མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྩེ་བའི་ཀྲུང་གོའི་སྲིད་འཛིན་མཆོག་ལ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཐོ་མ་སེ་ཨལ་ཧྥེར་ཌི་མན་(Thomas L. Friedman)གྱིས་བརྩམས།  དོན་གྲུབ་ཀྱིས་བསྒྱུར།

བརྩེ་བའི་སྲིད་འཛིན་ཞི་ཅིན་ཕིན་མཆོག

ཉེ་ཆར་རྒྱ་ནག་ནང་མ་རྩ་མཉམ་འཇོག་བྱེད་མཁན་གྱི་རྒྱལ་སྤྱིའི་ཚོགས་སྡེ་མང་པོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་ཐོག་རྣོ་ངར་ཆེ་བའི་རྩོད་གླེང་རིགས་མི་འདྲ་བ་གཉིས་བྱེད་ཀྱིན་ཡོད་པ་དག་ནི། ཕྱོགས་གཅིག་གིས་རྒྱ་ནག་ནི་བརྡོལ་གྲབས་ཡོད་པའི་ལྒང་བུ་ཞིག་དང་འདྲ་བར་ཡུན་རིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་རྒྱུན་གནས་ཐུབ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་གླེང་སློང་བྱེད་ཀྱི་ཡོད་པ་དང་། ཡང་། ཕྱོགས་གཞན་ཞིག་གིས་རྒྱ་ནག་ནང་དཀའ་ངལ་ཆེན་པོ་ཇི་འདྲ་འཕྲད་ཀྱང་། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་གཏོང་ཐུབ་མཁན་གྱི་སྤྱང་གྲུང་ལྡན་པའི་མགོ་ཁྲིད་དང་ཐབས་ལམ་མང་པོ་ཡོད་པར་བརྟེན། རྒྱ་ནག་ལ་མདུན་བསྐྱོད་བྱེད་རྒྱུའི་ལམ་ཁ་ཞིག་རག་རྒྱུ་ཡིན་སྐོར་རྗོད་ཀྱི་འདུག

གོང་གསལ་བསམ་ཚུལ་མི་འདྲ་བ་དེ་གཉིས་ལས་ངས་རྒྱབ་སྐྱོར་བྱེད་ཡུལ་ནི་བསམ་ཚུལ་གཉིས་པ་དེ་ཡིན་ཡང་། ཉེ་ཆར་རྒྱ་ནག་གཞུང་གི་གནང་སྟངས་མང་པོ་ཞིག་ལ་བལྟས་ཡོང་ན་སྲིད་འཛིན་ཁྱེད་ཀྱིས་སྐྱོང་བཞིན་པའི་ལམ་ལུགས་དེ་ངའི་བསམ་བློ་ལས་གཉོམ་པ་མིན་ནམ་བསམ་སྟེ་ཡ་མཚན་སྐྱེས་ཀྱི་འདུག

ངས་ཁྱེད་ལ་དྲན་གསོ་ཞུ་རྒྱུ་ཞིག་ལ། གལ་ཏེ། ཁྱེད་ཀྱིས་རྒྱ་ནག་དེ་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུའི་འདུན་པ་འཆང་གི་ཡོད་ན། རྒྱ་ནག་གི་མ་འོངས་ཕུགས་བསམ་མངོན་འགྱུར་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲན་རྩོད་བྱེད་ཐུབ་མཁན་གྱི་མང་ཚོགས་གསོ་སྐྱོང་དང་། ཁོང་ཚོའི་འཇོན་ཐང་ངོམས་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་གལ་ཆེན་ཡིན་པ་ཁྱོད་ཀྱིས་ཤེས་རྟོགས་ཐུབ་པ་གནང་དགོས། དེ་མིན། ཁྱེད་ལ་ཨ་རིའི་ཆབ་སྲིད་པ་ཚོས་རྒྱ་ནག་གཞུང་ཕམ་ཉེས་བྱུང་ན་བསམ་སྟེ་རེ་སྒུག་གི་མདའ་མོ་འཐེན་གྱི་ཡོད་པ་རེད་ཟེར་མཁན་དེ་འདྲར་འཕྲད་སྲིད་ཀྱང་། ཁྱེད་ཀྱིས་སྐད་ཆ་དེ་རིགས་ཤོད་མཁན་དག་གིས་གནད་དོན་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དེ་མཁྱེན་དགོས། གང་ཡིན་ཞེ་ན། ད་ལྟ་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་ལས་དབང་གཉིས་གཅིག་ལ་གཅིག་རྟེན་ཆགས་ཡོད་སྟབས། རྒྱ་ནག་ནང་དཀའ་ངལ་ཅི་ཞིག་འཕྲད་པ་ཡིན་ན་དེ་བཞིན་ཨ་རིའི་ནང་དུའང་འཕྲད་རྒྱུ་ཡིན་པ་གདོན་མི་ཟ།

དེར་བརྟེན། ངས་ཨ་རིའི་མི་མང་ལྟར་རྒྱ་རིགས་ཚོ་ཡག་པོ་ཆགས་ན་སྙམ་པའི་རེ་བ་བྱེད་བཞིན་ཡོད་སྟབས་ངས་དེ་རིང་ཡི་གེ་འདི་ཁྱེད་ལ་འབྲི་བཞིན་ཡོད། གང་ཡིན་ཞེ་ན། ངས་བྱས་ན་ཁྱེད་ཀྱིས་ཚབས་ཆེན་ནོར་འཁྲུལ་ཞིག་བཟོ་ཡི་མེད་འགྲོ་སྙམ་པའི་སེམས་ཚོར་ཞིག་ཡོང་གི་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་ཡིག་ཐོག་ཡོད་པའི་འོལ་སི་ཀྲུ་ཌི་(The Wall Street ) དུས་དེབ་དང་རོའི་ཌར་གསར་ཁང་གི་དྲ་རྒྱ་ཁག་བཀག་དོམ་བྱས་པ་ཙམ་མ་ཟད། བྷུ་ལོམ་བྷག་( Bloomberg) གསར་འགྱུར་དང་ནེའུ་ཡོག་དུས་བབ་སོགས་བཀག་དོམ་བྱས་ཏེ་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། དེ་ལས་གལ་འགངས་ཆེ་བ་ཞིག་ནི། རྒྱ་ནག་ནང་ཡོད་པའི་ཨ་རིའི་བྷུ་ལོམ་བྷག་དང་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་ ༢༠ ལྷག་གི་མཐོང་མཆན་དུས་འགྱངས་ཟླ་གཅིག་ཙམ་ལས་ལྷག་མེད་ཀྱང་། གསར་ཁང་འདི་གཉིས་ཀྱི་གསར་འགོད་པ་དག་གིས་ཁྱེད་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་དང་ཁོ་ཚོའི་ནང་མི་སྤུན་མཆེད་དག་གིས་བདག་བཟུང་བྱས་པའི་རྒྱུ་ནོར་དམར་རྗེན་དུ་ཁྱབ་བསྒྲགས་བྱས་པར་བརྟེན། ཁྱེད་ཀྱི་གཞུང་གིས་མངོན་གསལ་དོད་པོས་འཁོན་ལན་སློག་ཆེད་ཁོང་ཚོའི་མཐོང་མཆན་དུས་འགྱངས་ངོས་ལེན་བྱས་མི་འདུག དཀྲོག་གཏམ་དེ་དོན་དངོས་ཡིན་མིན་གང་ལྟར་ཡང་། གསར་ཁང་འདི་གཉིས་ཀྱི་གསར་འགོད་པ་ཚོས་རྒྱ་ནག་ནང་གི་གནས་ཚུལ་ཁག་འདོན་སྤེལ་བྱེད་རྒྱུར་ཁྱེད་ཀྱིས་འདོད་པ་བྱེད་ཀྱི་མེད་རབས་གླེང་སློང་ཡོང་གི་འདུག

ང་ལ་རྒྱ་ནག་གི་མཁས་པ་ཞིག་གིས་གསར་འགོད་ཐོག་གི་དམ་དྲག་དེ་འདྲ་སྔོན་ཆད་རྒྱ་ནག་ནང་བྱུང་མྱོང་མེད་པའི་དམ་དྲག་ཅིག་རེད་ཅེས་དང་། ང་ཚོ་ཁྱེད་ཀྱིས་གསར་བཟོ་བྱས་པའི་གསར་འགོད་ཐོག་གི་ལམ་ལུགས་དང་འགལ་བར་བརྟེན་སྲིད་བྱུས་དེ་ལག་བསྟར་བྱས་པ་ཞིག་ཡིན་སྐོར་རྗོད་ཀྱི་འདུག ཁྱེད་ཀྱིས་མངོན་གསལ་དོད་པོས་ཆབ་སྲིད་འཁྲབ་སྟོན་དེ་འདྲ་ཞིག་རྒྱ་ནག་ནང་འཁྲབ་དོན་ནི། ཕྱི་རྒྱལ་དང་རྒྱ་ནག་གི་གསར་ལམ་ཁག་དང་སྤྱི་ཚོགས་དྲ་འབྲེལ་སོགས་ཀྱི་སྟེང་། རྒྱ་ནག་གི་ས་ཁུལ་འདྲ་མིན་ནང་ཐོན་བཞིན་པའི་ངོ་རྒོལ་དང་ལྐོག་ཟ་རུལ་སུངས་ཁག་ཁྱབ་བསྒྲགས་བྱེད་རྒྱུ་རེད་བསམ་སྟེ་བཀག་དོམ་བྱས་པ་ཞིག་རེད། འོན་ཀྱང་། ང་ཚོས་དོན་དངོས་ཐོག་བསམ་བློ་བཏང་བ་ཡིན་ན། རྒྱ་ནག་ནང་ཐོན་བཞིན་པའི་མཐོ་རིམ་དཔོན་རིགས་ཁག་གི་ལྐོག་ཟ་རུལ་སུངས་ཀྱིི་བྱ་སྤྱོད་དེ་དག་རྒྱ་ནག་དབུས་གཞུང་གི་ངོས་ནས་ཚ་འདེད་དང་རྩ་མེད་བཟོ་རྒྱུའི་ཐབས་ལམ་འཚོལ་རྒྱུ་ནི་ཟློག་ཏུ་མེད་པའི་ལས་འགན་ཞིག་ཡིན་ཡང་། གནད་དོན་དེའི་སྐོར་རྒྱ་ནག་དབུས་གཞུང་གིས་བརྟག་དཔྱད་ཞིབ་འཇུག་གང་ཡང་བྱེད་ཀྱི་མེད་པ་ཚང་མས་མཁྱེན་གསལ་རེད།

བཀུར་འོས་པའི་སྲིད་འཛིན་མཆོག

ཁྱེད་ཀྱིས་གསར་འགོད་ཐོག་བཏང་བའི་བཅད་ཁྲ་དེ་ཁྱེད་ཀྱི་ལས་བྱེད་དང་འཕྲུལ་རིག་ཚན་པ་གང་གིས་བརྩི་སྲུང་མ་བྱས་པ་དང་། དེ་ཇི་ལྟར་ཁྲིམས་འགལ་ཆགས་ཡོད་མེད་ང་ལ་གསལ་བཤད་ཅིག་གནང་རོགས། ང་ཚོས་གསར་ལམ་ཁག་ཏུ་རྒྱ་ནག་དམར་ཤོག་མཐོ་རིམ་དཔོན་རིགས་ཁག་ཅིག་དང་ཁོང་ཚོའི་ནང་མིས་རྒྱུ་ནོར་ཕོན་ཆེ་སྒེར་བདག་བྱས་ཡོད་པའི་གནས་ཚུལ་ཕྱི་བསྒྲགས་བྱས་ཏེ་མང་ཚོགས་ལ་གོ་རྟོགས་སྤེལ་ཡོད་ཀྱང་། ཁྱོད་ཀྱི་གཞུང་གིས་དེ་དག་ཁྲིམས་འགལ་ཞིག་ཏུ་རྩི་ཡི་མི་འདུག གལ་ཏེ་ཁྱེད་ཀྱིས་རྒྱ་ནག་མཐོ་རིམ་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་དག་རྩ་མེད་བཟོ་དགོས་ན། ཁྱེད་ཀྱིས་ཁོང་ཚོའི་དབང་ཆ་མི་མང་ལ་རྩིས་སྤྲོད་བྱེད་པའམ་ཡང་ན་དཔོན་རིགས་ཚོའི་སེམས་ནང་ཕྱི་གསལ་ནང་གསལ་གྱི་བསམ་བློ་བསླེབ་ཐུབ་པ་བཟོ་དགོས།

ལོ་སྔོན་མའི་ཕྱི་ཟླ་ ༣ པའི་ནང་པེ་ཅིན་གྲོང་ཁྱེར་གཞུང་ལམ་ཐོག་རླངས་འཁོར་ཞིག་བརྡབ་སྐྱོན་བྱུང་སྟེ་རྒྱ་ནག་རྒྱལ་ཡོངས་ནང་གནས་ཚུལ་ཆེན་པོ་ཆགས་པ་མ་ཟད། གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་འབྲེལ་ཁག་ནང་ལབ་གླེང་ཤུགས་ཆེན་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་གནས་ཚུལ་དེ་བཀག་སྡོམ་བྱས་ཡོད།གང་ཡིན་ཞེ་ན། བརྡབ་སྐྱོན་ཤོར་བའི་རླངས་འཁོར་དེ་ནི་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོའོ་ཡི་དཔུང་རོགས་ཤིག་གི་བུ་ཡིན་འདུག བརྡབ་སྐྱོན་བྱུང་བའི་རླངས་འཁོར་དེ་ཧྥ་ར་རེ་(Ferrari) ཡིན་ཞིང་རླངས་འཁོར་ཁ་ལོ་བ་འདས་གྲོངས་དང་། དེའི་ནང་གི་བུད་མེད་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།ཕོ་གསར་ན་ཆུང་དེས་ཇི་ལྟར་ཧྥ་ར་རེ་རླངས་འཁོར་ཉོས་ཐུབ་ཡོད་དམ།

རྒྱ་ནག་གི་དྲ་ཚིགས་ཁག་ཏུ་གླེང་སློང་བྱེད་བཞིན་པའི་གནས་ཚུལ་དེ་དག་ཕྱི་རྒྱལ་གསར་འགོད་པ་ཚོས་ཀྱང་མི་སྤེལ་ཐབས་མེད་ཆགས་པ་བཞིན། ཁྱེད་ཀྱི་དཔལ་འབྱོར་གནས་སྟངས་དང་། ཁྱེད་དང་ཁྱེད་ཚང་གི་མཐོ་རིམ་དཔོན་རིགས་ཚོས་ཁེ་ལས་དང་ཁྲོམ་རྭ་ཁག་ནང་མ་དངུལ་ལྐོག་འཇོག་བྱེད་སྟངས་ཀྱི་རིག་གཞུང་དེ་རྒྱལ་སྤྱིའི་སྒྲིག་སྲོལ་དང་མཐུན་པ། མང་ཚོགས་ཀྱིས་བརྡར་ཤ་ཆོད་ཐུབ་པ་ཞིག་བཟོ་རྒྱུ་ནི་དུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད།

ང་ཚོའི་གསར་འགོད་པ་ཚོས་རྒྱ་ནག་གི་སྲིད་བློན་ཟུར་པ་ཝུན་ཅཱ་པའོ་ཡིས་ཁོ་རང་གི་མ་རྒན་དགུང་ལོ་ ༩༠ ལ་སོན་པ་ཁོའི་མིང་ཐོག་ཏུ་རྒྱ་ནག་གི་དངུལ་རྩའི་ཁེ་ལས་ཁག་ནང་ཨ་སྒོར་ས་ཡ་༡༠༠ ཙམ་གྱི་མ་རྩ་བཞག་ཡོད་པའི་གནས་ཚུལ་དང་། དེ་བཞིན། ཝུན་ཚང་གི་བུ་དང་བུ་མོ། གཅུང་པོ་དང་གཅུང་མོའི་ཁྱོ་ག་སོགས་རྒྱུ་ནོར་དུང་ཕྱུར་མང་པོའི་ཕྱུག་བདག་ཆགས་ཡོད་པ་གསལ་སྟོན་བྱས་པ་ལྟར། རྒྱ་ནག་ནང་གི་གསར་འགོད་པ་ཚོས་མང་ཚོགས་ཀྱི་རྒྱུ་ནོར་ཧམ་འཕྲོག་བྱེད་མཁན་གྱི་མཐོ་རིམ་དཔོན་རིགས་ཚོའི་གསང་གནས་ཁག་འཚོལ་ཞིབ་བྱས་ཏེ། རྩིས་པ་དང་ཁྲིམས་རྩོད་པ་གླས་ནས་ཁོང་ཚོའི་ངན་ཚང་སྟོན་རྒྱུ་ཡིན་པ་ནི་ཟློག་ཏུ་མེད་པ་ཞིག་ཏུ་གྱུར་ཡོད།

ཁྱེད་ཀྱིས་གསར་བཟོ་བྱས་པའི་སྨྲ་བརྗོད་རང་དབང་དེ་སུ་ཞིག་གིས་རྡོག་རོལ་བཏང་བ་རེད་དམ། ང་ཚོས་བལྟས་ན། ཁྱེད་ཀྱི་ཕྱག་རོགས་ཚོ་དང་ཁོང་ཚོའི་བུ་ཕྲུག་ཚོས་ཁེ་ལས་ཁག་ནང་འདོད་རྔམ་གྱིས་ལག་པ་བརྐྱངས་པར་བརྟེན། བརྡ་འཕྲིན་ཚན་རྩལ་གྱི་གློག་འཕྲུལ་ཐབས་བྱུས་འོག་ནས་གནས་ཚུལ་དེ་དག་ཐེར་འདོན་བྱས་པ་ཞིག་རེད། བརྡ་འཕྲིན་ཚན་རྩལ་གྱིས་ནམ་ཡང་གནས་ཚུལ་དེ་རིགས་ཐེར་འདོན་མཚམས་འཇོག་བྱེད་ཀྱི་མེད་པ་ལྟར། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་དག་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་ཀུན་གྱི་མཐོང་ཆོས་ཡིན། ཁྱེད་ཀྱི་དབང་སྒྱུར་འོག་གི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་མང་དག་ཅིག་བྷུ་ལོམ་བྷག་དང་ནེའུ་ཡོག་དུས་བབ་ཀྱིས་ཐེར་འདོན་བྱས་ཡོད།  ངས་བལྟས་ན། འདི་ནི་སྙིང་རྩ་གས་པར་བྱེད་པའི་ཉེན་བརྡ་ཞིག་དང་། རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་རིང་ལུགས་མགོ་རྟིང་སློག་མཁན་གྱི་བྱེད་གཏེ་གཙོ་བོ་དེ་ནི་འདོད་རྔམ་དང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དག་ཡིན་པ་གསལ་བཤད་བྱས་པ་ཞིག་རེད།

 

གལ་ཏེ། ཁྱེད་ཀྱིས་ང་ཚོའི་གསར་འགོད་པ་ཚོ་རྒྱ་ནག་ནས་ཕྱིར་འཕུད་བྱས་པ་ཡིན་ན་མཇུག་འབྲས་གང་འདྲ་འབྱུང་མིན་ངས་ཁྱེད་ལ་གསལ་བཤད་བྱེད་ཆོག ཁོང་ཚོས་ཧོང་ཀོང་དང་ཐེ་ཝན། ལྷོ་ཀོ་རི་ཡ་སོགས་ནང་ལས་ཁུངས་གསར་འཛུགས་བྱས་ཏེ་རྒྱ་ནག་གི་མང་ཚོགས་ཚོར་གདོང་དང་གདོང་ཐུག་ནས་རྒྱུས་ལོན་མ་བྱས་པར། རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དང་གནས་ཚུལ་ཁག་ཕྱི་ལོགས་ནས་བསྡུ་ལེན་ཁྱབ་བསྒྲགས་བྱེད་ངེས་ཡིན་པ་མ་ཟད། ང་ཚོས་རྒྱ་ནག་ནང་གི་གསར་འགོད་པ་ཚོའི་ཁེ་ཕན་དང་བདག་དབང་དག་ཀྱང་འཕྲོག་རྒྱུ་ཡིན་པ་སྨོས་མ་དགོས་པ་ཞིག་རེད། དེར་བརྟེན། ཁྱེད་ཀྱི་བློ་མིག་ང་ཚོར་མ་གཏད་བར་ང་ཚོས་ཁྱོད་ལ་བློ་མིག་གཏོད་དགོས་དོན་མེད།

སྲིད་འཛིན་ཞི་ཅིན་ཕིན་མཆོག

རྒྱ་ནག་ནང་གི་མཐོ་རིམ་དཔོན་རིགས་ཚོས་ཧམ་འཕྲོག་བདག་བཟུང་བྱས་པའི་ཕོན་ཆེའི་རྒྱུ་ནོར་དེ་དག་ཐེར་འདོན་བྱས་པ་ཡིན་ན་ཁྱེད་ཀྱི་སྲིད་དབང་ལ་ཉེན་ཁ་འཕྲད་སྲིད་ཀྱང་། གལ་ཏེ།ཁྱེད་ཀྱིས་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོར་སྐྱོན་འཛུགས་མ་བྱས་པར་ཁོ་ཚོ་ཐེར་འདོན་བྱེད་མཁན་ལ་ནག་ཉེས་བཙུགས་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད།

ངས་བལྟས་ན། རྒྱ་ནག་གཞུང་གིས་༡༩༨༠ དང་ ༡༩༩༠ ལོའི་བར་ལག་བསྟར་བྱས་པའི་ཁྲོམ་རྭ་སྒོ་འབྱེད་དང་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ལུགས་དེ་ད་ལྟའི་དུས་རབས་འདིར་ཡོང་མི་སྲིད་པ་ཞིག་དང་འདས་པའི་དུས་སྐབས་ནང་ལའང་དེ་དེ་བཞིན་ནོ། ང་ཚོས་འདས་པའི་ལོ་ ༡༠ ནང་བྱུང་བའི་བརྒྱུད་རིམ་ཁག་ལ་ཕྱི་མིག་བལྟས་ན་འཛམ་གླིང་ཐོག་རྒྱལ་ཁབ་ཁག་བར་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་བྱེད་ཀྱི་ཡོད་པ་ཤེས་སླ་ཞིང་། རྒྱ་ནག་གཙོས་རྒྱལ་ཁབ་ཁག་གི་མཐོ་རིམ་དཔོན་རིགས་ཚོས་རྒྱུ་ནོར་ཕོན་ཆེ་བདག་བཟུང་བྱེད་ཀྱི་ཡོད་པ་ཁག་ཐལ་བའི་རྡུལ་དུ་སློག་ཆེད་མང་ཚོགས་ཚོས་སྨྲ་བརྗོད་རང་དབང་དང་འདུ་འཛོམས་ཐོབ་ཐང་། དེ་བཞིན་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཤིག་ལག་བསྟར་བྱེད་དགོས་པའི་རང་དབང་གི་རླུང་འཚུབ་ཅིག་ས་ཕྱོགས་གང་སར་ལྡང་གིན་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་འབྲེལ་ཝེ་པའོ་ལྟ་ཀློག་བྱེད་མཁན་མི་གྲངས་ས་ཡ་ ༣༠༠ ལྷག་ཡོད་ཅིང་། དེ་དག་ལས་ཕྱེད་ཙམ་གྱིས་གློག་ཀླད་བཀོལ་སྤྱོད་དང་། མི་མང་དུང་ཕྱུར་གཅིག་ལྷག་གིས་ལག་ཐོག་ཁ་པར་དང་པར་ཆས་བཀོལ་སྤྱོད་གཏོང་གི་ཡོད་སྟབས། རྒྱ་ནག་ནང་ཐོན་བཞིན་པའི་མཐོ་རིམ་དཔོན་རིགས་ནང་གི་ལྐོག་ཟ་རུལ་སུངས་དང་རྒྱས་སྤྲོས་ལོངས་སྤྱོད་ཁག་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་རྒྱུ་ཁག་པོ་ཆགས་ཡོད། གནས་སྟངས་དེ་ཁྱེད་ཀྱི་དག་ཡིག་གསར་བསྒྲིགས་ནང་གསལ་སྟོན་བྱས་པའི་འོལ་སི་ཀུ་ཀྲི་ཡི་ཏེ་ཧར་( Wall Street, Tahrir)དང་། སི་ཎོལ་ཌན་སོགས་ཀྱི་དོན་རྐྱེན་ཁག་ལ་ཞིབ་འཇུག་བྱས་པ་ཡིན་ན་ཤེས་ངེས་ཡིན། སྒྲུང་གཏམ་དེ་དག་མཐོ་རིམ་དཔོན་རིགས་ཚོས་རྒྱུ་ནོར་བདག་བཟུང་དང་མང་ཚོགས་ལ་ཐོབ་ཐང་མ་སྤྲད་པ། ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ལག་བསྟར་མ་བྱས་པ་སོགས་ལ་བརྟེན་ཏེ་བྱུང་བ་ཞིག་ཆགས་ཡོད།

རྒྱ་ནག་གཞུང་ཕྱོགས་ཀྱིས་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་ལྐོག་ཏུ་ཕྱུག་འགྱུར་གྱི་ལམ་དུ་ཤར་སྐྱོད་བྱེད་སའི་སྦུབས་ལམ་བཟོས་ཡོད་པའི་གནས་གནས་ཚུལ་དེ་ཚོ་གསང་བ་ཉར་དང་། ནང་ཚགས་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་མི་མང་ཚོས་ཉིན་རེ་བཞིན་དྲ་རྒྱ་ཁག་ནང་བགྲོ་གླེང་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་པ་ཡིན་ན། རྒྱ་ནག་མི་མང་ཚོར་ཐབས་ལམ་གཅིག་རང་ལྷག་ཡོད་པ་ནི་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་རྒྱུ་ལས་མེད་སྟབས། དེ་ལ་རྒྱ་ནག་གཞུང་གིས་དོ་འཁུར་ཆེན་པོ་བྱེད་དགོས་པ་ཆགས་ཡོད།

སྲིད་འཛིན་ཞི་ཅིན་ཕིན་མཆོག

ཁྱེད་དང་རྒྱ་ནག་གཞུང་ཡུན་རིང་སྲ་བརྟན་ཐུབ་དགོས་ན། ཁྱེད་ཀྱིས་རྒྱ་ནག་གི་གནས་ཚུལ་ཇི་མ་ཇི་བཞིན་བརྗོད་མཁན་གྱི་གསར་འགོད་པ་ཚོར་ངན་ཁག་མ་དཀྲི་རོགས་ཞེས་ཞུ་བཞིན་ཡོད། ཁྱེད་ཀྱིས་གསར་བསྐྲུན་བྱས་པའི་རྒྱ་ནག་གི་མེ་རིའི་རྩིག་གྱང་ཆེན་པོ་དེས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་ལ་ཁ་གཏད་གཅོག་རྒྱུ་ལས། དྲང་བདེན་གྱི་གནས་ཚུལ་སྤེལ་མཁན་གསར་འགོད་པ་ཚོའི་ཁ་གཏད་དུ་མ་ལངས་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

རྒྱ་ནག་གི་བརྩེ་བའི་གྲོགས་པོ་ཞིག་ནས།

མ་རྩོམ་འབྲེལ་ཐག  http://www.nytimes.com/2013/12/15/opinion/sunday/friedman-dear-president-of-china.html?hp&rref=opinion&_r=0

 

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. རིག་བཟང་། says:
    ལོ་ 12 སྔོན།

    སྙན་ཞུ་ལྟ་བུའི་རྩོམ་ཡིག་འདི་ཧ་ཅང་ཡག་པོ་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་བློ་སྒོ་འབྱེད་ཐུབ་མེད་ཀྱང་དོགས་གཞི་ཞིག་བསླངས་ཡོད་ངེས་རེད། སྤྱིར་བཏང་རྩོམ་པ་པོ་འདི་རྒྱ་ནག་ལ་ཧ་ཅང་ཉེས་བོ་ཡོད་མཁན་ཞིག་ཡིན་བསམ་སོང་། ཁོ་རང་གིས་སྔོན་མ་རྒྱ་ནག་གི་ཚོང་ལས་དང་ཁྲོམ་རའི་དཔལ་འབྱོར་སྐོར་ལ་སྐད་ཆ་མང་པོ་བཤད་མྱོང་མཁན་ཞིག་རེད། ད་དུང་ཁ་རང་འཛམ་གླིང་ནོ་སྦེལ་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་ཡིན་ཡིན་ས་ཡོད། རྩོམ་ཡིག་རང་ངོས་ནས་ཀྱང་ཤ་ཚ་སྙིང་ཉེ་བའི་གནས་ཚུལ་མ་གཏོགས་རྐང་བཙུགས་ཏེ་མ་དགའ་བའི་གནས་ཚུལ་ཅི་གང་མཐོང་རྒྱུ་མེད་པ་འདུག

    Reply
  2. ཕུན་ཚོགས། says:
    ལོ་ 12 སྔོན།

    བརྩེ་བའི་སྲིད་འཛིན་ཧུའུ་མཆོག་ལ་ཤ་ཚ་བའི་གོ་སྐོན་སློབ་གསོན་ཡག་པོ་གནང་འདུག སྲིད་འཛིན་ཞི་མཆོག་གིས་བསམ་ཤེས་དང་ཁ་བརྡར་དང་ལེན་གནང་བའི་རེ་བ་ཡོད། ང་ཚོ་བོད་པའི་གཏམ་དཔེ་ལ། ཤ་ཚ་བའི་ཁ་ན་གཏམ་རྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཞེས་པ་ལྟར་རེད། སྲིད་འཛིན་ཁྱེད་རང་གི་ཨམ་ཅོག་ནང་སྙན་པོ་མེད་པའི་སྐབས་ལ་དོན་དག་ཡག་པོ་ཞིག་ཤོད་ཀྱི་ཡོད་པ་རེད། གལ་སྲིད་རྒྱ་ནག་གི་མི་མང་དུང་ཕྱུར་ཅུ་གསུམ་གྱིས་ཡར་ལངས་ངོ་རྒོལ་བརྒྱབ་སྟེ་གཞུང་མགོ་རྟིང་སློག་གྲབས་བྱས་པའི་ཉིན་མོ་ཕྱི་ཚར་བ་རེད། དེ་བཞིན་གྲངས་ཉུང་མི་རིགས་ཁག་གིས་གཞུང་ལ་ངོ་རྒོལ་བརྒྱབ་སྟེ་ད་ལྟའི་རྒྱ་ནག་གི་མི་རིགས་ལྔ་བཅུ་ང་དྲུག་དེ་རྒྱལ་ཁབ་རང་བཙན་པ་ང་བཅུ་ལྔ་དྲུག་དང་ཡང་ན་རང་སྐྱོང་ལྗོངས་ང་བཅུ་ང་དྲུག་ཆགས་ཚར་བའི་ཉིན་མོ་རྒྱ་ནག་ལ་གནས་ཚུལ་ག་རེ་ལྷག་གི་རེད་དེ་དག་ལ་བསམ་བློ་ཞིབ་མོ་བཏང་སྟེ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་སྒྲོལ་གཞིར་འགྱུར་བ་ཞིག་གཏོང་དགོས་པ་དུས་ལ་བབ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese