མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མནའ་མཐུན་རྒྱལ་ཁབ་ ༥༣ གྱི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཤི་རི་ལན་ཁར་དབྱིན་ཇིས་བཙན་བཟུང་བྱས་མྱོང་མཁན་རྒྱལ་ཁབ་ཁག་གི་ཚོགས་འདུ་ཞིག་ཚོགས་པ་དང་འབྲེལ་ཤི་རི་ལན་ཁ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ཁ་རྡུང་བཏང་།

དེ་རིང་སྔོན་མ་དབྱིན་ཇིའི་བཙན་འོག་ཏུ་ཚུད་མྱོང་བའི་མནའ་མཐུན་རྒྱལ་ཁབ་ཁག་ (Common Wealth Nation )གི་ཚོགས་འདུ་ཐེངས་ ༢༣ པ་དེ་ཤི་རི་ལན་ཁའི་རྒྱལ་སར་ཉིན་གསུམ་རིང་བསྐྱང་མགོ་ཚུགས་ཡོད་ཅིང་། ཚོགས་འདུ་དེར་རྒྱ་གར་དང་དབྱིན་ཡུལ། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། པ་ཀི་སི་ཐན་སོགས་རྒྱལ་ཁབ་ ༥༣ གྱི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་འདུག ཚོགས་འདུའི་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་དབྱིན་ལན་གྱི་རྒྱལ་སྲས་ཅལ་(Charles) ཡིན་པ་དང་། ཚོགས་འདུ་གཙོ་སྐྱོང་གནང་མཁན་ཤི་རི་ལན་ཁའི་སྲིད་འཛིན་མ་ཧིན་ཏ་ར་ཇེ་པག་སི་ ( Mahinda Rajapaksa) ཡིན་འདུག

ཚོགས་འདུ་དེའི་ནང་ད་ལྟ་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་ཁག་གཙོ་བོར་བཟུང་སྟེ་འཛམ་གླིང་ཞི་བདེ་དང་སྲུང་སྐྱོབ། དམངས་གཙོ། རྒྱལ་ཁབ་འཛིན་སྐྱོང་བྱེད་སྟངས། རྒྱུན་གནས་འཕེལ་རྒྱས། བུ་ལོན་སྟངས་འཛིན། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ། ཕོ་མོ་འདྲ་མཉམ། འཕྲོད་བསྟེན། འགྲོ་བ་མིའི་ཐོབ་ཐང་། བརྡ་འཕྲིན་ཚན་རྩལ། ཁྲིམས་ལུགས། དེ་བཞིན་རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་བྱེད་ཕྱོགས་སོགས་གྱི་ཐོག་གྲོས་བསྡུར་གནང་འཆར་ཡོད་འདུག    

རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་དང་ཁེ་ན་ཌའི་སྲིད་བློན་སེ་ཀྲི་ཕིན་ (Stephen Harper) ལགས། མོ་རི་ཤི་ཡ་ཡི་སྲིད་བློན་ཎ་འོན་ ( Navin Ramgoolam) སོགས་ཚོགས་འདུ་དེར་མཉམ་ཞུགས་གནང་མེད་ཅིང་། དེའི་ཐད་ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟའི་ཤི་རི་ལན་ཁའི་སྲིད་འཛིན་གྱིས་ ༢༠༠༩ ལོར་འདས་པའི་ལོ་མང་རིང་ཤི་རི་ལན་ཁའི་ནང་འཚོ་སྡོད་བྱེད་བཞིན་པའི་ཏ་མིལ་མི་རིགས་མཐར་སྐྲོད་གཏོང་ཆེད། དྲག་ཆས་དམག་མི་ཕོན་ཆེ་བཏང་སྟེ་ཏ་མིལ་མི་མང་ཁྲི་ ༤ ཙམ་དམར་གསོད་དང་། གྲངས་ཉུང་མི་རིགས་ཁག་ལ་འགྲོ་བ་མིའི་ཐོབ་ཐང་སྤྲད་མེད་པ་སོགས་ལ་བརྟེན་ཏེ་ཐེངས་འདིར་རྒྱ་གར་གྱི་སྲིད་བློན་ཚོགས་ཞུགས་གནང་མེད་སྐོར་བརྗོད་འདུག

དེ་བཞིན། ཁེ་ན་ཌའི་སྲིད་བློན་སེ་ཀྲི་ཕིན་དང་མོ་རི་ཤི་ཡ་ཡི་སྲིད་བློན་ཎ་འོན་གཉིས་ཚོགས་འདུར་ཞུགས་མེད་པའི་ཐད། ཤི་རི་ལན་ཁའི་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་མེད་པ་མ་ཟད། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་དང་གསར་འགོད་པ་མང་པོ་གནས་དབྱུང་བཏང་བ། ད་དུང་བུད་མེད་ལ་བཙན་གཡེམ་སོགས་མི་སྤྱོད་ལས་འདས་པའི་གནས་ཚུལ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་སྟབས་ཚོགས་འདུའི་ནང་ཆ་ཤས་བླངས་མེད་ཚུལ་བརྗོད་འདུག

དབྱིན་ལན་གྱི་སྲིད་བློན་ཌ་ཝུ་ཀྲི་ཀམ་རོན་ནས་ཀྱང་། ཤི་རི་ལན་ཁ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། ཉེས་མེད་མི་སེར་མང་པོར་མནར་གཅོད་གཏོང་གི་ཡོད་པ་ནི་ཆེས་ཐབས་རྡུགས་ཡིན་ཚུལ་དང་། ཚབས་ཆེའི་གནད་དོན་དེ་རིགས་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་པའི་གླེང་སློང་བྱས་ཡོད་འདུག འོན་ཀྱང་། ཤི་རི་ལན་ཁ་གཞུང་གིས་སྲིད་བློན་ཌ་ཝུ་ཀྲི་ཡིས་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ལས་དོན་དངོས་མིན་ཚུལ་དང་འབྲེལ་དབྱིན་ལན་ནི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་སྐོར་ལན་འདེབས་བྱས་འདུག ད་ལྟ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་འདུ་དེར་ལྟ་བ་དང་ལངས་ཕྱོགས་མཐུན་མིན་དབང་གིས་ཤོག་ཁག་གཉིས་ཆགས་བཞིན་ཡོད་འདུག

མནའ་མཐུན་རྒྱལ་ཁབ་མཐུན་ཚོགས་(Common Wealth Nation ) ཞེས་པ་དེ་ནི། དམག་ཆེན་གཉིས་པའི་གོང་དབྱིན་ཇི་བཙན་རྒྱལ་རིང་ལུགས་འོག་ཡོད་པའི་རྒྱལ་ཁབ་ཁག་གིས་ཆེད་འཛུགས་བྱས་པའི་བདེན་སྐྱོང་བདེ་ཚོགས་ཤིག་ཡིན་པ་དང་། མཐུན་ཚོགས་འདིས་ད་བར་ཚོགས་འདུ་ཐེངས་ ༢༣ ཙམ་འཚོགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
Front Slider

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese