མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་ཚ་རྒྱ་ལག་ཏུ་ཚུད་མེད་དམ་བསམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གྲོས་ཚོགས་ནང་བདེ་སྲུང་བཀའ་བློན་མཆོག་གིས་གླིང་ཚའི་སྐོར་ལ་གསལ་བཤད་ཅིག་གནང་སྐབས་གླིང་ཚ་ཚེ་རྡོར་ནི་དབུ་མའི་ལམ་ལ་ངེས་པ་རྙེད་ཅིང་། འཚེ་མེད་ཞི་བའི་ལམ་ནས་བདེན་པའི་ཨུ་ཚུགས་གྱི་ལས་འགུལ་བ་ཕུལ་བྱུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་གསུངས་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥།༣༠ སྟེང་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་མཆོག་གིས་ཉེ་ཆར་སྤྱི་འཐུས་ཤིག་གིས་བོད་སྐྱོད་ཞི་བའི་གྲོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་སྐོར་ལ་དྲི་བ་ཞིག་བཏོན་པར་ལན་འདེབས་གནང་དོན། “ ད་ལྟའི་འཆར་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་ཡང་ཤེས་ཀྱི་མེད།  གནས་སྟངས་ག་རེ་ཆགས་པ་དང་ག་རེ་འོག་ཏུ་སྡོད་ཡོད་པ། སྐུ་ངལ་ག་རེ་འཕྲད་ཡོད་པ་གང་ཡང་ཤེས་ཀྱི་མེད་སྟབས། ཞེ་དྲག་བཤད་བསྡད་པ་ཡིན་ན་ཕན་ཐོགས་པ་དང་གནོད་སྐྱེལ་བ་ཞུ་ཚོད་ཐུབ་ཀྱི་མི་འདུག འོན་ཀྱང་། གསལ་བོར་ཞུ་དགོས་པ་ཞིག་ལ། གླིང་ཚ་ཚེ་རྡོར་གྱིས་ལས་འགུལ་གང་ཞིག་སྤེལ་བ་དེ་བོད་མིའི་སྒྲིག་འཛུགས་དང་སྒྲིག་འཛུགས་ཁྱབ་ཁོངས་མ་ལག་དང་བཅས་པར་འབྲེལ་བ་གང་ཡང་ཡོད་པ་མ་རེད། དེ་ཐག་ཆོད་པོའི་ཐོག་ནས་ཞུ་བཞིན་ཡོད། གཞུང་འབྲེལ་མིན་པའི་ཚོགས་པ་དེ་འདྲར་ཡང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་མེད”  ཅེས་གསུངས་སོང་།

བཀའ་བློན་མཆོག་གིས་གླིང་ཚ་ཚེ་བརྟེན་རྡོ་རྗེ་ལ་གདེང་འཇོག་གནང་དོན། “ གླིང་ཚ་ཚེ་རྡོར་ཁོ་རང་འཚེ་མེད་ཞི་བ་དང་། ལྷག་པར་དབུ་མའི་ལམ་ལ་ངེས་པ་རྙེད་ཅིང་། སྡུག་དཀའ་ལས་བརྒྱབ་པ་དང་བློས་གཏོང་ཆེན་པོ་བྱས་ཏེ་ལས་འགུལ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཁོང་སྔ་རྗེས་བྱས་ཏེ་གོམ་བགྲོད་ལ་ཕེབས་པ་རེད། རྒྱ་གར་ཚ་བའི་ལུང་པ་དེ་དང་དུས་ཚོད་དེའི་ནང་ལ། ཀི་ལོ་མུ་ཊར་སྟོང་ཕྲག་མང་པོ་གོམ་པ་བརྒྱབ་ནས་འགྲོ་བ་དེ་ལས་སླ་བོ་ཞིག་མ་རེད། ཐ་ན་སོ་སོའི་ཕ་མ་རྒན་རྒོན་དང་བཟའ་ཟླ་བུ་ཕྲུག་བཅས་པ་བློས་གཏོང་བྱས་ཏེ། དཀའ་ངལ་དེ་འདྲ་ཞིག་བརྒྱབ་པར་ངེས་པར་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད” ཅེས་དང་། “ དངོས་གནས་ཕུལ་དུ་བྱུང་བའི་ལས་འགུལ་བ་ཞིག་ཡིན་པ་དང་། དེ་ཡང་འཚེ་མེད་ཞི་བ་དང་དབུ་མའི་ལམ་ལ་ངེས་པ་རྙེད་ནས་ལས་འགུལ་སྤེལ་མཁན་ཞིག་དང་། བདེན་པའི་ཨུ་ཚུགས་ཀྱི་ཐོག་ནས་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན། དེ་རིང་ཁོང་གི་གནས་སྟངས་དེ་ག་འདྲ་ཞིག་ཆགས་ཡོད་པ་ཞུ་རྒྱུ་མེད་སྟབས། གསལ་བཤད་འདི་འདྲ་ཞིག་ཞུ་རྒྱུ་ཙམ་ལས། དེ་ལས་སྤྲོས་པའི་ཞུ་ཐབས་གང་ཡང་མི་འདུག ཚང་མས་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད” ཅེས་གསུངས་སོང་།

མཇུག་ཏུ་བཀའ་བློན་མཆོག་གིས་ཚོད་དཔག་གིས་གསུངས་དོན། “ འོན་ཀྱང་། ཁ་ཕྱོགས་འདྲ་བོར་ལྟ་ཡོང་དུས། ཧ་ལམ་རྒྱ་ཡི་ལག་པར་བསླེབས་བསྡད་མེད་འགྲོ་བསམ་པ་ཞིག་ཡོང་གི་འདུག དེ་ཚོད་དཔག་རང་རེད། དེར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་འགུལ་བ་ཁོང་དང་ཁོང་ལྟ་བུའི་སྒེར་གྱི་ལས་འགུལ་སྤེལ་མཁན་མང་པོ་འདུག དེ་དག་ལ་བསྔགས་བརྗོད་དང་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་དེ་ལ་འབྲེལ་བ་གང་ཡང་མེད་ཅེས་གསལ་བོ་མ་ཞུས་པ་ཡིན་ན། སོ་སོས་གནས་སྟངས་གསལ་བོ་ཤེས་ཀྱི་མེད་སྟབས། དེར་གནོད་སྐྱོན་ཆེན་པོ་ཕྱིན་པ་ཡིན་ན་མི་དགོས་པ་ཞིོག་རེད”ཅེས་གསུངས་སོང་། 

བོད་སྐྱོད་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པར། རྒྱ་གར་ནུབ་བྷིང་གྷིལ་( West Bengal) མངའ་སྡེའི་ཀ་ལོན་སྤུག་སྲད་རྒྱུད་གྲྭ་ཚང་ནས་གར་སོང་ཆ་མེད་ཆགས་ཡོད་པ་དང་། དུས་དེ་ནས་དེ་རིང་བར་ཉིན་ ༡༠༨ ལྷག་ཕྱིན་ཡོད་ཀྱང་། སུ་གང་གིས་ཁོང་གར་སོང་གར་སྡོད་ཀྱི་གནས་ཚུལ་གཅིག་ཀྱང་མཐོང་ཐོས་ཐུབ་མེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གླིང་ཚ་དཔའ་བོའི་བསམ་དོན་མྱུར་དུ་འགྲུབ་པར་ཤོག །

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    བཙན་བྱོལ་གཞུང་དང་གཞན་ཁག་སུ་ལ་ཡང་འབྲེལ་བ་མེད་ན་བོད་མི་དང་འབྲེལ་བ་མེད་པ་རེད །དེ་ན་ཁོང་ཁོང་རང་གིས་ནང་མི་ཆེད་དུ་སོང་བ་ཨེ་རེད །སེམས་སྐྱོ་བའི་གཏམ་བཤད་།མི་ངན་དེའི་ཁ་ནས་ཐོན་རྒྱུ་ཞིག །
    དེ་ན་སྐུ་ལུས་མེ་མཆོད་ཕུལ་མཁན་་དེ་ཚོ་གཞུང་སྒེར་གཉིས་ཀ་ལ་འབྲེལ་བ་ཡོད་པ་ཡིན་རྒྱུ་རེད །ཁྱོད་ཚོས་འཛམ་གླིང་མི་མང་གི་མདུན་དུ་དཔའ་བོ་ཞེས་བོས་སོང་ལ་རྒྱ་ཆེ་བའི་བསྔོ་སྨོན་ཡང་བྱས་སོང་ །

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    གླིང་ཚ་འདི་བོར་སོང་བ་ཡིན་མི་སྲིད། གླིང་ཚས་རང་གི་དགོས་འདུན་འགྲུབ་ཆེད་རང་གི་འདོད་བློ་ཁེངས་པ་ཞིག་ཅི་ནས་ཀྱང་བསྒྲུབ་ངེས་ཡིན། དེ་ནི་ཁོས་ལས་འགུལ་སྔོན་པ་དང་རྗེས་མའི་སྐབས་སུ་ཡང་ཡང་གསུངས་མྱོང་ཡོད་ལ། ཁོང་ནི་དངོས་གནས་ཁ་བཤད་ལག་ལེན་གནང་མཁན་གྱི་གཞན་ནུ་བློ་ཁོག་ཅན་ཞིག་ཡིན་པས་སོ།།

    གླིང་ཚས་རང་གི་དགོས་འདུན་བསྒྲུབ་ཆེད་དུ་འཆར་གཞི་འདང་ངེས་ཞིག་བཏང་ངེས་ལ། རང་གི་དགོས་འདུན་བསྒྲུབ་ཆེད་དུ་ས་གནས་གང་ཞིག་ཏུ་བསྐོང་ཡོད་ངེས་ལ། ཡང་ས་གནས་གང་ཞིག་ཏུ་སླེབས་ཀྱང་ཡོད་ངེས། དེ་བས། གླིང་ཚའི་སྐོར་འདི་ཚ་ཚ་འུར་འུར་མ་བྱས་ན་མི་བཟང་ངམ་སྙམ།
    འཛམ་གླིང་གི་བརྒྱུད་ལམ་ཁག་གིས་མཚམས་ལན་རེར་ལྡོག་ཕྱོགས་ཀྱི་ནུས་པའང་འཐོན་སྲིད་ན་གླིང་ཚ་ད་དུང་ཅུང་ཙམ་རིང་ཁུ་སིམ་མེར་བཞག་ན་བཟང་གི་སྙམ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གླིང་ཚ་ལགས། ཁྱེད་ཀྱིས་ཁ་པར་ཞིག་ཀྱང་ཁྱེར་མེད་དམ། ཁྱེད་ཀྱིས་རང་གི་ནང་མི་དང་ཚོགས་སྡེ། བློས་ཐུབ་གྲོགས་པོ་སུ་ཞིག་ལ་ཡང་འབྲེལ་བ་གནང་མེད་དམ། དེ་ལྟར་ཡོད་ཚད་གསང་བ་བྱས་ནས་ཕེབས་དོན་ཅི། དེ་ལྟར་གནང་ན་ཅི་ལ་ཕན་ནམ།
    ངོ་མ་ཁྱེད་རང་རི་ཁྲོད་ལ་མཚམས་་བཞུགས་པར་ཕེབས་པ་འདྲ་བོ་ཆགས་སོང།
    ད་ང་ཚོས་ཇི་ལྟར་རྩད་གཅོད་བྱེད་དགོས་སམ། ཁོང་གི་སྐུ་པར་དེ་བོད་ནང་དང་ས་མཚམས་ཁག་ཚང་མར་བཀྲམ་ན་་་་གསང་བའི་རྩད་གཅོད་པ་འགའ་ཆེད་དུ་བཏང་ན་་་་གལ་ཏེ་བདེ་སྲུང་ལས་ཁུངས་ཀྱི་་་གལ་ཏེ་ང་གསང་བའི་ལས་ཁུངས་ཀྱི་་་་་་
    གལ་ཏེ་གཡུལ་ས་ཞིག་ཡིན་ན་དཔའ་ཁེར་རྒྱུག་གི་རྟིང་མ་ཅི་ལོན་ཚང་མས་ཤེས་གི་རེད། འོན་ཀྱང་ཚུལ་འདི་ནི་་་་ཁྱེད་རང་ལ་ཡང་འཁང་ར་བྱེད་དགོས་པ་ཞིག་ཆགས་སོང་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese