མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ཀོང་རི་སེ་ཚོགས་པར་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ཀོང་རི་སེ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་གྲོས་ཚོགས་འཐུས་མིའི་བརྒྱ་ཆ་འདང་ངེས་ལོངས་མེད་སྟབས་དམར་ཤོག་ཚོགས་པ་ཁག་དང་མཉམ་རུབ་ཐོག་གཞུང་འཛིན་སྐྱོང་བྱ་འཆར་ཡོད་འདུག  

ཐེངས་འདིའི་བལ་ཡུལ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་གྲོས་ཚོགས་འཐུས་མི་ ༦༠༡ ཙམ་འོས་འདེམས་བྱེད་དགོས་པ་དང་། དེ་དག་ནི་འོས་འདེམ་ས་ཁུལ་ཁག་ ༢༤༠ ནས་འཐུས་མི་རེ་འོས་འདེམས་དང་། དེ་མིན། འཐུས་མི་ ༣༣༥ ཆབ་སྲིད་ཚོགས་པ་ཁག་སོ་སོས་རྒྱལ་ཡོངས་ནང་འོས་ཤོག་གྲངས་འབོར་ཇི་ཙམ་ཐོབ་ཡོད་མེད་ཀྱི་བརྒྱ་ཆར་གཞིགས་ཏེ་འདེམས་རྒྱུ། གཞན། འཐུས་མི་ ༢༦ གཞུང་གིས་སྤྱི་ཚོགས་འདྲ་མིན་ནང་འབུར་ཐོན་ཕྱག་ལས་གནང་མཁན་གྱི་མཁས་པ་དང་བྱས་རྗེས་ཅན་ཚོ་ཐད་བསྐོས་འདེམས་སྒྲུག་བྱ་རྒྱུ་ཡིན་འདུག

བལ་ཡུལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་དེ་ཟླ་འདིའི་ཚེས་ ༢༨ ཉིན་ཡོངས་བསྒྲགས་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་བལ་ཡུལ་ཀོང་རི་སེ་ཚོགས་པར་འོས་ཤོག་ ༢༤༢༡༢༥༢ དང་ས་གནས་འཐུས་མི་ ༡༠༥ ཙམ་གྱི་འོས་ཤོག་ཐོབ་ཡོད་པ་དང་།  བལ་ཡུལ་མ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པར་འོས་ཤོག་ ༢༢༤༣༤༧༧ དང་ས་གནས་འཐུས་མི་ ༩༡ ཐོབ་ཡོད་ཅིང་།  བལ་ཡུལ་མའོ་དམར་ཤོག་ཚོགས་པར་འོས་ཤོག་ ༡༤༣༨༦༦༦ དང་ས་གནས་འཐུས་མི་ ༢༦། ཀ་ཐ་མན་ཀྲུའི་རྒྱལ་རྒྱུད་ཚོགས་པར་འོས་ཤོག་ ༦༢༤༢༨༡ བཅས་ཐོབ་ཡོད་འདུག

ཐེངས་འདིའི་བལ་ཡུལ་འོས་བསྡུ་ཆེན་མོའི་ནང་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མིའི་འོས་ཐོབ་ཕྱོགས་བསྡོམས་ནང་། བལ་ཡུལ་ཀོང་རི་སེ་ཚོགས་པར་འཐུས་མི་ ༢༠༠ ཙམ་དང་། བལ་ཡུལ་མ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པར་འཐུས་མི་ ༡༧༥། བལ་ཡུལ་མའོ་དམར་ཤོག་ཚོགས་པར་འཐུས་མི་ ༨༠། ཀ་ཐ་མན་ཀྲུའི་རྒྱལ་རྒྱུད་ཚོགས་པར་འཐུས་མི་ ༢༦། མ་དྷེ་ཤི་ཚོགས་པར་འཐུས་མི་ ༦༠། གཞུང་གི་ཐད་བསྐོས་འཐུས་མི་ ༢༦། དེ་མིན་ཆབ་སྲིད་ཚོགས་པ་ཆུང་གྲས་ཁག་གཅིག་ལ་འཐུས་མི་ ༣༤ བཅས་ཐོབ་ཏེ། མའོ་དམར་ཤོག་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན། ཚོགས་པའི་ཚོགས་གཙོ་པྭར་ཅན་ཐ་ཡིས་འོས་བསྡུ་དྲང་པོ་བྱུང་མེད་ལུགས་བརྗོད་ཡོད་ཀྱང་མང་ཚོགས་དང་ཆབ་སྲིད་ཚོགས་པ་གཞན་དག་གིས་སྣང་མེད་བཏང་ཡོད་འདུག

བལ་ཡུལ་འོས་བསྡུའི་སྒྲིག་གཞིའི་ནང་ཆབ་སྲིད་ཚོགས་པ་སུ་ཞིག་ལ་གྲོས་ཚོགས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཐོབ་པ་ཡིན་ན་དེ་ནི་གཞུང་འཛིན་ཆགས་ཀྱི་ཡོད་པ་གསལ་ཡང་། ཐེངས་འདིའི་འོས་བསྡུའི་ཁྲོད་བལ་ཡུལ་ཀོང་རི་སེ་ཚོགས་པར་འོས་ཤོག་མང་ཤོས་ཐོབ་ཡོད་ནའང་གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་ལོངས་མེད་སྟབས། འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་ཀོང་རི་སེ་ཚོགས་པས་བལ་ཡུལ་གཞུང་འཛིན་ཕྱོགས་སྐོར་ལ། བལ་ཡུལ་ནང་གི་དམར་ཤོག་ཚོགས་པ་ཁག་དང་མཉམ་རུབ་ཐོག ‘རྒྱལ་ཡོངས་ཆིག་སྒྲིལ་སྲིད་གཞུང’ ཞེས་པ་ཞིག་ཟླ་གཉིས་གསུམ་རྗེས་གསར་འཛུགས་ཐུབ་ཐབས་ལ་འབད་བརྩོན་བྱས་ཏེ་གཞུང་འཛིན་སྐྱོང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ཀོང་རི་སེ་ཚོགས་པས་‘རྒྱལ་ཡོངས་ཆིག་སྒྲིལ་སྲིད་གཞུང’ ཞེས་པའི་གཞུང་ཞིག་བཙུགས་པ་ཡིན་ན། གཞུང་འཛིན་ཆབ་སྲིད་ཚོགས་པ་ཁག་གི་བར་ལྟ་བ་ལངས་ཕྱོགས་མ་འདྲ་བའི་དབང་གིས་མ་འོངས་པར་གཞུང་སྲ་བརྟན་ཐོག་དཀའ་ངལ་འཕྲད་སྲིད་པ་དང་། ལྷག་པར་དུ་མང་ཚོགས་ཀྱི་མངོན་འདོད་གཞིར་བཟུང་དུས་ཐོག་ཏུ་རྩ་ཁྲིམས་གཏན་འབེབས་བྱ་རྒྱུར་འགོག་རྐྱེན་འཕྲད་རྒྱུ་ཡིན་པ། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཐོག་སྲིད་བྱུས་འཛིན་སྟངས་གཅིག་གྱུར་ཡོང་ཐབས་མེད་པ། དེ་བཞིན་སྤྱི་ཚོགས་ཞི་འཇགས་དང་དཔལ་འབྱོར་གོང་སྤེལ། ཕྱི་འབྲེལ་སྲིད་བྱུས་བཅས་ཀྱི་ཐོག་ཆབ་སྲིད་ཚོགས་པ་ཁག་མཐུན་སྒྲིལ་མཉམ་རུབ་ཡོང་ཁག་པོ་ཡིན་སྐོར་སོགས་བརྗོད་འདུག

བལ་ཡུལ་ཀོང་རི་སེ་ཚོགས་པ་ནི་ ༡༩༤༧ ལོར་བྷི་པི་ཀོ་ར་ལ་( B.P Koirala ) གཙོས་པའི་ཚོགས་མི་ཁག་གཅིག་གིས་མགོ་ཚུགས་བྱས་ཤིང་། འདིའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་ཞིང་། ད་བར་བལ་གཞུང་མང་ཤོས་སྐྱོང་མཁན་གྱི་ཚོགས་པ་ཞིག་ཀྱང་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༩ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 2

  1. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    གསར་འགྱུར་ཞིབ་ཚགས་བཀོད་པར་ཐུགས་རྗེ་ཆེ། རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་གང་ཞིག་ཡིན་ཡང་ཞིབ་ཚགས་དང་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་གང་ཐུབ་ཀྱིས་ངོ་སྤྲོད་དང་ཞིབ་འཇུག་བྱས་ཏེ་འཁོད་པ་ཡིན་ན་ཀློག་པ་པོ་ཚོར་ཧ་ཅང་ཐུགས་ཕན་སོས་པོ་འདུག བལ་ཡུལ་གྱི་གནས་ཚུལ་འདི་ལ་མཚོན་ནའང་ཧ་ཅང་རྙོག་དྲ་ཆེན་པོ་ཅན་ཞིག་ཡིན་པས་བོད་པའི་གསར་འགོད་པ་ཚོས་ཞིབ་ཚགས་མོས་ངོ་སྤྲོད་གནང་སྟེ་བོད་པའི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་ཁ་ཚ་དགོས་གཏུག་ཤིག་རེད།

    Reply
  2. བར་ཕུ་ཕུན་ཚོགས། says:
    ལོ་ 12 སྔོན།

    ཞིབ་འཇུག་གང་ལེགས་གནང་འདུག་པས་དགའ་བསུ་ཡོད། སླད་ཕྱིན་འདི་ལྟར་གསར་འགྱུར་གལ་ཆེན་ཁག་མཁོ་སྤྲོད་གནང་སྐབས་གང་རྒྱལ་ཁ་ཐོབ་དེའི་ཐོག་དོ་སྣང་དང་ཞིབ་འཇུག་་མང་ཙམ་བྱས་ནས་བྱུང་རིམ་རྒྱས་བསྡུས་འོས་འཚམས་རེ་བཀོད་ཐུབ་ཚེ་མིའི་རིགས་ཀྱི་ཤེས་བྱ་གོང་འཕེལ་ལ་ཕན་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese