མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱ་ནག་གཞུང་ཚབ་ལ་སུ་ཞིག་བསྐོ་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཆེན་མོ་གྷ་རི་ལོག་གིས་དགོངས་པ་ཞུས་པའི་ཚབ་ཏུ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མེག་སེ་བྷ་ཁ་སེ་བསྐོ་འཆར་ཡོད་ཚུལ་བརྗོད་འདུག 

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་རྒྱ་ནག་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་གྷ་རི་ལོག་(GaryLocke )མཆོག་གིས་གཞུང་ཚབ་ནས་དགོངས་པ་ཞུས་ཏེ་ ༢༠༡༤ ལོའི་ལོ་མགོར་ཁོང་ཕྱིར་ཨ་རིར་ལོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་ལྟར། ཁ་སང་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མཆོག་གིས་གལ་སྲིད་གྲོས་ཚོགས་གོང་མས་རྒྱབ་སྐྱོར་འཐོབ་པ་ཡིན་ན། པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཆེན་མོར་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་རྒན་གྲས་མེག་སེ་བྷ་ཁ་སེ་(Max Baucus)ལགས་བསྐོ་བཞག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

མེག་སེ་བྷ་ཁ་སེ་ལགས་ ༡༩༧༨ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་བ་ནས་བཟུང་གྲོས་ཚོགས་ཀྱི་ཚོགས་ཆུང་འདྲ་མིན་ནང་ཕྱག་ལས་གནང་ཡོད་པ་དང་། ཁོང་གིས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་ཨ་རིའི་རིག་རྩལ་བདག་དབང་དང་དམག་དོན་གསང་བ་སོགས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དག་སྲིད་འཛིན་ཨོ་བྷ་མས་ཐེར་འདོན་བྱེད་དགོས་སྐོར་བརྗོད་ཡོད་ལ། རྒྱ་ནག་གི་ཕྱི་ཕྱོགས་ཚོང་འབྲེལ་ལམ་ལུགས་དང་དངུལ་རྩའི་ཛ་ཐང་ལ་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་གྲས་ཡིན་འདུག ཁོང་ད་ལྟ་ཨ་རིའི་གྲོས་ཚོགས་གོང་མའི་རྒྱལ་སྤྱིའི་ཚོང་འབྲེལ་ལམ་ལུགས་དང་། དཔྱ་ཁྲལ་གནད་དོན་ཐོག་རྟོག་ཞིབ་བྱེད་མཁན་དཔལ་འབྱོར་རྟོག་ཞིབ་ལྷན་ཚོགས་ཞེས་པའི་ཚོགས་ཆུང་གི་ཚོགས་གཙོ་ཡིན་འདུག

མིང་བརྗོད་འདོད་མེད་པའི་ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་གིས་བརྗོད་པར། བྷ་ཁ་སེ་ལགས་ནི་རྒྱ་ནག་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མིའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། རྒྱ་ནག་ནང་ཐེངས་ ༨ ཙམ་བསྐྱོད་དེ་ཨ་རྒྱའི་བར་གྱི་ཚོང་དོན་འབྲེལ་ལམ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བྱེད་མཁན་ཞིག་ཡིན་སྐོར་བརྗོད་འདུག

མག་སེ་བྷག་ཁ་སེ་ལགས་ནི། ༡༩༤༡ ལོར་ཨ་རིའི་མན་ཌ་ཎ་མངའ་སྡེ་ནང་སྐྱེས་ཞིང་། ༡༩༧༨ ལོ་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་གྱིས་གྲོས་ཚོགས་ཀྱི་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཨོ་བྷ་མའི་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འཆར་འགོད་པ། དེ་བཞིན། དེ་སྔའི་གྲོས་ཚོགས་གོང་མའི་འབྲུ་རིགས་ཐོན་ཁུངས་བརྟག་ཞིབ་ཚན་པ་དང་ཁོར་ཡུག འགྲིམ་འགུལ་དང་འཛུགས་སྐྲུན་ཐོན་སྐྱེད་ཚོགས་ཆུང་། དཔྱ་ཁྲལ་དོ་དམ་ཚོགས་ཆུང་སོགས་ནང་ཕྱག་ལས་གནང་མྱོང་ཡོད་འདུག ཁོང་ནི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྒྱུན་རིང་གནང་མྱོང་མཁན་ཞིག་དང་། གྲོས་ཚོགས་ནང་ནང་སྙན་གྲགས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་འདུག 

ཨ་རིའི་གསར་ལམ་ཁག་ནང་། གལ་སྲིད་བྷ་ཁ་སེ་ཨ་རིའི་རྒྱ་ནག་གཞུང་ཚབ་ཏུ་བསྐོ་བཞག་བྱས་པ་ཡིན་ན། ཁོའི་ཚབ་ཏུ་འཐུས་མི་སུ་ཞིག་བསླེབ་མིན་སྐོར་ལ་བགྲོ་གླེང་ཤུགས་ཆེན་འབྱུང་བཞིན་ཡོད་ཅིང་། གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་ཤིག་གིས། གལ་ཏེ་བྷ་ཁ་སེ་ཨ་རིའི་རྒྱ་ནག་གཞུང་ཚབ་ཏུ་བསྐོ་བཞག་བྱས་པ་ཡིན་ན་མོན་ཌ་ཎ་མངའ་སྡེའི་ཁྲིམས་ལུགས་ལྟར། མངའ་སྡེའི་སྤྱི་ཁྱབ་མི་སི་ཀྲི་ཝུ་བྷུ་ལོག་(Steve Bullock )ལགས་ལ་ཁོང་གི་ཚབ་འདེམས་སྒྲུག་བྱ་རྒྱུའི་དབང་ཆ་ཡོད་སྐོར་དང་། གཞན། ཁོང་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པར་འཐུས་མི་ ༥༣ དང་སྤྱི་མཐུན་ཚོགས་པར་འཐུས་མི་ ༤༥། རང་དབང་ཅན་གྱི་འཐུས་མི་ ༢ བཅས་ཡོད་སྟབས། བྷུ་ལོག་ལགས་ཀྱིས་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཀྱང་། གྲོས་ཚོགས་ཀྱི་ལྗིད་སྙོམ་སྟངས་འཛིན་གྱི་དབང་ཚད་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་སྐོར་བརྗོད་འདུག

དེ་བཞིན། དམངས་གཙོ་ཚོགས་པའི་འཐུས་མི་ཞིག་གིས། བྷུ་ལོག་ལགས་ཀྱིས་བྷ་ཁ་སེ་ཚབ་ཏུ་འཐུས་མི་སུ་འདྲ་ཞིག་བསྐོ་བཞག་བྱས་ཀྱང་། མི་དེར་ལོ་རྗེས་མའི་ཕྱི་ཟླ་ ༡༡ ནང་གི་གྲོས་ཚོགས་གོང་མའི་འོས་བསྡུར་ཁེ་ཕན་ཐོབ་རྒྱུ་ཡིན་སྐོར་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་རིའི་སྤྱི་མཐུན་ཚོགས་པས་ ༢༠༡༤ལོའི་གྲོས་ཚོགས་གོང་མའི་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་མོན་ཌ་ཎའི་མངའ་སྡེའི་གྲོས་ཚོགས་འཐུས་མིའི་རྐུབ་སྟེགས་ལ་རྩོད་ལེན་བྱེད་བཞིན་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese