མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་པ་གསར་པས་ལྡི་ལིའི་གཞུང་འཛིན་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ས་ལྡི་ལིར་ལོ་གཉིས་གོང་གསར་དུ་བཙུགས་པའི་མི་མང་དཀྱུས་མའི་ཚོགས་པས་ཁ་སང་གསལ་བསྒྲགས་ཤིག་སྤེལ་ཏེ། ལྡི་ལི་ས་གནས་སྲིད་གཞུང་ཁོ་རང་ཚོས་འཛིན་སྐྱོང་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་འདུག

ཁ་སང་རྒྱ་གར་རྒྱལ་ས་ལྡི་ལིའི་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཨར་ཝུན་ཌི་( Arvind Kejriwal)ལགས་ཀྱིས་ལྡི་ལིའི་གྲོང་ཁྱེར་སྤྱི་ཁྱབ་པ་ཎ་ཇིབ་ཇོང་ ( Najeeb Jung ) ལགས་དང་ལྷན་དུ་གྲོས་མོལ་བྱས་ཏེ། ཁོང་གིས་ལྡི་ལི་ས་གནས་སྲིད་གཞུང་འཛིན་སྐྱོང་བྱ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་དང་། བཀའ་བློན་དྲུག་འདེམས་སྒྲུག་གིས་མིང་ཐོ་གསལ་བསྒྲགས་བྱས་འདུག ལྡི་ལིའི་ས་གནས་སྲིད་གཞུང་དེ་ཀོང་རེ་སེ་(Congress)ཚོགས་པའི་དབང་བསྒྱུར་འོག་ལོ་ངོ་ ༡༥ ཙམ་ཕྱིན་ཡོད་ཀྱང་། ཟླ་འདིའི་ཚེས་ ༤ ཉིན། རྐུབ་སྟེགས་ ༧༠ ཡོད་པའི་ལྡི་ལིའི་ས་གནས་སྲིད་གཞུང་གི་གྲོས་ཚོགས་འོས་བསྡུའི་ཁྲོད། བྷེ་ཇཱའི་པི་(BJP)ཚོགས་པར་འོས་གྲངས་ ༣༢ དང་། ཀོང་རེ་སེ་ཚོགས་པར་འོས་གྲངས་ ༨ ། མི་སེར་དཀྱུས་མའི་ཚོགས་པ་ (AAP)ཞེས་པར་འོས་གྲངས་ ༢༨ བཅས་ཐོབ་སྟེ་ཀོང་རེ་སེ་ཚོགས་པ་ཕམ་ཉེས་བྱུང་ཡོད།

འོས་བསྡུ་དེའི་ཁྲོད་ཆབ་སྲིད་ཚོགས་པ་གང་ལའང་གྲོས་ཚོགས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ལོངས་མེད་པར། ཚོགས་པ་གཅིག་གིས་ལྡི་ལིའི་ས་གནས་གཞུང་འཛིན་སྐྱོང་བྱེད་པའི་བརྒྱ་ཆ་ལོན་མེད་སྟབས། ཨར་ཝུན་ཌི་ཡིས་སྣེ་ཁྲིད་པའི་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པ་དང་ཀོང་རེ་སེ་ཚོགས་པ་གཉིས་མཉམ་རུབ་ཐོག་ལྡི་ལིའི་ས་གནས་གཞུང་འཛིན་སྐྱོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཀོང་རེ་སེ་དང་བྷེ་ཇཱའེ་པེ་ཚོགས་པ་གཉིས་ཀྱིས་རེ་བ་ཆེན་པོ་བྱེད་ཀྱིན་པའི་འོས་བསྡུ་དེའི་ནང་། ཚོགས་པ་བཙུགས་ཏེ་ལོ་ངོ་ ༢ ཙམ་ལས་ཕྱིན་མེད་པའི་མི་སེར་དཀྱུས་མའི་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་སྟབས། མ་འོངས་པར་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ཁྱབ་ཏུ་ཕྱིན་ཏེ། ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ཚེས་ ༣ ཉིན་མགོ་འཛུགས་བྱ་འཆར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་འཚབ་འོག ད་ལྟ་ནས་བྷེ་ཇཱའེ་པེ་དང་ཀོང་རེ་སེ་ཚོགས་པས་མངའ་སྡེ་འདྲ་མིན་ནང་འོས་བསྡུའི་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག

 བྷེ་ཇཱའེ་པེའི་ཚོགས་པས་ཁོ་ཚོའི་འོས་མི་ཎ་རིན་ཌ་མུ་དྷི་ ( Narendra Modi )ཡིན་པ་མིང་འདོན་གྱིས་ “འོས་ཤོག་གཅིག་དང་དངུལ་ཤོག་གཅིག་ “ (One vote,One note) ཅེས་པའི་འབོད་ཚིག་འོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། ཀོང་རེ་སེ་ཚོགས་པས་རཱ་ཧུལ་གྷན་དྷི་ ( Rahul Gandhi)ཞེས་པ་མིང་འདོན་གྱིས་ “བག་ལེབ་ཧྲིལ་བོ་ཟ་འདོད་ན། ཉིན་བརྒྱར་ལས་ཀ་རག་དགོས་ན།  ཀོང་རེ་སེ་ཚོགས་པར་འོས་ལྡུག” ( Eat Full roti,work for 100 days,vote for Congress)ཅེས་པའི་འབོད་ཚིག་འོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག

ལྡི་ལི་ས་གནས་ཀོང་རེ་སེ་ཚོགས་པའི་མགོ་ཁྲིད་དང་ད་ལྟའི་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ཤཱི་ལ་དྷེག་ཤཱི་ལགས་ཀྱིས། མི་མང་དཀྱུས་མིའི་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཨར་ཝིན་ཌི་ལགས་སུ་འཚམས་འདྲི་དང་། མི་མང་གི་རེ་བ་ཆུད་ཟོས་སུ་མ་བཏང་བར་མདུན་སྐྱོད་ཀྱིས་མང་ཚོགས་ཚོ་སྤྲོ་བ་འཕེལ་བའི་གཞུང་ཞིག་ཆགས་ཐུབ་པ་བྱེད་དགོས་སྐོར་དང་། དེ་སྔ་འོས་བསྡུའི་སྐབས་ཁས་ལེན་ཞུས་པ་བཞིན་ཁ་ཞེ་གཉིས་མེད་ཐོག་མང་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱ་དགོས་སྐོར་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། མི་མང་དཀྱུས་མའི་ཆབ་སྲིད་ཚོགས་པ་དེ་ནི་མང་ཚོགས་ཀྱི་མངོན་འདོད་སྒྲུབ་མཁན་གྱི་ཚོགས་པ་ཞིག་ཡིན་པ་མ་ཟད། ལྟ་བ་ལངས་ཕྱོགས་མི་འདྲ་བའི་ཚོགས་པ་འདིའི་གསར་བརྗེའི་རླུང་འཚུབ་དེ་རྒྱ་གར་རྒྱལ་ཡོངས་ནང་ཁྱབ་རྒྱུ་ཡིན་སྐོར་བརྗོད་འདུག ལྷོ་ཤར་ཨེ་ཤ་ཡའི་ཆེད་ལས་མཁས་པ་ཀུ་ཎལ་ཀུ་ལི་ལགས་ཀྱིས། མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པའི་ལས་འགུལ་འདི་ནི་རྒྱ་གར་དབྱིན་ཡུལ་འོག་ཏུ་ཡོད་སྐབས་དབྱིན་ཇི་བཙན་རྒྱལ་རིང་ལུགས་མཐར་སྐྲོད་གཏོང་དགོས་ཞེས་པའི་རྒྱལ་ཡོངས་ཡར་ལངས་ལས་འགུལ་རྗེས་སུ་ཐོན་པའི་མི་མང་མཉམ་ཞུགས་ཀྱི་ལས་འགུལ་ཤུགས་ཆེ་ཤོས་སྤེལ་མཁན་གྱི་ཚོགས་པ་ཞིག་ཆགས་ཡོད་སྟབས། ཚོགས་པ་འདིས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་ངེས་ཡིན་ཚུལ་བརྗོད་འདུག གཞོན་སྐྱེས་ཚན་རིག་ཞིབ་འཇུག་པ་སཱོ་མན་ལགས་ཀྱིས། ཨར་ཝུན་ཌི་ཡིས་མགོ་ཁྲིད་པའི་མི་སེར་དཀྱུས་མའི་ཚོགས་པ་དེ་ནི་རྒྱ་གར་ནང་གི་དམར་ཤོག་ཚོགས་པ་གསར་པ་ཞིག་དང་ཚོགས་པའི་མགོ་གཙོ་ནི་སི་ཊ་ལཱེན་རེད་ཅེས་དང་། ཚོགས་པ་འདིས་མི་མང་གི་རེ་བ་བསྒྲུབ་རྒྱུ་དཀའ་ལས་ཁག་པོ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པ་ (AAM AADMI Party) ཞེས་བ་འདི་ནི་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༣ ཉིན། རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་སྣེ་ཁྲིད་བྱེད་མཁན་སྐད་དྲག་ཅན་ཨ་ཎ་ཨ་ཛྷ་རི་(Anna Hazare)ལགས་དང་། ཨར་ཝུན་ཌི་ཁེ་ཆེ་རེ་ཝལ་ (Arvind Kejriwal)ལགས་གཉིས་ཀྱི་གཙོས་མི་སྣ་ཁག་ཅིག་གིས་གསར་འཛུགས་བྱས་ཤིང་། ཚོགས་པ་འདིའི་དམིགས་ཡུལ་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་རྒྱུ་དེ་ཡིན་པ་དང་། ཚོགས་པའི་མཚོན་རྟགས་ནི་ཕྱག་མ་དང་ཚོགས་པའི་མགོ་ཁྲིད་ཨར་ཝུན་གཉིས་བཞག་ཡོད།

ཨར་ཝུན་ལགས་ནི་ ༡༩༦༨ ལོར་རྒྱ་གར་གྱི་མངའ་སྡེ་ཧར་ཡཱ་ཎ་ནང་སྐྱེས་ཤིང་། ཀཱ་རག་པུར་ཞེས་པའི་གཙུག་ལག་སློབ་ཆེན་དུ་རླངས་འཁོར་བཟོ་སྐྲུན་ཐོག་ཆེད་ལས་ཐོན་རྗེས། རྒྱ་གར་དབུས་དཔྱ་ཁྲལ་ལས་ཁུངས་གནང་ཕྱག་ལས་གནང་ཡོད་པ་དང་། རྗེས་སུ་ལས་ཁུངས་དེའི་སྤྱི་ཁྱབ་གཞོན་པའི་འགན་ཁུར་ཡོད། ༢༠༡༡ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་གསར་བརྗེ་ཆེན་པོ་བྱུང་སྐབས་ལས་འགུལ་སྣེ་ཁྲིད་གནང་ཡོད་ཅིང་། ད་ལྟ་མི་སེར་དཀྱུས་མའི་ཚོགས་པའི་མགོ་ཁྲིད་དང་། ཟླ་འདིའི་ཚེས་ ༢༨ ཉིན་ལྡི་ལིའི་གཞུང་གསར་པའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་བཞག་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. སེངྒེ་ says:
    ལོ་ 12 སྔོན།

    “བག་ལེབ་ཧྲིལ་བོ་ཟ་འདོད་ན། ཉིན་བརྒྱར་ལས་ཀ་རག་དགོས་ན། ཀོང་རེ་སེ་ཚོགས་པར་འོས་ལྡུག” ( Eat Full roti,work for 100 days,vote for Congress)འབོད་ཚིག་ནི་འབོད་ཚིག་རང་རེད།
    ལག་བསྟར་གང་བྱས་ཡོད་པ་མི་མཐོང་ལག་ཟིན་རེད།
    གང་ཅི་ཐད་གོང་ཡར་འཕར་ནས་དབུལ་པོ་རྣམས་ལྟོག་ཤི་ཐེབ་ཀྱི་ཡོད་པ་ལས་བག་ལེག་ཧྲིལ་པོ་རྨི་ལམ་རེད།
    ཤི་གསོན་ལས་ཀྱི་བཀོད་།དབུ་ཕྱུག་གནམ་ལ་བརྟེན་ཞེས་པ་བཅས་སོ།

    Reply
  2. བསམ་དཀར། says:
    ལོ་ 12 སྔོན།

    གནས་ཚུལ་ཞིབ་ཚགས་ཀྱིས་བྲིས་གནང་བར་ཐུགས་རྗེ་ཆེ། མི་རིགས་དང་ཡུལ་ལུང་གཞན་གྱི་གསར་འགྱུར་རིགས་ཧ་ཅང་ཞིབ་ཚགས་ཀྱིས་འབྲི་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ང་དང་ང་ལྟ་བུ་སྐད་ཡིག་གཞན་ལ་ལྟ་ཀློག་ཐུབ་ཀྱི་མེད་པ་དག་གིས་བོད་ཕྱི་ནང་ཙམ་ལས་འཇིག་རྟེན་ཞི་ལོག་ལ་རྒྱུས་མངའ་གང་ཡང་མེད་པའི་དབང་གིས་གནས་ཚུལ་ཞིབ་ཚགས་དང་ཁ་གསལ་བོས་མ་བྲིས་ཚེ་ནང་དོན་གསལ་བོ་ཞིག་རྟོགས་ཐུབ་ཀྱི་མི་འདུག དེ་དང་མཉམ་དུ་མ་འོངས་པར་ཡང་རྒྱལ་ཁབ་གཞན་དང་མི་རིགས་གཞན། ཡུལ་ལུང་གཞན་དག་གི་གནས་ཚུལ་གལ་ཆེན་ཁག་ཧ་ཅང་ཞིབ་ཚགས་དང་གཏིང་ཟབ་པོའི་ཐོག་ནས་འགོད་རྒྱུར་ཐུགས་རྗེ་གཟིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese