མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་མེར་བསྲེགས། འཛམ་གླིང་གི་ཆག་སྒོ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

པོལ་མུནིས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

ཕྱི་ལོ་ ༢༠༠༩ ཟླ་ ༢ པའི་ནང་རྔ་པ་ཀིརྟི་དགོན་པར་སྨོན་ལམ་ཚོགས་མི་ཆོག་པའི་བཙན་བཀའ་བཏང་སྟབས། བཟོད་ཐབས་བྲལ་བའི་གནས་སྟངས་འོག་དགོན་པ་དེའི་དགེ་འདུན་པ་ཀྲ་བྷེ་ལགས་ཀྱིས་རང་གི་ལུས་ལ་ས་སྣུམ་ཤོས་ཏེ། ལམ་གྱི་བཞི་མདོར་ཕྱིན་ནས་རང་ཉིད་མེ་ལ་སྒྲོན་ཞིང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་འཁྱེར་ཡོད། ས་གནས་དེའི་དྲག་ཆས་དམག་མི་མང་པོས་གང་བྱུང་མེ་མདའ་རྒྱག་བཞིན་བཙན་འཁྱེར་བྱས། ཁོང་གསོན་པོར་གནས་ཡོད་ཀྱང་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་མེད། བོད་རིགས་སྙན་ངག་པ་དང་དཔྱད་བརྗོད་པ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་དྲ་ཚིགས་ཐོག འདས་པའི་མི་ལོ་བཞི་ལྷག་རིང་ཁྱོན་བོད་མི་ ༡༢༦ ཙམ་གྱིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་ནག་གི་དབང་བསྒྱུར་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་པ་ཟིན་ཐོར་བཀོད་ཡོད། མེར་བསྲེགས་གཅིག་དེབ་དཔར་བསྐྲུན་ཟིན་རྗེས་ཐོན་ཡོད། ཉེ་ཆར་ཁོ་མོས་བརྩམས་པའི་དེབ་ ༼ བོད་ནང་མེར་བསྲེགས། འཛམ་གླིང་གི་ཆག་སྒོ༽ ཞེས་པའི་ནང་ཡིད་སྐྱོ་བའི་ཡོ་ལངས་འདིའི་རྒྱབ་ལྗོངས་ཀྱི་གནད་དོན་མང་པོ་ཞིག་ཞིབ་ཅིང་ཕྲ་བར་འགྲེལ་བཤད་བསྐྱོན་ཡོད།

ཧྥ་རན་སའི་སྐད་ཐོག་ཡིག་འབྲུ་ཁྲི་བཞི་ཅན་གྱི་དེབ་༼དབྱིན་སྐད་དང་རྒྱ་སྐད་ཐོག་རྗེས་སུ་ཐོན་ངེས་༽དེ་ནི། འདི་ལོའི་ཕྱི་ཟླ་ལྔ་པ་དྲུག་པའི་ནང་བྲིས་པ་ཞིག་རེད། འོད་ཟེར་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་རྣམ་གྲངས་དང་། རང་སྲེག་བྱེད་པའི་རྒྱུ་མཚན། མཐའ་མའི་ཞལ་ཆེམས་རྣམས་ཆེད་བཀོད་བྱས་ཡོད། རྒྱ་ནག་གཞུང་གིས་འགྲེལ་བཤད་རྒྱག་སྟངས་ནི། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འགྲིག་གི་མེད་པ་མི་མཚོན་ཟེར་ཞིང་། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་དོན་རྐྱེན་འདི་དང་འབྲེལ་བའི་སྐོར་གླེང་སློང་བྱེད་པར་དགག་བྱ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་བདེ་སྲུང་ལྷན་ཁང་གིས་འོད་ཟེར་ལགས་ལ་དོན་རྐྱེན་དང་འབྲེལ་བའི་སྐོར་དེབ་སོགས་གང་ཡང་འབྲི་མི་ཆོག་པའི་ཉེན་བརྡ་བཏང་ཡོད་ཀྱང་། ཁོ་མོས་བློ་སྟོབས་ཆེན་པོས་ཉེན་བརྡ་དེ་དག་ལ་ཞེད་སྣང་བྱེད་ཀྱི་མེད།

རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ནི། ནག་ཉེས་ཅན་དང་ར་བཟི་བ། རྒྱན་འགུག་ཤོ་རྒྱག་མཁན། སེམས་ཁམས་བདེ་བོ་མེད་པ། གཞང་འཚོང་མ་སོགས་ཡིན་རབས་བཤད་ཡོད་ཅིང་། ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་ཚུལ་སོགས་བརྗོད། དེར་འོད་ཟེར་ལགས་ཀྱིས་ཁོང་ཁྲོ་ཆེན་པོས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ནི། བོད་མི་ཚོས་དཔའ་བོར་བརྩི་ཞིང་། ཁོང་རྣམས་ཀྱི་སྐུ་པར་གུས་བཀུར་ཆེན་པོས་ཁྱིམ་ཚང་དང་དགོན་པའི་ནང་སྒྲིག་བཤོམ་བྱེད་པ་དང་། བསྟོད་བསྔགས་ཀྱི་གླུ་དབྱངས་འབུལ་གྱི་ཡོད་ཟེར།

རང་ལུས་མེར་བསྲེགས་ཀྱིས་བོད་སྤྱི་ཚོགས་ཧྲིལ་པོ་མཚོན་གྱི་ཡོད། འོད་ཟེར་ལགས་ཀྱི་ཟིན་ཐོའི་ནང་དོན་རྐྱེན་ ༡༢༥ ལས་མི་གྲངས་ ༡༠༤ མེར་བསྲེགས་ཀྱིས་འདས་ཡོད་པ་དང་། ༢༠༠༩ ལོར་དོན་རྐྱེན་ ༡ དང་། ༢༠༡༡ ལོར་ ༡༤ །  ༢༠༡༢ ལོར་ ༨༦ ། ད་ལོར་ ༢༥ བྱུང་པ་ལས་གཅིག་དེབ་དཔར་བསྐྲུན་ཟིན་རྗེས་བྱུང་ཡོད། ལོ་ན་རྒན་ཤོས་ལོ་ ༦༤ དང་། ཆུང་ཤོས་ལོ་ ༡༦ ཡིན་པ་དང་། ཆ་སྙོམས་ཀྱི་ལོ་ཚད་ནི་ ༢༦ ཆགས་ཀྱི་ཡོད། སྐྱེ་པ་ ༡༠༦ དང་། བུད་མེད་ ༡༨ བྱུང་ཡོད་པའི་ཁྲོད་ ༢༡ ནི་བུ་ཕྲུག་གི་ཕ་ཡིན་ཞིང་།  ༡༠ ནི་ཨ་མ་ཡིན། སེར་མོ་པ་ ༤༢ ལས་༣ ནི་བླ་མའམ་སྤྲུལ་སྐུ་ཡིན། དེ་བཞིན་འབྲོག་པ་ ༦༣ དང་། ངལ་རྩོལ་པ་ ༣ དང་། ཤིང་བཟོ་པ་ ༡ དང་། རྩོམ་པ་པོ་༡ དང་། ལྷ་བྲིས་པ་ ༡ དང་། རླངས་འཁོར་ཁ་ལོ་པ་ ༡ དང་། ཤིང་ནགས་སྲུང་སྐྱོབ་ལས་བྱེད་ ༡ ། སྔོན་མ་ཏང་ཡོན་ཡིན་པ་ ༡ ། འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་བུ་མོ་ ༢ དང་བུ་ ༣ བཅས་བྱུང་ཡོད། དེབ་ཀྱི་ལེ་ཚན་གལ་ཆེན་ཞིག་ནི་འོད་ཟེར་ལགས་ཀྱིས་ཕྱོགས་བསྡུས་གནང་པའི་ཞལ་ཆེམས་ ༤༦ ཐོག་དབྱེ་ཞིབ་གནང་ཡོད་ཅིང་། དེ་དག་གིས་རང་བསྲེགས་ཀྱི་ཀུན་སློང་ཁ་གསལ་གཏིང་གསལ་བསྟན་ཡོད།

ཞལ་ཆེམས་དག་ལས་འགའ་ཞིག་ལ་ཚིག་འབྲུ་ཁ་ཤས་ལས་མེད། དེ་དག་གི་ནང་ལག་བྲིས་སྒྲ་བཅུག་བྱས་པ། གྲོགས་པོ་དང་སྤུན་ཉེ་དག་ལ་བཤད་པའི་སྐད་ཆ་བཅས་ཚུད་ཡོད། རང་ལུས་མེར་བསྲེགས་དོན་རྐྱེན་དངོས་སུ་མཐོང་མཁན་ཚོར་གཞིགས་ན། རང་ལུས་མེར་བསྲེགས་གནང་མཁན་ ༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་སྐབས་ཆབ་སྲིད་འབོད་ཚིག་བསྒྲགས་ཡོད།  དཔེར་ན། ༧གོང་ས་ཏཱ་ལའི་བླ་བོད་ལ་ཕེབས་བཅུག་དགོས་ཞེས་པ་དང་། བོད་ལ་རང་དབང་དགོས་ཞེས་པ། བོད་རང་བཙན་ཡིན་ཞེས་པ་སོགས་འབོད་སྒྲ་བསྒྲགས་ཡོད། རྒྱ་གཞུང་གིས་རང་སྲེག་དོན་རྐྱེན་ནི། ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་ཏེ་བོད་རྒྱ་ནག་དང་ཁ་བྲལ་གཏོང་ཐབས་ཤིག་ཡིན་པའི་ཉེས་འཛུགས་བྱེད་ཀྱི་ཡོད།

འོད་ཟེར་ལགས་ཀྱིས་གསུངས་དོན། རང་ལུས་མེར་བསྲེགས་ནི་རྒྱ་ནག་གིས་ལོ་མང་རིང་བོད་མིའི་ཆོས་དད་རང་དབང་དང་། ཆབ་སྲིད་རང་དབང་སོགས་ལ་ཚད་ལས་བརྒལ་པའི་བཀག་སྡོམ་བྱས་པའི་ཉེར་ལེན་ལས་བྱུང་པ་ཞིག་རེད་ཟེར། དགོན་པའི་མཐའ་ཡོངས་རྫོགས་སྐོར་སྲུང་པས་སྐོར་པ་དང་། བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤྲོད་པ། དགེ་འདུན་པ་ཚོར་བཙན་དབང་གིས་༧གོང་ས་ཏཱ་ལའི་བླ་མར་མཚན་སྨད་ཞུ་བཅུག་པ། དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཕུད་གཏོང་པ། འཛིན་བཟུང་བཀག་ཉར་བྱེད་པ། འབྲོག་པ་རྣམས་བཙན་དབང་འོག་འཚོ་རྟེན་བསྒྱུར་བཅོས་གཏོང་པ། ཁོར་ཡུག་ཆགས་འཇིག་སྲུང་སྐྱོབ་དགོས་པ་མངོན་གསལ་དོད་པོས་མཐོང་པ་བཅས་ལ་ཐུག་ཡོད་པ་ནན་བརྗོད་བྱས་ཡོད། དེ་བཞིན། དགོན་པ་ཚང་མར་རྒྱ་དར་བསྒྲེང་བཅུག་པ་དང་། ཏང་གི་མགོ་ཁྲིད་ཚོའི་པར་སྒྲིག་བཤོམ་བྱེད་དགོས་ཤིང་། སྒམ་དང་སྒོ་རེ་རེར་སྔོག་བཤེར་བྱས་ཏེ་གུས་བཀུར་ཅན་གྱི་བོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་སྐུ་པར་བཙན་འཕྲོག་བྱེད་ཀྱི་ཡོད་པ་རེད་ཟེར།

འོད་ཟེར་ལགས་ལྷ་སར་བཞུགས་སྐབས། དུས་རྟག་ཏུ་བདེ་སྲུང་ཚན་པས་རྗེས་དེད་གཏོང་པ་དང་། མཚམས་རེར་ཁོ་མོ་པེ་ཅིན་དུ་རང་གི་སྡོད་གནས་སུ་དོ་དམ་བཀག་ཉར་བྱེད་ཀྱི་ཡོད། ཁོ་མོས་བརྗོད་པར། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཉིན་རེའི་འཚོ་བར་སོ་ལྟ་དང་སྟངས་འཛིན་བྱེད་ཀྱི་ཡོད་པ་ཟེར། དམར་ཤོག་དཔོན་རིགས་ཚོས་རང་ལུས་མེར་བསྲེགས་ནི་ནང་ཆོས་ཀྱི་ལྟ་སྤྱོད་དང་འགལ་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། ༼ ༡༩༦༣ ལོར་ཝེ་ཏི་ནམ་དུ་གྲྭ་བ་ཞིག་གིས་རྒྱལ་ཁབ་ནང་ཨ་རིའི་ཐེ་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བར་རྒྱ་ནག་གིས་བསྔགས་བརྗོད་བྱས་པ་བརྗེད་པ་རེད་དམ།༽ འོད་ཟེར་ལགས་ཀྱིས་དེ་སྔོན་དོན་རྐྱེན་དེར་སྐུལ་སློང་བྱས་པའི་ཉེས་འཛུགས་རག་པར་དོགས་ཏེ་གླེང་སློང་བྱེད་རྒྱུར་ཡིད་གཟབ་བྱས་མོད། དོན་རྐྱེན་བྱུང་ཚད་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་སྟབས། ཁོ་མོར་སྐད་ཆ་ཤུགས་ཆེ་ཙམ་བཤད་རྒྱུའི་སྤོབས་པ་བྱིན་སོང་ཟེར། ཁོ་མོས་རང་ལུས་མེར་བསྲེགས་ནི་འཚེ་མེད་ཞི་བའི་རང་བཞིན་ཡིན་པར་རྗོད་ཀྱི་ཡོད་ཅིང་། ཆེས་མཐའ་མཇུག་གི་ཞལ་ཆེམས་གང་ཞིག་གིས་ཀྱང་གཞན་ལ་གནོད་འཚེ་སྐོར་བརྗོད་མེད་པ་ནི་དེབ་ཀྱི་རྒྱབ་ཤ་ནས་གསལ་སྟོན་བྱས་ཡོད།

ཧྥ་རན་སིའི་དཔེ་དེབ་དཔར་སྐྲུན་པ་ཨིན་ཌི་ཇན་གྱིས་འོད་ཟེར་ལགས་སུ་དེབ་ཅིག་བྲི་དགོས་པའི་སྐུལ་མ་བྱས་རྗེས། ཁོ་མོས་སྙན་གྲགས་ཅན་གྱི་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་སུ་དེབ་ཀྱི་རྒྱབ་ཤ་ཇུས་འགོད་ལ་འབོད་སྐུལ་ཞུས་ཤིང་། རྒྱབ་ཤ་དཀར་པོའི་ཐོག་ལི་ཁྲི་མདོག་ཅན་གྱི་མེ་ལྕེའི་ཚོན་མདོག་དང་མཉམ་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་མཚན་བཀོད་ཡོད། སྒྱུ་རྩལ་འབུར་འཐོན་རང་བཞིན་གྱི་མེ་ལྕེ་དེས་འཚེ་པ་མེད་པ་མཚོན་པ་ལས། དེ་ནི་མི་རྣམས་ལ་འཇིགས་སྣང་སྐྱེས་པ་ཞིག་མིན་ཞེས་དང་། དེབ་ཀྱི་རྒྱབ་ཤའི་མཚོན་དོན་དེས། ཚེ་སྲོག་བློས་གཏོང་གནང་མཁན་རྣམས་ལ་ཁ་བཏགས་ལྟ་བུའི་ལེགས་གསོལ་ཞིག་མཚོན་ཡོད་ཟེར།

ཁོ་མོས་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱུ་མཚན་ལ་བསམ་གཞིག་བྱེད་རྒྱུ་ལས་ལྡོག་སྟེ། བཙན་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད་ཟེར། དོན་རྐྱེན་གྱི་འགན་འཁུར་ནི་སྲིད་གཞུང་ལ་ཡོད་པ་མའོ་ཙེ་ཏུང་གི་སྐད་ཆ་ཞིག་ལུང་འདྲེན་གནང་དོན། གང་དུ་གཉའ་གནོན་ཡོད་པ་དེར་ངོ་རྒོལ་ཡོད་ཅེས་དང་། མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ནི་ངོ་རྒོལ་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས། ཇི་སྲིད་རྒྱུ་རྐྱེན་ཐག་གཅོད་མ་བྱས་བར་དུ་ངོ་རྒོལ་མུ་མཐུད་ངེས་རེད་ཟེར། ངོ་རྒོལ་བྱེད་མཁན་ཚོའི་ཐོག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཚོས་བཙན་གནོན་དང་དྲག་སྤྱོད་བྱེད་ཀྱི་ཡོད་པ་དེས་མི་མང་གི་ངོ་རྒོལ་དེ་བས་རྣོ་ངར་ཆེ་རུ་གཏོང་དགོས་ཐུག་གི་ཡོད་པ་རེད་ཟེར།

སྲིད་གཞུང་གིས་ངོ་རྒོལ་པ་ཚོར་གཉའ་གནོན་དྲག་སྤྱོད་ཁོ་ན་སྤེལ་གྱི་ཡོད་པ་ཁོ་མོས་ལྷ་ས་ནས་ཕྲན་ལ་ཁ་པར་ཐོག་བརྗོད་བྱུང་། སྙིང་སྟོབས་ཅན་གྱི་བོད་མི་ཚོས་མཐར་ཐུག་གི་གདམ་ཀ་ནི་རང་ལུས་མེར་བསྲེགས་རེད་ཅེས་ཟེར། ཉེན་རྟོག་པས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་གྲོགས་པོ་དང་། སྤུན་ཉེ་རྣམས་ལ་བྱ་ར་བྱེད་ཅིང་བཙོན་འཇུག་བཀག་ཉར་བྱེད་ཀྱི་ཡོད་པ་ལས། གཅིག་ནི་ཚེ་བཙོན་དུ་བཅུག་ཡོད་འདུག གཞན་རྣམས་ལ་གནས་ཚུལ་ཕྱིར་གཏོང་བྱས་པའི་ཉེས་ཆད་གཏོང་གི་ཡོད། དེ་འདྲའི་གཉའ་གནོན་འོག་རང་ལུས་མེར་བསྲེགས་གནས་ཚུལ་ཕྱིར་བསྒྲགས་འགྲོ་པར་ཉིན་དང་ཟླ་བ་འགོར་གྱི་ཡོད་པ་རེད་ཟེར། བོད་ས་ཁུལ་ཁག་ཏུ་རང་ལུས་མེར་བསྲེགས་བྱུང་པའི་གྲངས་ཚད་ནི། ཤེས་རྟོགས་བྱུང་པ་ལས་མང་པ་བྱུང་ཡོད་ངེས་རེད་ཟེར། ཁོ་མོས་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གནང་པ་ནི། རྒྱལ་སྤྱིས་རྒྱབ་སྐྱོར་ཐོབ་ཆེད་ཙམ་མིན་པར། བོད་མི་རྣམས་གཉིད་ལས་སད་ཆེད་དང་། རྒྱ་གཞུང་གི་མགོ་གཙོ་ཚོས་སྲིད་ཇུས་ལ་བསྒྱུར་བཅོས་གཏོང་རྒྱུར་གནོན་ཤུགས་སྤྲོད་ཆེད་རེད་ཟེར། འོན་ཀྱང་། རྒྱལ་སྤྱིའི་ལྟ་སྟངས་ལ་ཁོ་མོས་བློ་ཕམ་ཚད་མེད་གནང་གི་ཡོད། ཁོ་མོས་དོན་རྐྱེན་ཞིག་བགྲང་དོན། ཕྱི་ལོ་  ༡༩༦༣ ལོར་སའེ་གོན་སྲང་ལམ་དུ་ཝིཏ་ནམ་གྲྭ་བ་ཐིཀ་ཀོན་ཌའུ་ཞེས་པས་རང་ལུས་མེར་བསྲེགས་གནང་པར་བརྟེན་ཏེ། རྒྱལ་སྤྱིས་ལྷོ་ཝིཏ་ནམ་སྲིད་གཞུང་གི་ནང་ཆོས་ཀྱི་ལྟ་སྤྱོད་དང་མི་མཐུན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་ཟེར།

རང་སྲེག་གནང་མཁན་ཉུང་ཉུང་ཞིག་ནས་མགོ་བཙུགས་ཏེ་ད་ཆ་ ༡༢༠ ལྷག་བརྒལ་ཟིན་ཡང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་ཡང་མི་སྨྲ་པར་ཁུ་སིམ་མེར་བསྡད་ཡོད་པ་རེད། ཁུ་སིམ་དེས་མི་རྣམ་བློ་ཕམ་བཅུག་ཡོད་པ་རེད་ཟེར། ༡༩༨༦ ལོར་འཛམ་གླིང་ཞི་བདེའི་གཟེགས་རྟགས་བཞེས་མཁན་གྱིས་ས་ཁུལ་ཞིག་ཏུ་མི་རྣམས་དཀའ་སྡུག་མྱོང་བཞིན་པར་འཛམ་གླིང་གིས་སྣང་མེད་གཏོང་པའི་དུས་ཚིགས་སྐོར་གསུངས་པ་ཞིག་འོད་ཟེར་ལགས་ཀྱིས་ལུང་འདྲེན་གནང་དོན། འདི་ནི་དངོས་བདེན་ཡིན་སྲིད་དམ། འདི་ནི་དུས་རབས་ཉི་ཤུ་པ་ཡིན་པ་ལས་དུས་རབས་བར་མ་མིན། སུས་དེ་ལྟ་བུའི་ནག་ཉེས་བྱེད་བཅུག་པ་རེད་དམ། འཛམ་གླིང་ཇི་ལྟར་ཁུ་སིམ་མེར་འདུག་ཐུབ་བམ། ཞེས་གསུངས་ཡོད་པ་རེད་ཟེར། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་རྒྱ་ནག་གི་དཔལ་འབྱོར་ཤུགས་རྐྱེན་ཇེ་ཆེར་སོང་པར་བརྟེན། རང་ལུས་མེར་བསྲེགས་དོན་རྐྱེན་ནི་ཡ་ང་བའི་བདེན་དོན་ཞིག་ཏུ་གྱུར། ཁོ་མོས་རྒྱལ་ཁབ་ཚང་མར་སོ་སོའི་ཁེ་སང་ཆེན་པོ་རེ་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་ལ་གཡོལ་གྱི་ཡོད་པ་རེད། རྒྱལ་སྤྱིས་གནོན་ཤུགས་ཀྱིས་བོད་ཐོག་རྒྱའི་གཉའ་གནོན་མཚམས་འཇོག་ཡོང་ངེས་རེད་ཅེས་སོགས་བརྗོད་འདུག

མ་རྩོམ་གྱི་དྲ་ཐག

http://www.forbes.com/sites/paulmooney/2013/10/28/immolations-in-tibet-the-shame-of-the-world/

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese