མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་གྱི་བཀའ་ལྟར་རང་ཤི་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོར་སི་ཁྲོན་ཁྲིན་ཏུའུ་མེན་ཅང་ས་ཁུལ་གྱི་རང་ལོ་ ༡༠ ཡས་མས་ཀྱི་སློབ་མ་ཞིག་ཁང་རྩེག་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབ་འདུག

ཟླ་སྔོན་མའི་ཚེས་ ༣༠ ཉིན་གྱི་ཕྱི་དྲོར་པེ་ཅིན་གྱི་ཆུ་ཚོད་ ༦ པ་ཙམ་ལ། སི་ཁྲོན་ཁྲིན་ཏུའུ་མེན་ཅང་ས་ཁུལ་གྱི་ལོ་རིམ་ ༥ པའི་སློབ་མ་ལོ་ན་ ༡༠ ཡས་མས་ཤིག་རང་ཁྱིམ་གྱི་ཁང་རྩེག་ ༣༠ ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པ་དང༌། སློབ་ཕྲུག་དེའི་སྐད་ཡིག་སློབ་དེབ་ཀྱི་མདུན་ངོས་སུ་ “དགེ་རྒན་ལགས། ངས་སྒྲུབ་ཐུབ་ཀྱི་མི་འདུག ང་ཁང་རྩེག་ནས་མཆོང་སྐབས་ཐེངས་དུ་མར་ཕྱིར་ལོག་དགོས་བྱུང་”ཞེས་བྲིས་ཡོད་འདུག ཡུལ་མི་ཞིག་གིས་བརྗོད་ན། དཔེ་ཀློག་འགྲན་བསྡུར་གྱི་སྐབས་སུ་བུ་ཆུང་གིས་ཁ་བརྡ་བྱས་པར། དགེ་རྒན་གྱིས་ཡིག་འབྲི་ ༡༠༠༠ ཅན་གྱི་རང་སྐྱོན་ངོས་ལེན་ཡི་གེ་འབྲི་དགོས་པ་དང༌། གལ་སྲིད་མ་བྲིས་ན་ཁང་རྩེག་ནས་མཆོང་དགོས་སྐོར་གྱི་འཇིགས་སྐུལ་བྱས་རྗེས། བུ་ཆུང་གིས་རང་སྐྱོན་ངོས་ལེན་ཡི་གེ་འབྲི་མ་ཤེས་པར་རང་ཤི་བརྒྱབ་ཡོད་ལུགས་བརྗོད་འདུག

བུ་ཆུང་དེའི་མ་ཚབ་ཀྱིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཉིན་དེའི་ཕྱི་དྲོར་འཛིན་གྲྭའི་དགེ་རྒན་ཁྲིན་ཧྲོ་ཡན་གྱི་ཁ་པར་བསླེབས་ཏེ། ཕྱི་དྲོར་བུ་ཆུང་ལ་སྐད་ཆ་བཤད་དགོས་པས་རྗེས་ལ་འདུག་དགོས་སྐོར་བརྗོད་ཡོད་པ་ དང༌། སྐབས་དེར་མ་ཚབ་ཀྱིས་ཁོའི་སློབ་སྦྱོང་ཐོག་གནད་དོན་བྱུང་བ་ཡིན་ནམ་ཞེས་དྲིས་པར། བུ་ཆུང་གིས་གཅིག་ནས་སློབ་གྲོགས་ཚོས་སྐྱེས་སྐར་གྱི་ལེགས་སྐྱེས་སྤྲོད་སྐབས། འདོད་བློ་མ་ཁེངས་ན་ཕྱིར་སློག་སྟེ་གུས་ཞབས་མེད་ལུགས་དང༌། གཉིས་ནས་རྒྱུན་དུ་ཐུན་མོང་གི་ལས་འགུལ་རིགས་སྤེལ་སྐབས་མཉམ་ཞུགས་མི་བྱེད་པ་མ་ཟད། ཉིན་དེར་འཛིན་གྲྭའི་ནང་སྐད་ཆ་བཤད་ནས་སྒྲིག་ལམ་ལ་གཏོར་བཤིག་བཏང་ཡོད་སྟབས། དགེ་རྒན་གྱིས་ཁོ་ལ་ཡིག་འབྲི་ ༡༠༠༠ ཅན་གྱི་རང་སྐྱོན་ངོས་ལེན་ཡི་གེ་ཞིག་འབྲི་བའམ་ཡང་ན། ཆུ་ཚོད་གཅིག་རིང་ཡར་ལངས་དགོས་པའི་གདམ་ག་གཉིས་སྤྲད་ཡོད་ཀྱང༌། ངོས་ལེན་ཡི་གེ་འབྲི་མགོ་མ་བརྩམས་གོང་ནས་ངུ་ཞོར་དུ། གལ་སྲིད་ངས་འབྲི་མ་ཤེས་ན་ག་རེ་བྱེད་དགོས་པ་རེད་ཅེས་དྲིས་ཡོད་པ་དང༌། སྐབས་དེར་དགེ་རྒན་གྱིས་མ་བྲིས་གོང་ནས་འབྲི་མི་ཤེས་ཟེར་རྒྱུ་ག་ལ་ཡོད་ཅེས་ལབ་ཚུལ་དང༌། ཕྱི་དྲོ་ཆུ་ཚོད་ ༦།༢༠ ཙམ་ལ་ཁྱིམ་དུ་བསླེབས་སྐབས་བུ་ཆུང་གིས་རང་ཤི་བརྒྱབ་པ་ཤེས་རྟོགས་བྱུང་བ་དང༌། ནམ་རྒྱུན་ཁོའི་སློབ་སྦྱོང་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ཕ་མ་དང་ཁྱིམ་མི་ཚོའི་ཁ་ལ་ཉན་ཞིང་དང་ཡ་རབས་ཚུལ་ལྡན་ཞིག་ཡིན་སྐོར་བརྗོད་འདུག 

ཁ་སང་སློབ་ཕྲུག་དེའི་ཁྱིམ་མི་ཚོས་སློབ་གྲྭའི་སྒོ་ཆེན་དུ་“ངའི་བུ་ཕྱིར་སྤྲད་དེ་ཁྱིམ་བདག་དང་བུ་ཕྲུག་ཡོངས་ལ་གསལ་བཤད་བྱོས། ”ཞེས་པའི་འཕྲེད་དར་འཕྱར་ཏེ་ཞུ་སྐུལ་བྱས་ཡོད་པ་མ་ཟད། བུ་ཆུང་འདས་རྐྱེན་གང་མགྱོགས་གསལ་བོ་བཟོ་དགོས་པ་དང༌། འཛིན་གྲྭའི་དགེ་རྒན་བུ་ཆུང་གི་ཕུང་པོར་ལྟ་རུ་ཡོང་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད་ཀྱང༌། ད་ལྟའི་ཆར་འཛིན་གྲྭའི་དགེ་རྒན་མཐོང་སར་ཡོང་མེད་པ་དང༌། ཁ་སང་ཕྱི་དྲོར་ཉེན་རྟོག་ཁང་གིས་བུ་ཆུང་གི་ཁྱིམ་མི་ཚོ་སློབ་གྲྭའི་ནང་སྐད་བཏང་སྟེ། བུ་ཆུང་གིས་རང་ཤི་བརྒྱབ་པ་གསལ་བོ་བྱུང་ཡོད་ལུགས་དང༌། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཚུལ་བརྗོད་ཡོད་འདུག

གསར་འགོད་པ། པདྨ་མཚོ།  

འབྲེལ་ཡོད་གསར་འགྱུར།

ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

ཆུ་ཚོད་ ༡༠ སྔོན་ལ།
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

༢༠༢༦/༠༥/༠༢
བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

༢༠༢༦/༠༥/༠༡

མཆན། 1

  1. དཔལ་ལྡན་བྷ་ཟླ། says:
    ལོ་ 13 སྔོན།

    ལོ་རེར་རྒྱ་ནག་ནང་རང་ཤི་རྒྱ་མཁན་སློབ་མ་ག་ཙམ་བྱུང་ཡོད་པ་མ་ཤེས་སམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese