མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོན་པའི་འཁྲུངས་ཡུལ་དང་འཁྲུངས་ལོ་ཤེས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ལུམ་བི་ནིའི་ལྷ་ཁང་ཞིག་ཏུ་གནའ་ཤུལ་ཤིང་དུམ་ཞིག་རྙེད་སོན་བྱུང་བར་ཞིབ་འཇུག་བྱས་པ་བརྒྱུད་དེ་སྟོན་པ་ཤཱཀྱ་ཐུབ་པ་ནི་སྟོན་པ་ཡེ་ཤུ་མ་བྱོན་སྔོན་གྱི་ལོ་ ༦༢༣ ཙམ་ལ་འཁྲུངས་པ་ར་སྤྲོད་བྱུང་ཡོད་འདུག

ཁ་སང་བྷེ་བྷེ་སི་གསར་ཁང་གི་ཚན་རྩལ་བསྐྱར་ཞིབ་ཚན་པར་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་དང་ཉི་ཧོང་ས་ཞིབ་ཚན་པ། དེ་བཞིན་རྒྱལ་སྤྱིའི་ས་ཞིབ་ཚན་པ་བཅས་ཀྱི་རོགས་རམ་འོག ཨ་རིའི་ཌོར་ཧམ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ས་ཁམས་ཆེད་མཁས་སྐུ་ཞབས་རོ་ལྦིན་( Robin Coningham )ལགས་ཀྱིས་སྣེ་འཁྲིད་པའི་ས་ཞིབ་ཚོགས་ཆུང་ཞིག་གིས་ད་ལོའི་ཕྱི་ཟླ་ ༡ པོ་ནས་མགོ་འཛུགས་ཀྱིས་བལ་ཡུལ་ལིམ་བི་ནིར་ཡོད་པའི་མ་ཡ་ཌེ་ཝེ་ལྷ་ཁང་(Maya Devi Temple)ཞེས་པ་དེར་འཚོལ་ཞིབ་བྱས་ཏེ། གདུང་ཤིང་(Timber)ཞིག་གསར་རྙེད་བྱུང་ཡོད་པ་དེར་ཡོ་ཆས་སྣ་ཚོགས་བརྒྱུད་ཞིབ་འཇུག་བྱས་འབྲས་སུ། ས་ཆ་དེ་ནི་ནང་པའི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་གསལ་བའི་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་ཤིང་སྡོང་གི་ཡལ་ག་ཞིག་ལ་བྱ་རྨྱང་བྱས་ཏེ་གཞོན་ནུ་དོན་གྲུབ་སྐུ་བལྟམས་པ་ཡིན་ཟེར་བའི་ས་དེ་ཡིན་པར་ངོས་ཟིན་ཐོབ་ཡོད་པ་མ་ཟད། དེས་གཞོན་ནུ་དོན་གྲུབ་ནི་ཕྱི་ལོའི་སྔོན་གྱི་ལོ་ ༦༢༣ ཙམ་ལ་སྐུ་འཁྲུངས་པ་ཞིག་ཡིན་པ་ལས། སྔོན་བྱོན་མཁས་པ་ཁག་ཅིག་དང་ནང་པའི་གསུང་རབ་དག་ཏུ་སྟོན་པའི་འཁྲུངས་ལོ་ ༣༤༠ – ༣༩༠ ཡིན་ཟེར་བ་དེ་ནོར་ཡོད་པ་བདེན་དཔང་བྱས་ཡོད་ཚུལ་བཀོད་འདུག

རྒྱལ་སྤྱིའི་གནའ་རྫས་ཞིབ་འཇུག་དུས་དེབ་ནང་། ཉི་ཧོང་དང་བལ་ཡུལ། རྒྱལ་སྤྱིའི་ས་གཤིས་ཞིབ་འཇུག་ཚན་པ་བཅས་ཀྱི་རྒྱབ་རོགས་འོག་གནའ་ཤུལ་ཞིབ་འཇུག་ཚན་པས་གསར་རྙེད་བྱུང་བའི་གདུང་ཤིང་དེ་བརྒྱུད་ནས་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཆོས་ལུགས་ཤིག་གིས་སྟོན་པ་འཁྲུངས་ཡུལ་དང་ལོ་ཚིགས་གསལ་རྟོགས་ཐུབ་ཡོད་པ་ནི་ཆེས་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། སྤྱིར་འཛམ་གླིང་མི་མང་དང་སྒོས་ནང་པའི་སྟོན་པ་མཆོག་གི་རྗེས་འབྲང་བ་དག་གི་བྱ་གཞག་རླབས་ཆེན་ཞིག་འགྲུབ་ཡོད་ཅེས་འཁོད་འདུག ཐེངས་འདིའི་ཞིབ་འཇུག་པ་རོ་ལྦིན་ལགས་ཀྱིས་’’ད་རེབ་གསར་དུ་རྙེད་པའི་ལྷ་ཁང་དེ་ནི་འཛམ་གླིང་ཐོག་གསར་རྙེད་བྱུང་བའི་གདོད་མའི་ནང་པའི་ལྷ་ཁང་ཐོག་མ་དེ་ཡིན་ཞིང་། འདི་བརྒྱུད་ནས་ནང་པའི་གསུང་རབ་དང་མཁས་དབང་ཁག་གི་བཞེད་པ་མི་མཐུན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ལོ་དང་འཁྲུངས་ཡུལ་གསལ་བོ་ཆགས་ཡོད་ལ། བལ་ཡུལ་གྱི་ནགས་གསེབ་ཅིག་ནས་༡༨༩༦ ལོར་གསར་རྙེད་བྱུང་བའི་རྒྱལ་པོ་ཨ་ཤཱོ་ཀས་ཕྱི་ལོ་ ༢༤༩ ལོར་བཞེངས་སྐྲུན་བྱས་པའི་རྡོ་རིང་སྟེང་། ལུམ་བི་ཎི་ནི་སངས་རྒྱས་བཅོམ་ལྡན་འདས་འཁྲུངས་ཡུལ་གྱི་ནང་པའི་གནས་ཆེན་ཞིག་ཡིན་ཞེས་འཁོད་འདུག་པ་དེ་ནི་ལོ་རྒྱུས་ཐོག་གི་བདེན་གཏམ་གལ་ཆེན་ཞིག་རེད་’’ཅེས་དང་། དེ་བཞིན་བལ་ཡུལ་རིག་གཞུང་བློན་ཆེན་རམ་ཀུ་མར་ཤེར་སེ་ཐ་ལགས་ཀྱིས་ཀྱང་། “གནའ་ཤུལ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ས་གང་ཞིག་ཏུ་དུས་ནམ་ཞིག་ལ་སྐུ་འཁྲུངས་ཡོད་མེད་ཁ་གསལ་འགྲེལ་བརྗོད་བྱས་ཏེ། ནང་པའི་ལོ་རྒྱུས་ཁྲོད་སྟོན་པའི་འཁྲུངས་ལོ་དང་འཁྲུངས་ཡུལ་སྐོར་གྱི་རྩོད་པ་ཞི་འཇགས་སུ་བཏང་བར་དགའ་སྤྲོ་ཆེན་པོ་བྱུང་ཞིང་། བལ་ཡུལ་གཞུང་གིས་རྩ་ཆེའི་གནས་ཆེན་དེར་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་’’ཞེས་སོགས་བརྗོད་འདུག

བལ་ཡུལ་གྱི་རུ་པན་དྷི་ཧི་རྫོང་ནང་ཡོད་པའི་ལུམ་བི་ནི་དེ། ཡུམ་སྒྱུ་མ་ལྷ་མཛེས་ལ་སྲས་གཞོན་ནུ་དོན་གྲུབ་སྐུ་བལྟམས་ཡུལ་ནང་པའི་གནས་ཆེན་བཞིའི་ཡ་གྱལ་ཞིག་ཏུ་བགྲང་གི་ཡོད་ཅིང་། གནས་མཆོག་དེར་སངས་རྒྱས་བཅོམ་ལྡན་འདས་དགུང་གྲངས་ ༢༩ བར་བཞུགས་ཡོད་པ་དང་། སྐབས་དེར་བཞེངས་འཕྲོར་ལྷག་པའི་མ་ཡ་དྷི་འུའི་ལྷ་ཁང་དང་། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་འཁྲུས་རྫིང་དང་སངས་རྒྱས་རང་གི་འཁྲུས་རྫིང་པུ་སི་ཁ་རྷ་ཎི། དེ་བཞིན་རྒྱལ་པོ་ཟས་གཙང་གི་མཁར་ཤུལ་སོགས་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས། གསར་རྙེད་བྱུང་བའི་གནའ་ཤུལ་དེ་དག་མཉམ་འབྲེལ་རྒྱལ་ཚོགས་རིག་དངོས་སྲུང་སྐྱོབ་ཁང་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་མི་སྒེར་སོགས་ཀྱིས་མ་སྐུལ་དང་བླང་ཐོག་སྲུང་སྐྱོབ་དང་གཅེས་སྤྲས་བྱ་གལ་ཆེ་སྐོར་བརྗོད་འདུག  གོང་གསལ་གནས་ཚུལ་ཞིབ་ཕྲའི་སྐོར་གྱི་༼ སྦས་སྐུང་ཤོར་བའི་སངས་རྒྱས་ཀྱི་རྩ་ཆེན་ཤུལ་ལུས༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག ལོ་རྗེས་མའི་ཕྱི་ཟླ་ ༢ པའི་ནང་འཛམ་གླིང་ས་བཤད་བརྙན་འཕྲིན་ཐོག་སྟོན་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 3

  1. ཕུན་ཚོགས། says:
    ལོ་ 13 སྔོན།

    ངོ་སྤྲོད་ལེགས་པོ་གནང་འདུག་པས་ཐུགས་རྗེ།

    Reply
  2. གླང་དར་མ། says:
    ལོ་ 13 སྔོན།

    ཤཱཀྱ་ཐུབ་པ་འཁྲུངས་འདས་ལོ་ཚིགས་སྐོར་ལ་རིགས་འདྲ་མིན་ 60 ལྷག་བྱུང་ཡོད་པ་རེད། འཁྲུངས་ཡུལ་གྱི་ཐོག་ལའང་རྩོད་པ་མང་པོ་ཡོད་པ་རེད།

    Reply
  3. བསྟན་འཛིན། says:
    ལོ་ 13 སྔོན།

    ཞབས་འདྲེན་ཆེ་ཤོས་འཇོག་མཁན་ས་སྐྱང་ཚང་རེད།  ས་སྐྱའི་ལུགས་ལ་སྟོན་པ་ཕྱི་ལོའི་སྔོན་གྱི་ ༢༡༣༣ ལོར་འཁྲུངས་ཟེར།  
    ཇོ་བོ་རྗེས་འབྲངས་དང་པའི་ལུགས་ནི་ཕྱི་ལོའི་སྔོན་གྱི་ ༢༡༣༦ ཡིན།  དེ་གཉིས་ཀྱི་བར་ལ་ལོ་གསུམ་གྱི་ཁྱད་པར་ཡོད།  
    ཁ་ཆེའི་པཎ་ཆེན་ལུགས་ནི།  སྟོན་པ་ཕྱི་ལོའི་སྔོན་གྱི་ལོ་ ༥༤༣ ལ་འཁྲུངས་བར་བཞེད།  དེས་ན་དེ་དང་ད་ལྟ་ཚན་རིག་པས་གཏན་འབེབ་བྱུང་བའི་བར་ལ་ལོ་ ༨༠ ཙམ་གྱི་ཁྱད་པར་མ་གཏོགས་མི་འདུག   དེ་ནི་ཉིན་ཚེས་ཞག་སོགས་ཀྱི་ཁྱད་པར་ཡིན་སྲིད།  གང་ལྟར་ཁ་ཆེ་པཎ་ཆེན་གྱི་ལུགས་དེ་ཡག་ཤོས་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese