མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ལཊ་སུ་ཉེན་བརྡ་འབྱོར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སྐོར་སྐྱོད་དང་གནས་མཇལ་གྲུབ་སྟེ་ཕྱིར་ལྡི་ལིར་འབྱོར་ཡོད་པ་དང་མི་འགྱངས་པར་ངྷ་རམ་ས་ལར་འབྱོར་རྒྱུ་ཡིན་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་བོད་དོན་རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་རྒྱ་གར་དུ་འབྱོར་ཏེ་རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་དང་། གདན་ས་གསུམ་གཙོས་དགོན་སྡེ་ཁག་ནང་སྐོར་སྐྱོད་ཀྱིས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་བསྔོ་སྨོན་སྐྱབས་འཇུག་ཕུལ་ཡོད་པ་དང་། དེ་བཞིན། སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བོད་དོན་སྐོར་སྐྱོད་དང་འབྲེལ་བའི་གཏམ་བཤད་སོགས་གནང་གྲུབ་སྟེ། ཁ་སང་མོན་གྷོལ་ནས་ཕྱིར་ལྡི་ལིར་ཕྱིན་ཡོད་པ་དང་། མི་འགྱངས་བར་དྷ་རམ་ས་ལར་འབྱོར་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རིན་པོ་ལགས་སུ། ཟླ་གཅིག་ཙམ་གྱི་རིང་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་དང་དགོན་སྡེ་ཁག་ཏུ་སྐོར་སྐྱོད་གནང་བའི་སྐོར་དྲིས་པར་ཁོང་གིས། “ ང་བལ་ཡུལ་དུ་བསླེབས་ནས་ཉིན་གཅིག་ཙམ་འགོར་རྗེས། བོད་ཀྱི་རྒྱལ་དར་ཡོད་པའི་གྱོན་པ་གོན་ནས་མཆོད་རྟེན་སྐོར་དུ་ཕྱིན་ཡང་དམིགས་བསལ་གྱི་དཀའ་ངལ་དེ་འདྲ་འཕྲད་མ་སོང་།  ཡིན་ནའང་། ངོ་དེབ་ཀྱི་ནང་དུ་བོད་ཡིག་གི་འཕྲིན་ཐུང་གཉིས་བསླེབས་ཏེ། ཁྱེད་རང་ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་དང་ཁ་བྲལ་བ་ཡིན་སྟབས། ཁྱེད་ཀྱི་གནས་ཚང་དང་འབྲེལ་ཡོད་ཚོ་མི་རིང་བར་རེ་རེ་བཞིན་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་སོགས་བརྗོད་འདུག་སྟབས། བལ་ཡུལ་དུ་ཕ་ཡུལ་གཅིག་པ་དང་གྲོགས་པོ་གྲོགས་མོ་སོགས་མང་པོ་འདུག་ཀྱང་ཕན་ཚུན་འབྲེལ་འདྲིས་བྱས་མེད། དེ་ནས་ང་བལ་ཡུལ་དུ་ཡོད་དུས་གློག་འཕྲིན་ཐེངས་གཉིས་ལ་འཕྲོ་བརླག་ཏུ་སོང་ནས་ད་ལྟ་ཁའང་ཕྱེ་ཐུབ་ཀྱི་མི་འདུག དེ་མ་གཏོགས་གཞུང་གི་ངོས་ནས་དམིགས་བསལ་གྱིས་དཀའ་ངལ་སྤྲད་མ་སོང་།”ཅེས་བརྗོད་སོང་།

ཡང་ལྡི་ལི་ནས་དྷ་རམ་སར་ཡོང་འཆར་ཡོད་སྐོར་ཁོང་གིས། “དང་ཐོག་ལྡི་ལི་ནས་དྷ་ས་བར་རྐང་འཁོར་བཞོན་རྒྱུའི་འཆར་གཞི་མེད། འོན་ཀྱང་། འབྲེལ་ཡོད་ཚོས་རྐང་འཁོར་བཞོན་ན་ཡག་པོ་ཡོད་ལུགས་གསུངས་སོང་སྟབས། ཆུ་ཚོད་ཀྱིས་ཁོམ་ན་ལྡི་ལི་ནས་དྷ་ས་བར་རྐང་འཁོར་བཞོན་ནས་ཡོང་རྒྱུ་དང་། མ་བྱུང་ན་ཅན་དྷི་སྒར་ནས་དྷ་ས་བར་རྐང་འཁོར་བཞོན་ནས་ཡོང་རྒྱུ་ཡིན། དྷ་ས་ནས་ཉེ་འགྲམ་གྱི་སློབ་གྲྭ་ཆེ་ཁག་ནང་གཏམ་བཤད་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་གནང་འཆར་ཡོད་ས་རེད། འོན་ཀྱང་ངས་གསལ་བོ་ཤེས་ཀྱི་མེད།”ཅེས་བརྗོད་སོང་།

རིན་པོ་ལགས་ཀྱིས་ད་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་ཡུ་རོབ་ཀྱི་རྒྱལ་ཁབ་ ༡༣ དང་། ཨེ་ཤ་ཡའི་ནང་ཉི་ཧོང་དང་ཐའེ་ཝན། ཧོང་ཀོང་། བལ་ཡུལ། རྒྱ་གར་བཅས་ཁྱོན་རྒྱལ་ཁབ་ ༡༨ ཙམ་གྱི་ནང་སྐོར་སྐྱོད་དང་། ཕྱི་ལོ་ ༢༠༠༠ ནས་ ༢༠༡༢ བར་ཨ་རིའི་མངའ་སྡེ་ ༤༤ དང་ཁེ་ན་ཌ་བཅས་ཀྱི་ནང་དུ་བོད་དོན་སྐོར་སྐྱོད་གནང་ཡོད་འདུག  

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
Front Slider

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese