མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་གི་གྲོཊ་པོ་རྙིང་ཤོས་ཤིག་ལ་མྱ་ངན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྤྱི་འཐུས་གྲོས་ཚོགས་ནང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འདས་གྲོངས་སུ་ཕྱིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རོ་བྷར་ཌི་ཧྥོར་ཊི་མཆོག་ལ་གཞུང་འབྲེལ་ཐོག་མྱ་ངན་གྲོས་ཆོད་བཞག་སོང་།  

དེ་རིང་ཕྱི་ཚེས་ ༢༦ སྟེ། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བརྒྱད་པའི་ཞོགས་པར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འདས་གྲོངས་སུ་གྱུར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཀྱི་མཚན་གནས་གནང་བའི་ཕྱི་གླིང་བ་ཐོག་མ་དང་། ཡུན་རིང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རོ་བྷར་ཌི་ཧྥོར་ཊི་ (Robert W.Ford) མཆོག་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། ཤུལ་ལུས་ནང་མི་ཐུགས་གསོའི་འཚམས་འདྲི་ཆེད་གཞུང་འབྲེལ་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་གནང་སོང་།  

སྐུ་ཞབས་རོ་བྷར་ཌི་ཧྥོར་ཊི་མཆོག་ནི། ༡༩༢༣ ཟླ་ ༣ ཚེས་ ༢༧ ཉིན་དབྱིན་ཡུལ་སི་ཌེལ་ཧྥོར་ཌི་ཤི་རེ་ (Staffordshire) ཞེས་པར་སྐྱེས་པ་དང་། དམག་ཆེན་གཉིས་པའི་སྐབས་དབྱིན་ཡུལ་དང་རྒྱ་གར་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་འཕྲུལ་ཆས་ཀྱི་ཕྱག་ལས་གནང་ཡོད། ༡༩༤༥ ལོར་ལྷ་སར་རྒྱ་གར་དབྱིན་གཞུང་གི་དོན་གཅོད་ཁང་དུ་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་གི་ལས་དོན་དུ་ཞུགས་ཡོད་པ་དང་། སྐབས་དེར་ཁོང་ལ་དགུང་གྲངས་ ༡༡ ཕེབས་པའི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་དང་པོ་དེ་ཐོབ་ཡོད། ༡༩༤༥ ལོའི་ལོ་མཇུག་སྒང་ཏོག་ཏུ་གནས་སྤོ་བྱས་ཡོད་པ་དང་། ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་རྗེས་བོད་དུ་ཕྱིར་ལོག་བྱས་པས་བོད་གཞུང་གི་གཞུང་ཞབས་མཚན་གནས་ཐོག བོད་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་ལས་ཁུངས་གསར་འཛུགས་ཀྱི་ལས་གཞིའི་ཐོག་ལས་བཀོད་གནང་བ་བཞིན་བོད་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་གི་ལས་གཞི་ཡོངས་རྫོགས་འགན་འཁུར་རྐང་བཞེས་གནང་སྟེ་བོད་ནང་ཏར་འཕྲིན་གསར་འཛུགས་གནང་བ་མ་ཟད། བོད་མི་ཁག་ཅིག་ལ་ཏར་འཕྲིན་འཛུགས་རྒྱུའི་ལས་གཞིའི་ཟབ་སྦྱོང་ཡང་གནང་ཡོད། ལྷ་སར་ལོ་གཅིག་ཞབས་ཕྱི་ཞུས་རྗེས་གཞུང་གི་བཀོད་མངགས་ལྟར་ལྷ་ས་དང་ཆབ་མདོ་དབར་རྒྱང་སྲིང་མཐུད་རྒྱུ་དང་། བོད་ས་ཡོངས་སུ་རྒྱང་སྲིང་འབྲེལ་མཐུད་ཡོང་ཆེད་ཁོང་སློབ་ཕྲུག་གསུམ་དང་ལྷན་དུ་ཆབ་མདོར་བསྐྱོད་ཡོད།

༡༩༥༠ ལོར་རྒྱ་ནག་བཙན་འཛུལ་དམག་གིས་ཁོང་ལ་གསང་ཉུལ་དང་དམར་ཤོག་ལ་འགལ་ཟླའི་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ་ལོ་ ༥ ཙམ་བཙོན་འཇུག་གི་ཉེས་ཆད་བཏང་། ༡༩༥༤ ལོར་ཉེས་མེད་ཉེས་འཛུགས་ཀྱིས་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ནའང་ ༡༩༥༥ ལོ་ཀློད་གྲོལ་བཏང་བ་དང་འབྲེལ་རྒྱ་ནག་ནས་ཕྱིར་འབུད་བྱས། ༡༩༥༧ ལོར་ཁོང་རང་ཉིད་ཀྱི་ཉམས་དང་འབྲེལ་ནས་ ༼བོད་ནང་འཛིན་བཟུང་༽ ཞེས་པའི་དེབ་ཅིག་དཔར་འགྲེམས་གནང་བ་དང་། ༡༩༦༠ ལོར་དེར་སླར་ཡང་༸གོང་ས་མཆོག་གི་ཆེད་བརྗོད་བསྩལ་ཏེ་པར་འགྲེམས་ཞུས། ༡༩༥༧ ལོར་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱས་པ་དང་། ༡༩༨༣ ལོའི་བར་ཝེ་ཐི་ནམ་དང་ཧིན་རྡུ་ནི་ཤི་ཡཱ། ཨ་རི། མོ་རོ་ཁོ། ཨན་གྷོ་ལཱ། ཧྥ་རན་སི། སི་ཝེ་ཌེན་བཅས་དང་། མཐའ་མ་སུད་སི་ཇི་ནེ་ཝར་དབྱིན་གཞུང་གི་གཞུང་ཚབ་བཅས་ཀྱི་འགན་འཁུར་ཞུས་ཏེ། ༡༩༨༢ ལོར་ (Commander of the Order of the British Empire) ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཐོབ་ཡོད།

ཁོང་ནི་ (Tibet Society) ཞེས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་དབུ་འཛུགས་གནང་མཁན་གྱི་གྲས་ཡིན་པ་དང་། ད་ལྟའི་བར་ཚོགས་པ་དེའི་ཚོགས་གཞོན་མཚན་གནས་ཐོག་འགན་འཁུར་རྒྱུན་མཐུད་གནང་ཡོད་པ་དང་། བོད་དོན་ཐོག་རྩོམ་སྒྲིག་དང་གསུང་བཤད་སོགས་འཛམ་གླིང་ཕྱོགས་གང་སར་གནང་ཡོད། ཁོང་གིས་བོད་རང་བཙན་ཡིན་པའི་གནས་སྐབས་ཀྱི་དཔང་པོ་གཙོ་བོ་ཁོང་རང་ཡིན་སྐོར་ཐེངས་མང་གསུངས་མྱོང་ཡོད།  ༡༩༩༦ ཟླ་ ༧ ཚེས་ ༡༧ ཉིན་༸གོང་ས་མཆོག་དབྱིན་ཡུལ་གྱི་རྒྱལ་མོ་(Her Majesty Queen Elizabeth) མཆོག་མཇལ་འཕྲད་མཛད་རྒྱུའི་ཐོག་གོ་སྒྲིག་ཞུ་སྒོ་ལེགས་པར་ཞུས་ཡོད། འདི་ལོའི་ཟླ་ ༣ ཚེས་ ༢༡ ཉིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཁོང་གི་གཉེན་ཉེ་དང་དབྱིན་ཡུལ་ཁུལ་གནས་སྡོད་བོད་མི་རྣམས་ཀྱིས་སྐུ་ཁོང་དགུང་ལོ་ ༩༠ ཕེབས་པའི་སྐྱེས་སྐར་སྔ་སྣུར་གྱིས་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་སྲུང་གཙི་ཞུས་ཡོད་པ་དང་། སྐབས་དེར་ཁོང་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་གནང་མྱོང་བའི་དྲན་རྟེན་ཆེད་བོད་དངུལ་དངུལ་སྲང་ ༡༠༠ ཐམ་པ་ཕུལ་བ་དང་། ཕྱི་ཟླ་ ༤ ཚེས་ ༡༣ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་ (Light of Truth Award) ཞེས་པའི་གཟེངས་བསྟོད་ཕུལ་སྐབས་༸གོང་ས་མཆོག་གིས་དངོས་སུ་འབུལ་ལམ་ཞུས་ཡོད་འདུག

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    མི་འདི་བོད་ནང་གི་ལོ་བདུན་དང་སྐུ་མདུན་ཞེས་པའི་གྲགས་ཅན་གློག་བརྙན་དེ་གཉིས་ཀྱི་ནང་དུའང་ཁོང་གི་སྐུ་ངལ་སྐྱོན་སྟངས་འདུག་ག
    བོད་རང་བཙན་ཡིན་དུས་ལབ་ན་དཀའ་རྙོག་དང་མགོ་རྙོག་ཅིག་མ་རེད་དམ། དེང་སང་སྐད་ཆ་འདིའི་རིགས་བོད་མི་རང་ཕྱི་མི་སུ་ཡིན་ཡང་མ་བཤད་ན་བཟང་གི་རེད།

    འདས་པོ་ཁོང་ལ་མྱ་ངན་ཞུ། མ་ནི་འདོན། སྨོན་ལམ་རྒྱག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རང་བཙན་སྐབས་སུ་རང་དབང་རོགས་རམ་གནང།
    རྒྱ་དམར་སླེབས་ནས་ཉེས་འཛུགས་བཙོན་དུ་བཞུགས
    རང་བཙན་དན་རྟགས་འཛམ་གླིང་ཡོངས་ལ་བསྒྲགས།
    བོད་ཀྱི་འཐབ་གྲོགས་དམ་པར་མྱ་ངན་ཞུ།
    མཛད་རྗེས་སྐུ་དྲིན་ནམ་ཡང་བརྗེད་ཐབས་བྲལ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མྱ་ངན་གུས་དུད་ཞུའོ།། །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese