མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེལ་སིན་མན་ཌ་ལ་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨ་ཧྥི་རི་ཁའི་རང་དབང་འཐབ་རྩོད་པ་དང་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ནེལ་སིན་མན་ཌ་ལཱ་ལ་མཆོག་ད་ནིང་སྐུ་གྲོངས་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདང་ནུབ་ས་གནས་ཀྱི་ཆུ་ཚོད་ ༨།༥༠ ཡས་མས་ལ་ལྷོ་ཨ་ཧྥི་རི་ཁའི་རང་དབང་འཐབ་རྩོད་པ་དང་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ནེལ་སིན་མན་ཌ་ལཱ་(Nelson Mandela)མཆོག་ལ་གློ་ཚད་བསྐྱར་ལོག་གི་སྙུང་གཞིས་རྐྱེན་པས་ལྷོ་ཨ་ཧྥི་རི་ཁའི་(Johennesburg)གི་ཁོ་རང་གི་བཞུགས་གནས་སུ་སྐུ་གྲོངས་ཡོད་ཅིང་། ཁོང་སྐུ་གྲོངས་སྐབས་དགུང་གྲངས་ ༩༥ ལ་ཕེབས་ཡོད་འདུག

ཁོང་སྐུ་གྲོངས་པའི་གནས་ཚུལ་བྱུང་མ་ཐག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་དབྱིན་ཡུལ་གྱི་སྲིད་བློན། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་མྱ་ངན་ཞུ་ཚིག་ཕུལ་ཡོད་འདུག

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་ཐུགས་ཧ་ཅང་ཉེ་བོ་ཡོད་ཅིང་། ད་ལོའི་ཕྱི་ཟླ་ ༦ པའི་ནང་མན་ཌ་ལཱ་མཆོག་གི་སྐུའི་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་སྐབས་༧གོང་ས་མཆོག་གིས་སྙུང་གཞི་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གྱི་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་ནང་། “ སྲིད་འཛིན་ཟུར་པ་མན་ཌ་ལ་མཆོག་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བྱུང་བ་དེ་ནི་ཧ་ཅང་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། མི་ཚང་མས་ཁོང་མྱུར་དུ་དྲག་སྐྱེད་ཡོང་ཆེད་སྨོན་ལམ་འདེབས་བཞིན་ཡོད།” ཅེས་གསུངས་ཡོད་པ་རེད།

ནེལ་སིན་མན་ཌ་ལཱ་མཆོག་ནི་ཕྱི་ལོ་ ༡༩༡༨ ཟླ་ ༧ ཚེས་ ༡༨ ཉིན་ལྷོ་ཨ་ཧྥི་རི་ཀའི་ཤར་ཕྱོགས་ཀད་པུ་གྲོང་ཁྱེར་( Cape town)ཞེས་པར་སྐུ་འཁྲུངས་ཤིང་། ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཁ་གཏད་བཅགས་ཏེ་རྒྱུན་རིང་འཐབ་རྩོད་བྱས་སྟེ། སྔ་ཕྱིར་ལོ་ངོ་ ༢༧ རིང་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་དང་། ༡༩༩༠ ལོར་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཐེབས་ཏེ་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཡོད། ༡༩༩༣ ལོར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། ༡༩༩༤ ལོར་ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་ཐོག་གི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། ༡༩༩༩ ལོར་ལྷོ་ཨ་ཧྥི་རི་ཀའི་མགོ་ཁྲིད་ནས་རྒན་ཡོལ་ཞུས་ཡོད།

 

 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 5

  1. ཟོལ་རྫུན་སྤོང་པ། says:
    ལོ་ 13 སྔོན།

    མྱ་ངན་གུས་འདུད་ཡོང་ཡོང་ཞུ།

    Reply
  2. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    གོ་ལ་ཧྲིལ་པོའི་མཚན་སྙན་ཅན་གྱི་ནང་ནས། མིང་དོན་མཚུངས་པ་དང་། གྲུབ་འབྲས་ཡོངས་སུ་ཐོབ་པའི་ལྷོ་ཨ་ཧྥི་རི་ཁའི་མི་རིགས་འཐབ་རྩོད་པ་ཆེན་པོ་ནེལ་སའུ་མན་ཌོར་ལ་མཆོག གླིང་ཆེན་ཨ་ཧྥི་རི་ཁའི་ཞིང་དུ་སྐྱེ་འགྲོ་སྤྱིའི་ལས་དོན་མ་ཚང་བ་མེད་པར་གྲུབ་ཟིན་ནས། ད་ཆར་སྐུ་ཚེའི་འདུ་བྱེད་སྟོང་པ་དེར་འཇིག་རྟེན་གྱི་འགྲོ་ལུགས་ལྟར། དྲང་བདེན་དང་བྱམས་བརྩེ། སྙིང་རྗེ་དང་གཞན་ཕན། མཛད་བཟང་དང་ལེགས་སྤྱོད་སོགས་ལ་མཐའ་གཅིག་ཏུ་འབུངས་པའི་སྐྱེ་བོ་ཡོངས་ཀྱི་ཚབ་བྱས་ནས། ཐོག་མར་མྱ་ངན་ཞུ། དེ་ནས་ཁྱེད་ཀྱི་མཛད་བཟང་དང་ལེགས་སྤྱོད། ཁ་ཞེ་གཉིས་མེད་ཀྱི་དྲང་བདེན་དང་བྱམས་བརྩེ། ལེགས་པར་སེམས་པའི་གཞན་ཕན་དང་སྙིང་རྗེ་སོགས་ལ་ཡིད་རངས་དང་བསྔགས་བརྗོད་ཞུ། ཡང་དེ་ནས་ཁྱེད་ཀྱི་ཚེ་གང་པོའི་མིང་དོན་མཚུངས་པའི་མི་རིགས་ཀྱི་གྲུབ་འབྲས་དང་བྱས་རྗེས་སོགས་ལ། ང་ཚོ་ཤར་ཕྱོགས་དང་དེང་རབས་ན་གཞོན་རྣམས་ཀྱིས་མིག་དཔེ་དང་། ཁྱེད་དང་ཁྱེད་ལྟ་བུའི་རླབས་ཆེན་གྱི་མི་སྣ། བྱམས་བརྩེའི་ལངས་ཕྱོགས་འཛིན་པའི་སྐྱེ་བོ་ཆེན་པོའི་རྗེས་སུ་འབྲངས་ནས། རང་ཉིད་ཀྱི་ལས་དོན་ཕྲ་མོ་ཚུན་ཆད་དང་། ཉིན་རེའི་སྤྱོད་ལམ་སོགས་ལ་བཟང་པོའི་ལེགས་བཅོས་བྱས་ནས། སྤྱི་ཚོགས་ལ་ཕན་བདེ་ཅི་ནུས་བསྒྲུབ་རྒྱུའི་དམ་བཅའ་བཅས།

    Reply
  3. བཀྲ་ཤིས་རྡོ་རྗེ། says:
    ལོ་ 13 སྔོན།

    འཛམ་གླིང་ཞི་བདེ་ལ་དགའ་ཞིང་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་རྩོད་ལེན་པ་འཇིག་རྟེན་གྱི་བསམ་བློའི་དབུ་ཁྲིད་ཁོང་ལ་མྱ་ངན་གུས་འདུད་གྲངས་མེད་ཞུ།།

    Reply
  4. གཉན་པོ། says:
    ལོ་ 13 སྔོན།

    རང་དབང་འཐབ་རྩོད་གནང་མཁན་རླབས་ཆེན་གྱི་སྐྱེ་བུ་དམ་པ་ཞིག་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ། __གཉན་པོ།

    Reply
  5. བློ་བཟང་དོན་ལྡན། says:
    ལོ་ 13 སྔོན།

    འཛམ་གླིང་ཐོག་གི་རླབས་ཆེན་གྱི་མི་སྣ་ཞིག་གི་ཉི་མ་ནུབ་རིར་ཡིབ་པར་གདུང་ཤུགས་དྲག་པོས་མྱ་ངན་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese