་གཙུག་ལག་རབ་འབྱམས་པ (MA) འདོན་ཐུབ་ཀྱི་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ངོས་འཛིན་དེས་བོད་ཀྱི་རིག་གཞུང་ལས་དོན་ཐོག་ཕན་ཐོགས་རྒྱ་ཆེན་པོ་ཡོང་རྒྱུ་དང་། དམིགས་བསལ་འདི་ནས་ཐོན་པའི་མཐོ་རིམ་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་མཁན་ཚོར་ལས་ཀའི་གོ་སྐབས་དང་ཆེ་མཐོང་ཐོག་ཕན་ཐོགས་ཆེན་པོ་ཡོད་པ་རེད།

དྲི་བ། ཤེས་རིག་ལས་ཁུངས་ཀྱིས་ངོས་འཛིན་གནང་རྗེས་སློབ་ཚན་དང་བྱེད་སྒོ་ཁག་ལ་འགྱུར་བ་དེ་འདྲ་ཕྱིན་ཡོད་དམ། 

ལན།  རྩ་བའི་ཆ་ནས་མཐོ་སློབ་ཀྱི་སློབ་ཚན་གཙོ་བོ་ཁག་དང་ཟུར་སྣོན་སློབ་ཚན་སོགས་ལ་འགྱུར་བ་གང་ཡང་ཐེབས་ཡོད་པ་མ་རེད། ཡིན་ནའང་མཐོ་སློབ་ཀྱི་ཁོར་ཡུག་དང་བསླབ་གཞིའི་རྩ་འཛིན། མཐོ་སློབ་ཁང་དུ་སློབ་འཇུག་སྐབས་ཀྱི་སྒྲིག་གཞི་སོགས་ ༢༠༠༡ ལོའི་ཟླ་ ༤ ཚེས་ ༢༡ ཉིན་ཤེས་རིག་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་འགྲོ་དགོས་པ་དང་། མཐོ་སློབ་འདིའི་འགན་འཛིན་ལྷན་ཚོགས་དང་ཤེས་ཡོན་ལྷན་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སོགས་ངེས་པར་དུ་ཡོད་དགོས་པ་རེད།

དྲི་བ།  བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྤྱི་མཚུངས་ལྟར། ལོ་འདི་གར་ནོར་གླིང་མཐོ་སློབ་ཏུ་སློབ་ཞུགས་སྙན་ཞུ་འབུལ་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་ཞིག་གོ་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། སློབ་ཕྲུག་འཛུལ་ཞུགས་ཀྱི་གྲངས་ཀའི་ཕྱོགས་ནས་དཀའ་ངལ་ཡོད་པ་གཅིག་མཚུངས་རེད། དེའི་རྒྱུ་རྐྱེན་གཙོ་བོ་བོད་ནས་སློབ་ཕྲུག་ཡོང་ཐུབ་ཀྱི་མེད་པ་དང་། རྒྱ་གར་ཙམ་མ་ཟད་བོད་ནང་ནའང་བོད་མིའི་གྲངས་ཀ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། བཙན་བྱོལ་ནང་སྐྱེས་པའི་བོད་ཕྲུག་ཚོས་རང་གི་སྐད་ཡིག་རིག་གཞུང་ཐོག་སློབ་སྦྱོང་གི་ཆ་ཤས་དེ་ཙམ་ལེན་ཐུབ་ཀྱི་མེད་པ་འདྲ། ཡིན་ནའང་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཚོའི་འབྲི་རྩོམ་དང་སྐད་ཡིག་གཉིས་པའི་གནས་ཚད་སྔོན་མ་ལས་ཡག་ཏུ་འགྲོ་བཞིན་འདུག   

དྲི་བ།  ཁྱེད་རང་གསར་དུ་བསྐོས་པའི་སློབ་སྤྱི་ཞིག་ཡིན་པའི་ཆ་ནས་མ་འོངས་པར་སློབ་གྲྭའི་འཛིན་སྐྱོང་དང་སློབ་གསོའི་ཐབས་ལམ་ལ་འཆར་གཞི་གསར་པ་གང་དག་ཡོད་དམ།  

ལན། དེང་སྐབས་གདན་ས་ཁག་གི་གྲྭ་པའི་གྲངས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། བོད་ཕྱི་ནང་གི་ན་གཞོན་རྩོམ་པ་པོ་ཚོར་བསམ་ཚུལ་ཙམ་ལས་རིག་པའི་གཞུང་ལུགས་ཀྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ། མང་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་ཀྱི་ཀླད་རྩ་འགུལ་མེད་དུ་བསྡད་ཡོད་པ་སོགས་ལ་བལྟས་ཡོང་ན། དུས་རབས་འདི་བོད་སྐད་ཡིག་དང་རིག་གནས་ཀྱི་དུས་རབས་མཐའ་མ་དེ་མིན་འགྲོ་སྙམ་པའི་བློ་འཚབ་ཡོང་གི་འདུག དེའི་འབྱུང་རྩ་བོད་ཕྱི་ནང་གི་སློབ་གསོའི་ཁོར་ཡུག་གི་ལས་འཆར་མང་པོའི་ནང་ནོར་འཁྲུལ་ཆེན་པོ་ཤོར་གྱི་ཡོད་པ་དང་། ཤེས་ཡོན་པ་ཚོས་ལས་དོན་བྱེད་སྟངས་དེ་སྤྲང་པོས་ཉིན་ཟས་སློང་སྟངས་འདྲ་བོ་མང་བ། དགོས་ངེས་དང་གཙོ་ཕལ་རྦད་དེ་མགོ་མཇུག་བརྗེས་པ་ལྟ་བུའི་སྐྱོན་མང་པོ་མཐོང་གི་འདུག དེར་བརྟེན། མ་འོངས་པར་མཐོ་སློབ་འདི་ནས་སློབ་ཕྲུག་ཚོར་གྲགས་ཅན་མཁས་པའི་བསྟན་བཅོས་དང་གཞུང་ལུགས་ཐོག་སློབ་སྦྱོང་ཚད་ལྡན་སྤྲོད་ཐུབ་པ་དང་། ཞིབ་འཇུག་གི་རྩ་འཛིན་སྒྲིག་གཞི་དང་ཐབས་ལམ་གྱི་ཉམས་ཞིབ་ཤེས་ཡོན་ཚད་ལྡན་སྤྲོད་ཐུབ་པ། ཤེས་ཡོན་རིན་ཐང་དང་ཤེས་ཡོན་ལྟ་གྲུབ་རིང་ལུགས་ཚད་ལྡན་འཛིན་གནས་ཐུབ་པ་སོགས་ཀྱི་ཐོག་ལ་ལས་འཆར་ཁག་ཅིག་མཁས་པ་རྒན་རབས་པ་ཚོ་དང་མཉམ་འབྲེལ་ཐོག་འགྲོ་ཐུབ་ན་བསམ་གྱི་ཡོད།

གསར་འགོད་པ།  པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 5

  1. སྲས་ལྡན་མ་རྩེ་མང་། says:
    ལོ་ 13 སྔོན།

    དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱིས་མཐོ་སློབ་ཀྱི་སྡེ་ཁག་མཉམ་ཕྱག་ལས་འདི་ལྟར་རྒྱ་ཆེ་རུ་བཏང་བ་འདིས། བོད་ཀྱི་རིག་གཞུང་ཁོར་ཡུག་དང་རིག་གཞུང་ལས་དོན་ལ་མཐུན་འགྱུར་དང་བོད་སྐད་ཡིག་ཚེ་སྲོག་གསོན་གནས་ཐུབ་རྒྱུར་ཕན་ཐོགས་རྒྱ་ཆེན་པོ་ཡོང་རྒྱུ་དང་། མི་རབས་གསར་པ་ཚོར་བོད་སྐད་ཡིག་དང་བོད་རིག་པའི་རྣམ་གྲངས་མང་པོར་ཆེད་ལས་ཅན་ཡོང་རྒྱུར་སྒོ་འབྱེད་ཆེན་པོ་ཞིག་རེད།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    “བོད་ཕྱི་ནང་གི་ན་གཞོན་རྩོམ་པ་པོ་ཚོར་བསམ་ཚུལ་ཙམ་ལས་རིག་པའི་གཞུང་ལུགས་ཀྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ། མང་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་ཀྱི་ཀླད་རྩ་འགུལ་མེད་དུ་བསྡད་ཡོད་པ་སོགས་ལ་བལྟས་ཡོང་ན། དུས་རབས་འདི་བོད་སྐད་ཡིག་དང་རིག་གནས་ཀྱི་དུས་རབས་མཐའ་མ་དེ་མིན་འགྲོ་སྙམ་པའི་བློ་འཚབ་ཡོང་གི་འདུག
    དེའི་འབྱུང་རྩ་བོད་ཕྱི་ནང་གི་སློབ་གསོའི་ཁོར་ཡུག་གི་ལས་འཆར་མང་པོའི་ནང་ནོར་འཁྲུལ་ཆེན་པོ་ཤོར་གྱི་ཡོད་པ་དང་། ཤེས་ཡོན་པ་ཚོས་ལས་དོན་བྱེད་སྟངས་དེ་སྤྲང་པོས་ཉིན་ཟས་སློང་སྟངས་འདྲ་བོ་མང་བ། དགོས་ངེས་དང་གཙོ་ཕལ་རྦད་དེ་མགོ་མཇུག་བརྗེས་པ་ལྟ་བུའི་སྐྱོན་མང་པོ་མཐོང་གི་འདུག
    དེར་བརྟེན། མ་འོངས་པར་མཐོ་སློབ་འདི་ནས་སློབ་ཕྲུག་ཚོར་གྲགས་ཅན་མཁས་པའི་བསྟན་བཅོས་དང་གཞུང་ལུགས་ཐོག་སློབ་སྦྱོང་ཚད་ལྡན་སྤྲོད་ཐུབ་པ་དང་། ཞིབ་འཇུག་གི་རྩ་འཛིན་སྒྲིག་གཞི་དང་ཐབས་ལམ་གྱི་ཉམས་ཞིབ་ཤེས་ཡོན་ཚད་ལྡན་སྤྲོད་ཐུབ་པ། ཤེས་ཡོན་རིན་ཐང་དང་ཤེས་ཡོན་ལྟ་གྲུབ་རིང་ལུགས་ཚད་ལྡན་འཛིན་གནས་ཐུབ་པ་སོགས་ཀྱི་ཐོག་ལ་ལས་འཆར་ཁག་ཅིག་མཁས་པ་རྒན་རབས་པ་ཚོ་དང་མཉམ་འབྲེལ་ཐོག་འགྲོ་ཐུབ་ན་བསམ་གྱི་ཡོད།”
    ཅེས་གནས་ལུགས་དང་བདེན་པའི་གསུང་བཤད་གནང་བར་བཀའ་དྲིན་ཆེ་ཞུ།

    Reply
  3. བྱ་ཐུང་། says:
    ལོ་ 13 སྔོན།

    ཤེས་རིག་ལས་ཁུངས་ཀྱིས་བྱེད་སྟངས་འདི་ངོ་མ་ཁྱད་མཚར་བོ་ཞིག་འདུག
    ངོས་འཛིན་ཡོད་མེད་ཀྱི་ཐད་ལ་དེ་སྔོན་ང་ཚོས་ཤེས་རིག་ལས་ཁུངས་ཀྱི་བཀྲ་ཤིས་དོན་འགྲུབ་ལགས་ལ་ནོར་གླིང་སློབ་ཁང་འདི་བཞིན་མཐོ་སློབ་ཅིག་ལ་ངོས་འཛིན་མི་བྱེད་པའི་རྒྱུ་མཚན་འདྲི་སྐབས་”ངོས་ལེན་བྱེད་པ་ལ་དཀའ་ངལ་ཞིག་ཡོད་རེད་”ཟེར་བ་ལས་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མི་མི་འདུག ལ་ལས་བཤད་ན་ནོར་གླིང་གི་བདག་དབང་གི་ཐད་ལ་གཞུང་སྒེར་གྱི་རྩོད་རྙོག་ཅིག་ཡོད་པས་ཡིན་ཟེར། གང་ལྟར་ཤེས་རིག་གིས་གོ་སྒྲིག་བྱས་པའི་ལས་རིམ་ནང་ལ་འཛུལ་ཞུགས་བྱེད་མཁན་མང་དུས་ནོར་གླིང་མཐོ་སློབ་ཀྱི་ལག་ཁྱེར་ངོས་ལེན་མི་བྱེད་པ་དང་འཛུལ་ཞུགས་བྱེད་མཁན་ཉུང་དུས་ཏན་ཏན་ངོས་ལེན་གྱི་ཡོད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ནོར་གླིང་རང་གཞུང་གིས་༼ངོས་ལེན་བྱེད་མ་ཤེས་༽ པར་ད་བར་དུ་ལུས་སོང་བ་རེད། དེ་རིང་གསར་འགྱུ་འདི་མཐོང་ནས་སེམས་གཏིང་ནས་དགའ་བྱུང་།
    བོད་ཀྱི་མཐོ་སློབ་ཁག་ངོས་ལེན་ཡོད་མེད་དེ་ཐོག་མར་རང་གཞུང་ལ་ཐུག་འདུག དེ་ནས་གཞན་གྱི་སྒེར་གཞུང་གང་ལ་སྟོན་དགོས་ནའང་རན་པོ་དང་འཚམ་པོ་འདུག རང་གི་ཚོགས་སྡེ་དང་གཞུང་གིས་ངོས་ལེན་ལེན་མེད་པར་གཞན་གྱི་ངོས་ལེན་བྱས་ཡོང་ན་ང་ཚོ་ངོ་ཚ་བོ་འདུག
    དཔེར་ན། ལོ་དུ་མའི་སྔོན་དུ་ས་ར་མཐོ་སློབ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་ཁྱེར་སྤྲད་པ་དེ་ཚོ་བོད་གཞུང་སྨན་རྩིས་ཁང་ནས་ངོས་ལེན་མ་བྱས་པར་རྙོག་དྲ་ཆགས་མྱོང་ཡོད། འོན་ཀྱང་ས་ར་མཐོ་སློབ་ཀྱིས་སྤྲད་པའི་རིག་གནས་རབ་འབྱམས་པའི་ལག་ཁྱེར་དེ་རྒྱ་གར་གཞུང་གིས་ངོས་ལེན་དང་རྒྱབ་སྐྱོར་ཆ་ཚང་བ་ཡོད་པའི་ཧིན་དྷུ་གཙུག་ལག་སློབ་ཆེན་ནས་ངོས་ལེན་གནང་སོང་བ་རེད། འདི་ངོ་ཚ་བ་ཞིག་རེད།
    ཡང་གསལ་བོར་ཞུ་རྒྱུ་ཞིག་ལ། ང་ཚོའི་བོད་ཀྱི་གཞུང་སྒེར་མཐོ་སློབ་དེ་ཚོས་མཐར་ཕྱིན་ལག་ཁྱེར་སྤྲོད་ལ་བོད་ཡིག་གི་དེ་ནས་དབྱིན་ཡིག་ནང་དུའང་དེང་གི་རྒྱལ་ཁབ་གཞན་གྱིས་སྤྲོད་ཀྱིན་པའི་སློབ་ཐོན་ཤེས་ཚད་BA MA སོགས་གང་ཡིན་དང་། སློབ་ཚན་གང་ཞིག་གི་ཐོག་ལ་སློབ་ཐོན་བྱུང་བའང་གསལ་བོར་འདོག་དགོས། དེ་མིན་དཔེར་ན་ས་ར་མཐོ་སློབ་ནས་༢༠༠༣ དང་༢༠༠༤ ལོར་སྤྲད་པའི་ལག་ཁྱེར་དག་ན་བོད་ཡིག་དང་དབྱིན་ཡིག་ནང་དུའང་བོད་སྐད་ཀྱི་སྒྲ་ཐོན་པའི་ཤེས་ཚད་དེ་ལས་དབྱིན་ཡིག་ནང་དུ་ཅང་བྲིས་མེད། དེ་གཞན་ལ་བསྟན་ན་དཀའ་ངལ་ཐོལ་བ་དང་། འགྲེལ་བཤད་མང་པོ་ཞིག་རྒྱག་དགོས་ཀྱི་འདུག
    དེ་བཞིན་གྲ་ས་ཁག་ནས་ཀྱང་རང་གི་སྔོན་མའི་”དགོན་པ་”ཡི་མིང་ལ་དབྱིན་ཡིག་ནང་དུ་ “University ” ལ་བསྒྱུར་བྲིས་དང་འབྲི་བཞིན་འདུག གལ་སྲིད་དེ་ལྟར་འབྲི་གི་ཡིན་ཚེ་སློབ་ཐོན་ཡོན་གནས་དེ་ཡང་དབྱིན་ཡིག་ནང་དུ་BA དང་MA སོགས་ཁ་གསལ་འབྲི་དགོས་སྙམ།
    འདི་དག་གི་སྐོར་ལ་རྗེས་སུ་བསམ་ཚུལ་ཁ་གསལ་ཞིག་འབྲི་འདུན་ཆེ་ན་རྗེས་སུ་གླེང་བར་ཞུ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ལག་འཁྱེར་དེ་དབྱིན་ཡིག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) དང་། ལག་འཁྱེར་འདི་བརྒྱུད་རྒྱ་གར་མཐོ་སློབ་ཁག་ཅིག་ཏུ་གཙུག་ལག་རབ་འབྱམས་པ (MA) འདོན་ཐུབ་ཀྱི་ཡོད་པ་རེད། ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese