རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟེར་བ་དེ་ཟླ་འདིའི་ཚེས་ ༩ ནས་ ༡༢ བར་གྱི་ཉིན་བཞིའི་རིང་པེ་ཅིན་དུ་ཚོགས་ཡོད་ཅིང་། ཚོགས་འདུ་དེར་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱིས་མགོ་འཛིན་བྱས་ཤིང་། ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་། ཊྲང་ཏི་ཅཱང་། ཡུས་ཊིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཊང་ཀའོ་ལིས་བཅས་དབུས་ཚབ་སྲིད་སྡེ་ཚན་གྱི་མི་སྣ་ ༧ གཙོ་བོར་བྱས་ཏེ་ཚོགས་མི་ ༣༧༣ ཙམ་ཚོགས་ཞུགས་བྱས་ཡོད་འདུག ཁ་སང་ཚེས་ ༡༣ ཉིན་ད་རེབ་ཚོགས་འདུའི་མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ཆ་ཚང་གཤམ་དུ་བཀོད་ཡོད།
“ ཚང་འཛོམས་གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་བྱས། གཅིག་གྱུར་ཏུ་བལྟས་ན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་ སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་ བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ ཕྱོགས་ཡོངས་སུ་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་ བསྒྲེངས་པ་དང་། ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་བོ་རྒྱུན་འཁྱོངས་བྱས་ཤིང་། ཧུར་ཐག་གིས་བརྟན་འཇགས་ངང་འཕར་སྣོན་དང་གྲུབ་ཚུལ་ལེགས་སྒྲིག བཅོས་སྒྱུར་ལ་ཡར་སྐུལ་བཅས་བྱས་ཏེ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་བརྟན་བརླིང་གིས་ཁ་གཏད་འཇལ་ནས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཡོངས་སུ་སྤེལ་བ་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཡོངས་སུ་སྤེལ་ཞིང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཟབ་ནན་སྒོས་སྤེལ་ཏེ། བྱ་བ་སྣ་ཚོགས་ཐད་ནས་འཕེལ་རིམ་གསར་བ་བླངས་བ་དང་། འཕེལ་རྒྱས་ཀྱི་ཕན་འབྲས་སྔར་ལས་མང་པོས་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་བཏགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ལོ་དང་པོར་མགོ་བཟང་བོ་ཞིག་བརྩམས་པར་འདོད།
ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ་ལོ་སོ་ལྔ་འགོར་བའི་རིང་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལག་ལེན་བཟང་བོ་དང་རླབས་ཆེན་གྲུབ་འབྲས་ལ་ གདེང་འཇོག་མཐོན་པོ་བྱས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱས་ལ། བཅོས་སྒྱུར་སྒོ་འབྱེད་ནི་ཏང་གིས་དུས་རབས་གསར་བའི་ཆ་རྐྱེན་འོག་རྒྱལ་ཡོངས་ རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤེལ་བའི་རླབས་ཆེན་གྱི་གསར་བརྗེ་གསར་ བ་ཡིན་པ་དང་། དེང་རབས་ཀྲུང་གོའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཡིན་ལ། དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་པའི་གནད་འགག་གི་གདམ་ག་ཡིན་ཞིང་། ཏང་དང་མི་དམངས་ཀྱི་ལས་དོན་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པའི་ནོར་ བུ་རྩ་ཆེན་ཡིན་པས། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ། འབྱོར་འབྲིང་སྤྱི་ཚོགས་ཡོངས་སུ་འགྲུབ་པར་བྱས་ཏེ། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ བྱེད་ན། ངེས་པར་དུ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ གཏིང་ཟབ་ཏུ་སྤེལ་དགོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ མཐོན་པོར་སྒྲེང་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པ། གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མཐུན་སྦྱོར་སྒོས་སྤེལ་བ། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་ འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པ་དང་མི་དམངས་སྔར་ལས་བདེ་ སྐྱིད་ལྡན་པར་བྱེད་པ་དེ་རྐང་འཛུགས་ས་དང་དམིགས་ཡུལ་དུ་བརྩིས་ནས། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་ཏུ་གཏོང་བ། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ནང་རྐྱེན་གྱི་གནོད་པ་མཐའ་གཅིག་ཏུ་སེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་མདུན་ལྗོངས་སྔར་ལས་ཡངས་ པོ་བསྐྲུན་པར་འབད་བརྩོན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ནི་ཀྲུང་ གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་དུ་བཏང་ ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་རྒྱུ་ དེ་ཡིན་པས། ངེས་པར་དུ་བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན། གཅིག་མཐུན་རང་བཞིན་བཅས་ལ་སྔར་ལས་དོ་སྣང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་དམངས་གཙོ་ཆབ་སྲིད། སྔོན་ཐོན་རིག་གནས། འཆམ་མཐུན་སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་མྱུར་དུ་གོང་འཕེལ་ལ་བཏང་ནས། ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ་བཅས་ཀྱི་གསོན་ཤུགས་ཡོད་ཚད་གཅིག་ལ་གཅིག་འགྲན་གྱིས་འདོན་དུ་འཇུག་པ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་བསྐྲུན་པའི་རྒྱུ་རྐྱེན་ཡོད་ཚད་ཆུ་མིག་བརྡོལ་བ་བཞིན་ དུ་འབྱུང་བར་བྱས་ཏེ། འཕེལ་རྒྱས་ཀྱི་ཕན་འབྲས་སྔར་ལས་མང་པོས་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ ཕན་འདོགས་དགོས།
ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཚོང་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་ པའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་ ནས། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཐུས་ཚང་དུ་གཏོང་བ་དང་། དེང་རབས་ཚོང་རའི་མ་ལག་དང་། ཆེ་ཕྱོགས་སྙོམས་སྒྲིག་མ་ལག སྒོ་འབྱེད་རྣམ་པའི་དཔལ་འབྱོར་མ་ལག་བཅས་མྱུར་དུ་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་སྔར་ལས་ཕན་ནུས་ཡོད་པ་དང་། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་སྲིང་སྒོས་འཕེལ་རྒྱས་སུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ལུགས་མཐུན་གྱིས་གཅིག་གྱུར་བྱེད་པའི་ཆབ་སྲིད་ སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་ནས། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་མྱུར་དུ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱབ་ཁབ་འཛུགས་སྐྲུན་བྱས་ཏེ། སྔར་ལས་རྒྱ་ཆེ་བ་དང་སྔར་ལས་ཕུན་སུམ་ཚོགས་ལ། སྔར་ལས་འཐུས་སྒོ་ཚང་བའི་མི་དམངས་དམངས་གཙོ་གོང་འཕེལ་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་རིག་གནས་ སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རིག་གནས་སྒྲིག་སྲོལ་གྱི་བཅོས་ སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་ནས། རིག་གནས་དོ་དམ་སྒྲིག་སྲོལ་དང་རིག་གནས་ཐོན་སྐྱེད་བདག་གཉེར་སྒྲིག་ལུགས་མྱུར་ དུ་འཐུས་ཚང་དུ་གཏོང་བ་དང་། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་དེང་རབས་རིག་གནས་ཚོང་ར་མ་ལག་ འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་དགོས། དམངས་འཚོར་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པའི་སྤྱི་ཚོགས་སྒྲིག་སྲོལ་ གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་ནས། ཡོང་སྒོ་བགོ་བཤའ་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་། ཐུན་མོང་ཕྱུག་པོར་འགྱུར་བར་ཡར་སྐུལ་བྱེད་པ། སྤྱི་ཚོགས་ཁྱབ་ཁོངས་ཀྱི་ལམ་ལུགས་གསར་སྐྲུན་སྤེལ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་ལུགས་མྱུར་ དུ་ཆགས་པར་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་གསོན་ཤུགས་རྒྱས་ཤིང་འཆམ་མཐུན་ཡིན་ལ་གོ་རིམ་ལྡན་པར་ཁག་ཐེག་བྱེད་ དགོས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་ སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མྱུར་དུ་བཙུགས་ཏེ། རྒྱལ་ཁོངས་བར་སྟོང་གསར་སྤེལ་འཐུས་ཚང་དུ་གཏོང་བ་དང་ཐོན་ཁུངས་གྲོན་ཆུང་གིས་ བཀོལ་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྒྲིག་སྲོལ་དང་སྒྲིག་ལུགས་ འཐུས་ཚང་དུ་བཙུགས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་གོང་འཕེལ་དུ་འགྲོ་བའི་དེང་རབས་ཅན་གྱི་འཛུགས་ སྐྲུན་གྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པར་སྲིད་འཛིན་པ་དང་དམངས་གཙོའི་སྒོ་ནས་སྲིད་འཛིན་པ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཏང་གི་འཛུགས་སྐྲུན་ གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་ནས། དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་མགོ་ཁྲིད་སྒྲིག་སྲོལ་དང་སྲིད་འཛིན་ཐབས་ཤེས་འཐུས་ཚང་དུ་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་སྲུང་འཛིན་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ན། ངེས་པར་དུ་རང་རྒྱལ་ཡུན་རིང་བོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་ གནས་པའི་དོན་དངོས་ཆེས་ཆེན་པོ་འདི་ལ་རྐང་འཛུགས་པ་དང་། འཕེལ་རྒྱས་ནི་སྔར་བཞིན་རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་གནད་འགག་ ཡིན་པའི་འཐབ་ཇུས་ཀྱི་བརྡར་ཤ་གལ་ཆེན་འདི་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་དང་། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་གཉིས་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི་གཉིས་འོས་འཚམ་འབྱུང་བར་སྐུལ་འདེད་ གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་བདེ་བླག་ངང་གོང་འཕེལ་དུ་འགྲོ་བར་ སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ནས་དཔལ་འབྱོར་སྒྲིག་སྲོལ་ བཅོས་སྒྱུར་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གཙོ་གནད་ཡིན་ ལ། དེའི་གནད་དོན་གཙོ་བོ་ནི་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ ཏེ། ཚོང་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ནས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་ འཇུག་རྒྱུ་དང་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་བོར་འདོན་རྒྱུ་དེ་ཡིན་ཞེས་ བསྟན།
ཚང་འཛོམས་གྲོས་ཚོགས་ནས་ནན་གྱི་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ཀྱི་ལག་ལེན་བཟང་བོས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ ཟབ་ཏུ་སྤེལ་བར་ཉམས་མྱོང་གལ་ཆེན་འདོན་སྤྲོད་བྱས་ཏེ། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས། ཆེས་གལ་ཆེ་བ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་གཞི་རྩའི་ལམ་ཕྱོགས་ ལག་བསྟར་བྱས་ཏེ། བཀག་སྡོམ་བག་འཁུམ་གྱི་ལམ་རྙིང་ལ་མི་འགྲོ་བ་དང་། ལུགས་འགལ་དཔེ་མེད་ཀྱི་ལོག་ལམ་དུ་མི་འགྲོ་བར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་ འཁྱོངས་བྱས་ཏེ། བཅོས་སྒྱུར་གྱི་ཁ་ཕྱོགས་ཡང་དག་ནམ་ཡང་སྲུང་འཛིན་བྱེད་རྒྱུ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། སྐབས་བསྟུན་མདུན་སྐྱོད། དངོས་གཉེར་དངོས་སྒྲུབ་བཅས་རྒྱུན་འཁྱོངས་བྱས་ཏེ། ཡོད་ཚད་དོན་དངོས་ལ་རྐང་བཙུགས་ནས། རྒྱལ་ནང་གི་བྱེད་ཐབས་བཟང་བོ་སྤྱི་སྡོམ་དང་ཕྱི་རྒྱལ་གྱི་ཕན་པ་ཡོད་པའི་ཉམས་ མྱོང་ལ་སློབ་སྦྱོང་བྱས་ཏེ། གཞུང་ལུགས་དང་ལག་ལེན་གསར་སྐྲུན་བྱེད་ཕོད་རྒྱུ། མི་རྩ་བར་འཛིན་པ་རྒྱུན་འཁྱོངས་དང་མི་དམངས་ཀྱི་གོ་གནས་གཙོ་བོར་བརྩི་བཀུར་ བྱེད་པ་དང་། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་པ། མི་དམངས་ལ་དམ་དུ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། མིའི་ཕྱོགས་ཡོངས་ཀྱི་གོང་འཕེལ་ལ་ཡར་སྐུལ་བྱེད་རྒྱུ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤོབས་པ་ཆེ་དགོས་པ་དང་གོམ་པ་བརྟན་དགོས་ལ། མཐོ་རིམ་ནས་ཇུས་འགོད་བྱེད་པ་དང་ཚོད་ལྟ་བྱས་ཏེ་ལག་ལེན་བྱེད་པ་གཉིས་ཟུང་ འབྲེལ་བྱེད་པ་དང་། ཡོངས་ཁྱབ་ཏུ་སྤེལ་བ་དང་གནད་འགག་བརྒལ་གཏོར་གཉིས་ཀྱིས་ཕན་ཚུན་ལ་ཡར་སྐུལ་བྱས་ ཏེ། བཅོས་སྒྱུར་ཇུས་ཆོད་ཀྱི་ཚན་རིག་རང་བཞིན་ཇེ་མཐོར་གཏོང་བ་དང་། ཐུན་མོང་གི་ལྟ་བ་ཡོངས་ཁྱབ་ཏུ་གཅིག་སྡུད་བྱས་ནས། བཅོས་སྒྱུར་གྱི་སྡོམ་ཤུགས་ཤིག་ཆགས་པར་བྱེད་རྒྱུ་དེ་ཡིན།
ཚང་འཛོམས་གྲོས་ཚོགས་ནས་ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས། ཁྱབ་ཁོངས་གལ་ཆེན་དང་གོ་རིམ་གནད་འགག་གི་བཅོས་སྒྱུར་ཐད་ནས་ཐག་གཅོད་རང་བཞིན་ གྱི་ཕན་འབྲས་བླངས་ཏེ། མ་ལག་ཆ་ཚང་བ་དང་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་ལ། འཁོར་སྐྱོད་ཕན་འབྲས་ལྡན་པའི་ལམ་ལུགས་དང་སྒྲིག་སྲོལ་ཆགས་པར་བྱས་ཏེ། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་ཕུན་ཚོགས་དང་སྔར་ལས་འཐུས་ཚང་དུ་གཏོང་དགོས་ པའི་རེ་བ་བཏོན།
ཚང་འཛོམས་གྲོས་ཚོགས་ནས་བཅོས་སྒྱུར་ཕྱོགས་ཡོངས་ ནས་གཏིང་ཟབ་ཏུ་སྤེལ་བཀོད་སྒྲིག་ཆ་ཚང་བྱས་ཏེ། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཐུས་ཚང་དུ་གཏོང་བ་དང་། དེང་རབས་ཚོང་རའི་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ། ནོར་ཁྲལ་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྒྲིག་སྲོལ་དང་སྒྲིག་ལུགས་འཐུས་ཚང་ དུ་གཏོང་བ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་བ་འཛུགས་པ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་ པ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པ། དབང་ཆ་བཀོལ་སྤྱོད་ཀྱི་ཚོད་འཛིན་དང་ལྟ་སྐུལ་མ་ལག་ཇེ་དམ་དུ་གཏོང་བ། རིག་གནས་སྒྲིག་སྲོལ་སྒྲིག་ལུགས་གསར་སྐྲུན་བྱེད་པ། སྤྱི་ཚོགས་ལས་དོན་བཅོས་སྒྱུར་དང་གསར་སྐྲུན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་གསར་སྐྲུན་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མྱུར་དུ་འཛུགས་སྐྲུན་བྱེད་པ། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཏང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ལ་ཤུགས་ སྣོན་དང་ལེགས་བཅོས་བྱེད་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོ་ཡིན་ལ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གཞི་ རྩའི་དཔལ་འབྱོར་ལམ་ལུགས་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྒྱབ་རྟེན་གལ་ཆེན་ ཡིན་ལ། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་རྨང་གཞི་ཡིན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་ དཔལ་འབྱོར་ཚང་མ་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ ཡིན་ལ། ཚང་མ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ ཡིན་པས། ངེས་པར་དུ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བློ་བརྟན་འགྱུར་མེད་སྒོས་ སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་དབང་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་དབང་དཔལ་འབྱོར་གྱི་གསོན་ཤུགས་དང་ཚོད་འཛིན་གྱི་ཤུགས། ཤན་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ལ། ངེས་པར་དུ་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་བློ་བརྟན་ འགྱུར་མེད་སྒོས་སྐུལ་སློང་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་ཀྱི་ ནུས་ཤུགས་བསྐྱེད་དགོས། ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དབང་བའི་ལམ་ལུགས་མཉམ་འདྲེས་ཀྱི་དཔལ་འབྱོར་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས། རྒྱལ་དབང་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་ གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ རྒྱབ་སྐྱོར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ནས། གཅིག་གྱུར་གྱིས་སྒོ་འབྱེད་པ་དང་འགྲན་རྩོད་ལ་གོ་རིམ་ལྡན་པའི་ཚོང་རའི་མ་ལག་ འཛུགས་པ་ནི། ཚོར་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་ པའི་རྨང་གཞི་ཡིན་པས། ངེས་པར་དུ་ཁེ་ལས་ཀྱིས་རང་བདག་གིས་ཚོང་གཉེར་དང་འདྲ་མཉམ་སྒོས་འགྲན་རྩོད་བྱེད་ པ་དང་། འཛད་སྤྱོད་པས་རང་དབང་གིས་གདམ་གསེས་དང་རང་བདག་གིས་འཛད་སྤྱོད་བྱེད་པ། ཚོང་རྫས་དང་རྒྱུ་རྐྱེན་རང་དབང་གིས་འཁོར་རྒྱུགས་དང་འདྲ་མཉམ་གྱིས་བརྗེ་རེས་ བྱེད་པའི་དེང་རབས་ཚོང་རའི་མ་ལག་མྱུར་དུ་ཆགས་པར་བྱས་ཏེ། ཚོང་རའི་ཚད་བཀག་ཧུར་ཐག་གིས་གཏོར་ནས། ཐོན་ཁུངས་བཀོད་སྒྲིག་གི་ཕན་འབྲས་དང་འདྲ་མཉམ་རང་བཞིན་ཇེ་མཐོར་གཏོང་དགོས། འདྲ་མཉམ་དང་སྒོ་འབྱེད། མངོན་གསལ་གྱི་ཚོང་རའི་སྒྲིག་སྲོལ་བཙུགས་ཏེ། གཙོ་བོ་ཚོང་རས་རིན་གོང་ཐག་གཅོད་པའི་སྒྲིག་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་འཛུགས་སྐྲུན་ཐད་བཀོལ་སའི་ཚོང་ར་ འཛུགས་དགོས་ལ། དངུལ་ལོར་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ཚན་རྩལ་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། ཚན་རིག་གི་ཁེ་ཕྱོགས་སྙོམས་སྒྲིག་དང་ནུས་ལྡན་གྱི་སྲིད་གཞུང་གི་བཅོས་སྐྱོང་ ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ཁྱད་སྟོབས་འདོན་ པའི་ནང་མཁོའི་རེ་བ་ཡིན་པས། ངེས་པར་དུ་སྲིད་གཞུང་གི་འགན་ནུས་དངོས་སུ་བསྒྱུར་བ་དང་། སྲིད་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སྲིད་འཛིན་དོ་དམ་བྱེད་ཐབས་གསར་སྐྲུན་བྱེད་པ། སྲིད་གཞུང་གི་སྤྱིའི་ཡིད་རྟོན་ནུས་ཤུགས་དང་ལག་བསྟར་ནུས་ཤུགས་ཇེ་དྲག་ཏུ་ གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་དང་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། ཆེ་ཕྱོགས་སྙོམས་སྒྲིག་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་དང་ཡང་དག་པར་ལག་བསྟར་བྱས་ཏེ། སྲིད་གཞུང་རྩ་འཛུགས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་སྟེ་ཚན་རིག་དོ་དམ་གྱི་ཆུ་ ཚད་ཇེ་མཐོར་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་དང་རྒྱབ་རྟེན་གལ་ཆེན་ཡིན་ལ། ཚན་རིག་དང་མཐུན་པའི་ནོར་སྲིད་སྒྲིག་སྲོལ་ནི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་ སུ་གཏོང་བ་དང་། ཚོང་རའི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་འདྲ་མཉམ་ལ་ཡར་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པ་བཅས་ཐད་ཀྱི་ལམ་ལུགས་ཀྱི་ འགན་སྲུང་ཡིན་པས། ངེས་པར་དུ་ཁྲིམས་འཛུགས་འཐུས་ཚང་དང་། འགན་དབང་གསལ་བོ། ཁྲལ་ལུགས་བཅོས་སྒྱུར། ཁྲལ་དངུལ་བརྟན་འཇགས། སྔོན་རྩིས་མངོན་གསལ། ཕན་འབྲས་མཐོར་འདེགས་བཅས་ལ་བརྟེན་ནས་དེང་རབས་ནོར་སྲིད་ལམ་ལུགས་བཙུགས་ཏེ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་འདོན་སྤེལ་བྱེད་དགོས་ལ། སྔོན་རྩིས་དོ་དམ་ལམ་ལུགས་ལེགས་བཅོས་དང་ཁྲལ་བསྡུ་ལམ་ལུགས་འཐུས་ཚང་དུ་བཏང་ནས། འགན་དབང་དང་འགྲོ་སྒོའི་འགན་ཁུར་ཕན་ཚུན་ལུགས་མཐུན་ཡིན་པའི་ལམ་ལུགས་འཛུགས་ དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། གྲོང་ཁྱེར་དང་གྲོང་གསེབ་སྣ་གཉིས་ཅན་ནི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ གཞི་གཅིག་ཅན་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་གཙོ་བོ་ཡིན་པས། ངེས་པར་དུ་སྒྲིག་སྲོལ་དང་སྒྲིག་ལུགས་འཐུས་ཚང་དུ་བཏང་ནས། བཟོ་ལས་ཀྱིས་ཞིང་ལས་ལ་ཡར་སྐུལ་བྱེད་པ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པ། བཟོ་ལས་དང་ཞིང་ལས་ཀྱིས་ཕན་ཚུན་ལ་ཕན་འདོགས་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་བཟོ་ལས་དང་ཞིང་ལས་དང་གྲོང་ཁྱེར་དང་ གྲོང་གསེབ་ཀྱི་འབྲེལ་བ་གསར་བ་ཞིག་ཆགས་པར་བྱས་ཏེ། རྒྱ་ཆེའི་ཞིང་པ་འདྲ་མཉམ་སྒོས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཞུགས་སུ་འཇུག་པ་ དང་མཉམ་དུ་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། ཞིང་ལས་བདག་གཉེར་གྱི་མ་ལག་གསར་བ་མྱུར་དུ་བཙུགས་ནས། ཞིང་པར་རྒྱུ་ནོར་གྱི་དབང་ཆ་སྔར་ལས་མང་བོ་སྟེར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་གྱིས་བརྗེ་རེས་དང་ སྤྱི་པའི་ཐོན་ཁུངས་དོ་མཉམ་གྱིས་བཀོད་སྒྲིག་བྱས་ཏེ། མཁར་གྲོང་ཅན་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བའི་སྒྲིག་སྲོལ་དང་སྒྲིག་ལུགས་ འཐུས་ཚང་དུ་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་གནས་བབ་གསར་བ་དང་མཐུན་པར་བྱེད་དགོས་ན། ངེས་པར་དུ་ཕྱི་ནང་གཉིས་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། ནང་འདྲེན་དང་ཕྱིར་གཏོང་བྱེད་པ་གཉིས་ཟུང་འབྲེལ་སྔར་ལས་བཟང་བོ་བྱེད་དགོས་པར་ མ་ཟད། རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱུ་རྐྱེན་གཉིས་གོ་རིམ་ལྡན་པ་དང་རང་དབང་སྒོས་ འཁོར་རྒྱུགས་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་བཟང་བོ་བྱེད་པ། ཚོང་ར་གཏིང་ཟབ་སྒོས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་འགྲན་རྩོད་གསར་བའི་ཁྱད་སྟོབས་མྱུར་དུ་སྐྱེད་ སྲིང་དང་ཁྲིད་སྟོན་བྱས་ཏེ། སྒོ་འབྱེད་ལ་བརྟེན་ནས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། དངུལ་གཏོང་གི་ཚད་བཀག་ཇེ་ཡངས་སུ་གཏོང་བ་དང་། རང་མོས་ཉོ་ཚོང་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱས་ནས། ནང་ལོག་དང་མཐའ་ཁུལ་གྱི་སྒོ་འབྱེད་ཚད་རྒྱ་བསྐྱེད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ་གཞི་རྩ་ཡིན་པར་ཁག་ཐེག་ བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་ བཅས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས། དམངས་གཙོ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་བྱེད་ཐབས་ཕུན་སུམ་ཚོགས་པར་གཏོང་བར་སྔར་ལས་མཐོང་ཆེན་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་ འདོན་སྤེལ་གང་ལེགས་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་བབ་བསྟུན་མདུན་སྐྱོད་བྱེད་པར་སྐུལ་ འདེད་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཁྱབ་ཆེ་ཞིང་རིམ་པ་མང་པའི་ལམ་ལུགས་ཅན་དུ་བསྒྱུར་བར་སྐུལ་ འདེད་བཏང་སྟེ། གཞི་རིམ་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཁྲིམས་འཛིན་སྒྲིག་སྲོལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དྲང་བདེན་དང་ཕན་ནུས་ཆེ་ཞིང་དབང་གྲགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ འཛིན་ལམ་ལུགས་མྱུར་དུ་འཛུགས་སྐྲུན་བྱས་ནས། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པ་དང་། སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་སྟེ། ཁྲིམས་ལྟར་རང་བཙན་དང་དྲང་བདེན་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ བཀོལ་སྤྱོད་བྱེད་པ་དང་། ཁྲིམས་འཛིན་དབང་ཆ་བཀོལ་སྤྱོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་འཛིན་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། ལམ་ལུགས་ཀྱིས་དབང་ཆར་དོ་དམ་དང་དོན་དག་ལ་དོ་དམ། མི་ལ་དོ་དམ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱིས་དབང་ཆ་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་བྱེད་པ་དང་། དབང་ཆ་མངོན་གསལ་སྒོས་བཀོལ་སྤྱོད་བྱེད་རྒྱུ་ནི་ལམ་ལུགས་ཀྱིས་དབང་ཆ་ལ་ཚོད་ འཛིན་བྱེད་པའི་གཞི་རྩའི་བྱེད་ཐབས་ཤིག་ཏུ་བསྒྱུར་དགོས་ན། ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་འཐབ་ཇུས་འགོད་པ་དང་། རྦད་ཆོད་སྒོས་ལག་བསྟར་བྱེད་པ། ལྟ་སྐུལ་ནུས་ལྡན་ཡིན་པ་བཅས་ཀྱི་དབང་ཆ་བཀོལ་སྤྱོད་ལམ་ལུགས་འཛུགས་སྐྲུན་བྱེད་ དགོས་པ་དང་། རུལ་སུངས་ལ་ཁྲིམས་ཆད་གཅོད་པ་དང་སྔོན་འགོག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་ གཏོང་བ། སྤྱོད་གཙང་ཆབ་སྲིད་འཛུགས་སྐྲུན་བྱས་ནས། ལས་བྱེད་པའི་བྱ་སྤྱོད་གཙང་བ་དང་སྲིད་གཞུང་གི་བྱ་སྤྱོད་གཙང་བ། ཆབ་སྲིད་ཀྱི་བྱ་སྤྱོད་གཙང་བ་བཅས་ཧུར་ཐག་སྒོས་མངོན་འགྱུར་བྱེད་དགོས། ཚན་རིག་དང་ནུས་ལྡན་གྱི་སྒོ་ནས་དབང་ཆ་ལ་ཚོད་འཛིན་དང་མཐུན་སྦྱོར་བྱེད་པའི་ལམ་ ལུགས་ཆགས་པར་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་དང་སྒྲིག་སྲོལ་གསར་སྐྲུན་བྱེད་པ་དང་ ལམ་ལུགས་ལ་འགན་སྲུང་བྱེད་པར་ཤུགས་བསྣན་ཏེ། སྤྱོད་ཚུལ་ལེགས་བཅོས་བྱེད་རྒྱུ་རྒྱུན་ལྡན་ཅན་དུ་བསྒྱུར་བའི་ལམ་ལུགས་འཐུས་ ཚང་དུ་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་ཇེ་ཆེར་གཏོང་དགོས་ན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ བགྲོད་ལམ་རྒྱུན་འཁྱོངས། མི་དམངས་གཙོ་ཡིན་པའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ནས། རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས། རིག་གནས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། དེང་རབས་རིག་གནས་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ནས། རིག་གནས་སྒོ་འབྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བོས་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ ལ་ཕན་འདོགས་དགོས་ན། ངེས་པར་དུ་སྤྱི་ཚོགས་ལས་དོན་མྱུར་དུ་བཅོས་བསྒྱུར་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དོན་དངོས་ཀྱི་ཁེ་ཕན་གནད་དོན་ ཐག་གཅོད་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་དགོས་མཁོ་བསྐོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ལས་ཞུགས་གསར་སྐྲུན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལུགས་མཐུན་དང་གོ་རིམ་ལྡན་པའི་ཡོང་སྒོ་བགོ་བཤའི་རྣམ་པ་ཆགས་པར་བྱེད་པ་དང་། སྔར་ལས་དྲང་བདེན་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་ སྐྲུན་བྱས་ནས། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ བསྟན།
ཚང་འཛོམས་གྲོས་ཚོགས་ནས། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་ན། ངེས་པར་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་དམིགས་ ཏེ། ཚད་ཆེས་མཐོ་བའི་སྒོ་ནས་འཆམ་མཐུན་རྒྱུ་རྐྱེན་ཇེ་མང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་དགོས་ལ། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ སྲུང་སྐྱོབ་བྱེད་དགོས་ཤིང་། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་འཇགས་ལ་གོ་རིམ་ཡོད་པར་འགན་ སྲུང་བྱེད་དགོས། སྤྱི་ཚོགས་ཀྱི་བཅོས་སྐྱོང་རྣམ་པ་ལེགས་བཅོས་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ གསོན་ཤུགས་བསྐྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་ཞི་འཇགས་སུ་གཏོང་ བའི་སྒྲིག་སྲོལ་གསར་སྐྲུན་བྱེད་དགོས་ལ། སྤྱི་བའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་ སྲོལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་ འཇགས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ན། ངེས་པར་དུ་མ་ལག་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་པ་དང་ལམ་ལུགས་ལ་ བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་བཀོལ་སྤྱོད་དོ་དམ་ལམ་ ལུགས་ཆ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཡུལ་གཏན་འཁེལ་དང་ཐོན་ཁུངས་ལ་རིན་སྤྲད་དེ་བཀོལ་ སྤྱོད་བྱེད་པའི་ལམ་ལུགས་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱེད་དགོས་ཞེས་ བསྟན།
ཚང་འཛོམས་གྲོས་ཚོགས་ནས། ཏང་གི་བཀོད་འདོམས་ལ་ཉན་ཞིང་རྒྱལ་ཁ་ལེན་ཐུབ་པ་དང་བྱ་སྤྱོད་བཟང་བའི་མི་དམངས་ དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པའི་ཏང་གིས་གནས་བབ་གསར་བའི་འོག་གི་དམག་དཔུང་ སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དང་འབྲེལ་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འབུར་ ཐོན་གནད་དོན་གཙོར་བཟུང་ནས་ཐག་གཅོད་པ་དང་། དམག་དོན་རིགས་གཞུང་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། དམག་དོན་གྱི་འཐབ་ཇུས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་དུས་སྐབས་གསར་བའི་དམག་དོན་ གྱི་འཐབ་ཇུས་དང་བྱེད་ཕྱོགས་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་ རབས་དམག་དོན་སྟོབས་ཤུགས་མ་ལག་འཛུགས་སྐྲུན་བྱེད་དགོས། དམག་དཔུང་གི་སྒྲིག་སྲོལ་དང་སྒྲིག་ལུགས་སྙོམས་སྒྲིག་བཅོས་སྒྱུར་གཏིང་ཟབ་ཏུ་ སྤེལ་བ་དང་དམག་དཔུང་གི་སྲིད་ཇུས་དང་ལམ་ལུགས་ལ་སྙོམས་སྒྲིག་བཅོས་སྒྱུར་བྱེད་ པར་སྐུལ་འདེད་བཏང་ནས་དམག་དམངས་མཉམ་འབྲེལ་གྱིས་གོང་འཕེལ་དུ་འགྲོ་བར་སྐུལ་ འདེད་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ན། ངེས་པར་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ལ་བཀོད་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་མགོ་ ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ལ། ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ནུས་པ་ཇེ་ཆེར་གཏོང་བ་དང་བཅོས་སྒྱུར་ཐད་ ནས་བླངས་པའི་གྲུབ་འབྲས་ལ་འགན་སྲུང་བྱེད་དགོས། ཀྲུང་དབྱང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ ཆུང་བཙུགས་ཏེ། བཅོས་སྒྱུར་གྱི་སྤྱིའི་ཇུས་འགོད་དང་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་ བྱེད་པ། ཁྱོན་ཡོངས་ལ་ཡར་སྐུལ་བྱེད་པ། ལྟ་རྟོག་དངོས་འབེབས་བྱ་བ་བཅས་ཀྱི་འགན་འཁུར་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་བཅོས་སྒྱུར་གྱི་མགོ་ཁྲིད་འགན་ཁུར་ལག་བསྟར་ནན་མོ་ བྱེད་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཤེས་ལྡན་མི་སྣ་ འཛོམས་པའི་སྒྲིག་སྲོལ་ནང་རྐྱེན་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་བཟང་བོ་བྱེད་དགོས་ལ། ས་གནས་དང་གཞི་རིམ། མང་ཚོགས་བཅས་ཀྱིས་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་པར་སྐུལ་མ་བཏང་ནས་དུས་ཐོག་ ཏུ་ཉམས་མྱོང་སྤྱི་སྡོམ་བྱེད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ནས། དེང་སྐབས་ཀྱི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཀྲུང་དབྱང་གི་ བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ ཆེན་དང་གཅིག་གྱུར་བྱས་ཏེ། ཡར་བརྩོནའདུ་ཤེས་དང་གོ་སྐབས་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས་ལ། སྤོབས་པ་ཆེན་པོས་ལག་ལེན་དང་འཚོལ་ཞིབ་བྱེད་པ་དང་གཅིག་གྱུར་སྒོས་འཆར་འགོད་དང་ མཐུན་སྦྱོར་བྱེད་པར་ཡིད་འཇོག་བྱེད་དགོས་པར་མ་ཟད། བཅོས་སྒྱུར་གྱི་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་མགོ་ཁྲིད་ཀྱི་འགན་ འཁྲི་དངོས་འབེབས་བཟང་བོ་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་བཅོས་སྒྱུར་ཐབས་ཇུས་དང་བཀོད་སྒྲིག་ མངོན་འགྱུར་བྱེད་དགོས། ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། བརྟན་འཇགས་ཁྲོད་ནས་བརྩོན་ལེན་བྱེད་པ་དང་བརྟན་འཇགས་ཁྲོད་ནས་གྲུབ་འབྲས་ལེན་པ་ རྒྱུན་འཁྱོངས་བྱས་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས། མང་ཚོགས་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ་ དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་ནས་མུ་མཐུད་དུ་ ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་ཧུར་ ཐག་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་ནས། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། གསར་གཏོད་བརྩོན་ལེན་དང་དཀའ་ཁག་ཁྱབ་བསལ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་ གྲུབ་འབྲས་གསར་བ་ལེན་དགོས་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་མུ་མཐུད་དུ་ཀྲུང་ གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་ འགྱུར་བྱེད་པ་བཅས་ཀྱི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང” ཞེས་བཀོད་འདུག