མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་སྤྱི་ཟུར་བའི་བུ་ལ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་པེ་ཅིན་ཁྲིམས་ཁང་ཞིག་གིས་རྒྱ་ནག་བཅིང་འགྲོལ་དམག་གི་དམག་སྤྱི་ཟུར་བ་ཞིག་གི་བུས་བཙན་གཡེམ་བྱས་པའི་ཉེས་མིང་འོག་ལོ་ ༡༠ ཡི་ཁྲིམས་ཐག་བཅད་འདུག

དེ་རིང་སྔ་དྲོར། པེ་ཅིན་ཧེད་ཏན་( Haidian)མི་དམངས་ཁྲིམས་ཁང་གིས་རྒྱ་ནག་དབུས་སྤྱི་ཁྱབ་དམག་སྤྱི་ཟུར་བ་ལེ་ཧྲོང་ཅང་(Li Shuangjiang)གི་བུ་རང་ལོ་ ༡༧ ཡིན་པ་ལེ་ཐན་ཡུན་( Li Tianyi) དང་། ཁོའི་གྲོགས་པོ་བཞིས་བུད་མེད་ཅིག་ལ་བཙན་གཡེམ་བྱས་ཡོད་པའི་ཉེས་འཛུགས་འོག ལེ་ཐན་ཡུན་ལ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་བཞི་ནི་ལོ་ན་ ༡༧ ལ་སོན་མེད་སྟབས་ཁྲིམས་འོག་ཏུ་ཚུད་མེད་ཀྱང་མ་འོངས་པར་རིམ་པས་ཁྲིམས་ཐག་གཅོད་རྒྱུ་གསལ་བསྒྲགས་བྱས་འདུག

ད་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་མཚན་མོར། ལེ་ཐན་ཡན་དང་རོགས་པ་གཞན་བཞི་བཅས་ཀྱིས་བུ་མོ་རུས་མིང་དབྱང་(Yang)ཟེར་བ་ཞིག་ལ་ཆང་བླུད་དེ་ར་བཟི་བཅུག་རྗེས། པེ་ཅིན་མགྲོན་ཁང་ནང་བཙན་ཁྲིད་ཀྱིས་མཉམ་རུབ་ཐོག་བཙན་གཡེམ་བྱས་ཡོད་པ་དང་། བུད་མེད་དེས་ཉེན་རྟོག་པར་ཞུ་གཏུགས་བྱས་ཏེ་ཟླ་དེའི་ཚེས་ ༢༡ ཉིན་ས་གནས་ཉེན་རྟོག་པས་ཁོ་ཚོ་འཛིན་བཟུང་བྱས་ཡོད་འདུག

ཁྲིམས་ཁང་གི་ཕྱོགས་ནས་བརྗོད་པ་ལྟར་ན། ན་གཞོན་ལེ་ཐན་ཡུན་དང་ཁོའི་གྲོགས་པོ་བཞིས་བུད་མེད་དེ་ར་བཟི་བཅུག་རྗེས་མགྲོན་ཁང་དུ་གཡོ་འཁྲིད་བྱས་ཏེ་བཙན་གཡེམ་བཏང་ཡོད་པ་མ་ཟད། རྡུང་རྡེག་ཀྱང་ཚད་མེད་བཏང་ཡོད་པ་དང་། དེའི་རྗེས་ཁོ་མོར་དགོངས་དག་ཞུ་ཆེད་རྒྱ་སྒོར་ ༢༠༠༠ ཙམ་སྤྲད་ཡོད་པ་སོགས་ཤེས་རྟོགས་བྱུང་ཡོད་འདུག ཁོ་ཚོའི་བྱ་སྤྱོད་དེ་དག་གིས་རྒྱ་ནག་གི་སྤྱི་ཚོགས་བརྟན་བརླིང་ལ་གཏོར་བཤིག་བཏང་ཡོད་སྟབས་ནག་ཉེས་ལ་གཞིགས་ཏེ་ཁྲིམས་ཐག་བཅད་ཡོད་སྐོར་སོགས་བརྗོད་འདུག

དེ་སྔོན། ལེ་ཐན་ཡུན་གྱི་ཨ་མ་མེན་ཀུ(Meng Ge) ཡིས་ཁྲིམས་ཁང་ལ་སྙན་ཞུ་ཞིག་བཏང་བའི་ནང་། ཁོ་མོའི་བུ་ཁྲིམས་གཅོད་བྱེད་སྐབས་ཁྲིམས་རའི་ནང་མང་ཚོགས་ཟུར་ཉན་དུ་བཅར་ཆོག་པའི་རེ་འདུན་བཏོན་ཡོད་པ་དེར་ ཁྲིམས་ཁང་གིས་ངོས་ལེན་བྱས་མེད་པ་དང་། ད་ལྟ་ཕ་མ་གཉིས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་དེར་འདོད་བློ་མ་ཁེངས་པར་བསྐྱར་དུ་ཞུ་གཏུགས་བྱེད་རྒྱུའི་སྐད་ཆ་གང་ཡང་མི་འདུག 

༢༠༡༡ ལོར་ལེ་ཐན་ཡུན་དང་ཁོའི་གྲོགས་པོ་གཉིས་ཀྱིས་ཐོ་འགོད་བྱས་མེད་པའི་རླངས་འཁོར་བྷེ་ཨན་ཌ་བྷོལ་ (BMW) ཞིག་བཏང་སྟེ་མི་གཞན་གྱི་ལམ་ཁ་བཀག་པའི་གནས་ཚུལ་འོག་འཛིན་བཟུང་གིས་ལོ་གཅིག་རིང་བཙོན་འཇུག་བྱས་ཡོད་པ་དང་། སྐབས་དེར་ཁོའི་ཨ་ཕས་བརྙན་འཕྲིན་བརྒྱུད་རྒྱ་རིགས་མང་ཚོགས་ལ་བུ་ཡི་བྱ་སྤྱོད་ངན་པ་དེར་དགོངས་སེལ་ཞུ་དགོས་བྱུང་ཡོད།

ལེ་ཐན་ཡུན་གྱི་ཨ་ཕ་ལེ་ཧྲོང་ཅང་ནི། རྒྱ་ནག་བཅིང་འགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཟུར་བ་དང་དམག་མིའི་བསྟོད་གླུ་ལེན་མཁན་གྲགས་ཅན་ཞིག་ཡིན་པ་དང་། ཨ་མ་མེན་ཀུ་ཡང་དམག་མིའི་བསྟོད་གླུ་ལེན་མཁན་གྲགས་ཅན་ཞིག་ཡིན་འདུག 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

སྐར་མ ༤༩ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༣ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 4

  1. གངས་ལྡོམ། says:
    ལོ་ 13 སྔོན།

    མི་འདིའི་རིགས་ལ་བཙོན་འཇུག་གི་ཁྲིམས་བཅད་དང་ནེ་ནེ་བཅད་ཀྱང་།
    བུ་མོ་དེའི་ལུས་སེམས་ཀྱི་རྨ་ཁ་སོས་གི་མ་རེད།
    དེར་བརྟེན་སྲོག་ཁྲིམས་བཅད་ན་ཡག་ཤོས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་གར་གློག་བརྙན་ནང་ལ་འཁྲབ་པ་དེ་ཚོ། རྒྱ་ནག་ནང་ལ་ལག་ལེན་དུ་བསྟར་བཞིན་ཡོད་པ་འདྲ། ཁྲིམས་བཅད་ལ་རྒྱབ་སྐྱོར་གུས་དུད་ཡོད།

    Reply
  3. བསྟན་ཆོས། says:
    ལོ་ 13 སྔོན།

    རང་ལོ་༡༧ ལ་སོན་ཙང་ཁྲིམས་གཅོད་ཆོག་པ་དང་གཞན་རྣམས་དེར་སོན་མེད་ཀྱང་རྗེས་སུ་ཁྲིམས་ཐག་འབབ་ངེས་ཡིན་པ་འདྲ། ལྷག་དོན་པར་འདི་ལ་འབྲེལ་བ་གང་ཡོད་དམ། ཨ་ཕའི་པར་རེད་དམ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཁྲིམས་ཐག་གཅོད་པ་ལས་ནེ་ནེ་གཅོད་དགོས་པ་རེད། སྔར་ཨ་ཧྥེ་རི་ཀའི་ལུང་པ་འགར་དེ་འདྲ་བྱེད་སྟངས་ཤིག་ཡོད་ས་རེད་པ། དེ་ཡག་ཤོས་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese