མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བཅུ་གསུམ་དབུ་མའི་ལམ་དུ་འགྲོ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཉིན་དང་པོར་མང་མོས་ཐོག་ཚོགས་པའི་རང་བཙན་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་བཏང་ཡོད་འདུག

ཁ་སང་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉིན་གསུམ་རིང་གི་ཚོགས་ཆེན་ཐེངས་དྲུག་པ་མགོ་འཛུགས་གནང་ཡོད་པ་དང་། ཉིན་དང་པོའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་རིམ་སྐབས། དེ་སྔའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས་གཏན་འབེབས་ཐག་གཅོད་བྱུང་ཡོད་འདུག

དེའི་ཐད་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ད་རེབ་ཚོགས་ཆེན་སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལངས་ཕྱོགས་དེ་མང་མོས་ཐོག་ནས་དབུ་མའི་ལམ་ལ་ཐག་གཅོད་བྱུང་བ་དངོས་ཡོད་རེད། ང་རང་གི་བསམ་ཚུལ་བྱས་ན། གཙོ་བོ་༧གོང་ས་མཆོག་གིས་དེ་སྔོན་ཐེངས་ཁ་ཤས་ལ་དབུ་མའི་ལམ་གྱི་ཐོག་ལ་བཀའ་སློབ་གནང་བ་དང་། ལྷག་པར་དུ་ཉེ་ཆར་༸གོང་ས་མཆོག་གིས་ཁོང་སྐུ་འཚོ་བཞུགས་རིང་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐུབ་པའི་བཀའ་ཕེབས་པ་དེ་ཚོ་ད་རེབ་ཚོགས་མི་ཚོས་བསམ་བློའི་གཞི་འཇོག་ས་གཙོ་བོ་ཞིག་ཆགས་ཡོད་པ་རེད་དྲན་གྱི་འདུག ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་ཀྱི་ཡོད་ན་ང་ཚོའི་ངོས་ནས་༸སྐྱབས་མགོན་ཪིན་པོ་ཆེར་བརྟན་བཞུགས་དང་རྒྱལ་བ་དགྱེས་པའི་མཆོད་པ་ལྟ་བུའི་ཚུལ་དུ་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཞིག་ཆགས་ཡོད་པ་རེད་དྲན་ཡོད་ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར། འདི་ནས་གསལ་བོར་ཞུ་རྒྱུ་ཞིག་ལ། དགུ་བཅུ་གསུམ་གྱི་ཚོགས་མིའི་ཆ་རྐྱེན་ནང་ཆབ་སྲིད་བཙོན་ཟུར་དང་དེ་དང་འབྲེལ་ཆགས་ཡིན་དགོས་པ་གཙོ་བོ་རེད་མ་གཏོགས། ཆབ་སྲིད་ཀྱི་ལངས་ཕྱོགས་རང་བཙན་དང་དབུ་མ། རང་ཐག་རང་གཅོད་སོགས་གང་ཡིན་ཡང་ཡོང་ཆོག་གི་ཡོད་པ་རེད། དགུ་བཅུ་གསུམ་ཚོགས་པ་རང་གི་ངོས་ནས་བཤད་པ་ཡིན་ན། ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དེ་འདྲའི་གལ་ཆེན་པོ་ཞིག་མ་རེད། གལ་ཆེ་ཤོས་དེ་བོད་ནང་རང་བཙན་གྱི་ཆེད་དུ་བཙོན་ཁང་ལ་སོང་བ་དང་ལམ་དབུ་མའི་ལམ་གྱི་ཆེད་བཙོན་ཁང་ལ་སོང་བ་སོགས་མནར་གཅོད་མྱངས་བའི་ཆབ་སྲིད་བཙོན་པ་ཆ་ཚང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུ་དེ་རེད། དེར་བརྟེན། ད་རེབ་ཀྱི་འགྱུར་བ་དེ་ཚོགས་པ་ལ་དོ་ཕོག་འགྲོ་བའི་གནས་སྟངས་གང་ཡང་མེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. བདེན་སྐྱོང་། says:
    ལོ་ 13 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཞེས་པ་དེ་དགེ་རྒན་ཞིག་ཡིན་པ་གོ་ཐོས་བྱུང་་་ཕལ་ཆེར་སྤྱི་འཐུས་ཞིག་ཀྱང་ཡིན་ས་ཡོད། བཀའ་མོལ་གསུངས་སྟངས་ལ་ལྟས་ན་བོད་སྤྱི་པའི་བདེན་དོན་འཐབ་བརྩོད་ཆེད་དུ་ཆབ་སྲིད་ཀྱི་གོ་རྟོགས་རྩ་བ་ནས་མེད་པ་ཞིག་རེད་འདུག་་་་ཡིན་ན་ཡང་རང་ཉིད་ཀྱི་ཆེད་དུ་ཆབ་སྲིད་ཤེས་པ་ལྟ་བུ་ཞིག་འདུག་་་་དེས་ཕན་གྱི་ཡོད་དང་གནོད་ཀྱི་ཡོད་ཧ་གོ་མ་སོང་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཉིན་དང་པོར་མང་མོས་ཐོག་ཚོགས་པའི་རང་བཙན་ལངས་ཕྱོགས་ནས། དབུ་མའི་ལམ་ལ་འགྱུར་བ་བཏང་ཡོད་པ་ཤིནད་ཏུ་ལེགས།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཀླུ་མཁར་བྱམས་ལགས་ཀྱིས་ལན་ཡག་པོ་བཏབ་འདུག དགུ་བཅུ་གསུམ་གྱི་ཚོགས་མི་དེ་ཆབ་སྲིད་བཙོན་མ་སོགས་ཡིན་ལ་ལྟ་སྤྱོད་ཀྱང་མི་འདྲ་བ་ཡོད་པས་ཚོགས་པའི་ལྟ་བ་ཕྱོག་སགཅིག་མཁྲེགས་འཛིན་མ་གནང་བར་མང་མོས་གདམ་ག་གནང་བ་འདི་དོན་ངོ་མའི་དམངས་གཙོའི་ཚོགས་པ་ཞིག་གི་སྲོལ་བཟང་རེད། དེ་བཞིན་གཞོན་ནུ་ཚོགས་པ་དང་ལྟ་བ་གང་ཡིན་ངེས་པ་མེད་པའི་ཚོགས་པ་གཞན་དག་གིས་ཀྱང་འདི་ལ་མིག་དཔེ་བལྟ་འོས་སོ།

    Reply
  4. དགེ་བོ་བཀྲ་ཁོ says:
    ལོ་ 13 སྔོན།

    ༢༠༡༣.༩.༢༨ཕྱི་དྲོའི་དུས་ཚོད་གཉིས་དང་བྱེད་ཀ་ཡས་མས་ཞིག་གི་སྟེང་།རྔ་ཡུལ་སྒོ་མང་དགོན་ལྷ་སྡེ་མཐའ་བ་ཧི་ར་མའི་སྐལ་ལྡན་སང་གི་བུ་མོ་བ་ལོའི་ཁྱོ་ག་མིང་ལ་ཞི་ཆུང་ལོ་ཞེ་གཅིག་ཅན་གྱིས་རྒྱ་ནག་ལ་ཞི་བའི་ངོ་རྒ྄ོལ་གྱིས་སྐད་འབོད་བྱས་ཏེ་རང་ལུས་མེར་བསྲེག་ཏེ་ཚེ་ལས་འདས་སོང་། སྐུ་ཕུང་རྒྱ་ནག་གིས་བཙན་གྱིས་ཁྱེར་འདུག ཁོང་བཟའ་ཟླ་གཉིས་ཀྱི་བུ་མོ་ཆེ་བའི་མིང་ལ་ཚེ་པོ་ལོ་བཅོ་བརྒྱད་རེད། བུ་ཆུང་བའི་ལོ་བཅུ་བཞི་མིང་ལ་ཕུན་ཚོགས་ཟེར། གདུང་སེམས་ཉམས་བསྐྱེད་ཀྱིས་མ་ཎི་བསྔོ་སྨོན་གསུངས་རོགས། དྲ་ལམ་ཕན་ཚུན་ལ་བརྒྱུད་སྒྲོག་གནང་རོགས།

    Reply
  5. ཀརྨ་ཕུན་ཚོགས། says:
    ལོ་ 13 སྔོན།

    ཧ་ཅང་དུས་ལ་བབ་པའི་བསྒྱུར་བཅོས་གལ་ཆེན་པོ་ཞིག་རེད།
    བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རང་བཙན་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་དབུ་མའི་ལམ་ལ་བསྐྱོད་རྒྱུའི་ཐག་གཅོད་བྱུང་བར་སྔགས་བརྗོད་ཡོད། མང་གཙོའི་ལུང་པར་ལྟ་གྲུབ་འདྲ་མིན་དགོས་ཟེར་གྱི་ཡོད་པ་དེ་རྒྱལ་ཁབ་རང་བཙན་ཡོད་མཁན་དག་གི་བཤད་སྟངས་ཤིག་རེད། ང་ཚོ་མིའི་ལུང་པར་སྐྱབས་བཅོལ་དུ་བསྡད་ཡོད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་ལ་མཚོན་ན་མགོ་ཁྲིད་གཅིག་དང་ལངས་ཕྱོགས་གཅིག འབོད་སྒྲ་གཅིག་བཅས་ཀྱི་ཐོག་ཕྱིན་ན་དེ་ནི་སྟོབས་ཤུགས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese