ཁ་སང་གཟའ་ཕུར་བའི་ཉིན་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡༡ ནང་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ལྷ་མོ་ལགས་བཙོན་གྲོལ་བཏང་འདུག
བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༡༢ ལོའི་ཟླ་ ༡༡ ནང་བོད་མདོ་སྨད་རེབ་གོང་མདོ་བར་རང་ལུས་མེར་བསྲེཊ་བསྟུད་མར་བྱུང་སྐབས། རེབ་གོང་མདོ་བ་ཁྱི་ལྔ་སྡེ་བའི་རང་ལོ་ ༢༠ ཡིན་པའི་ལྷ་མོ་ལགས། བོད་རང་བཙན་ཀྱི་སྐད་འབོད་བྱས་པ་དང་རྒྱ་ནག་གི་རྒྱལ་དར་གཤགས་མཁན་ཡིན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ། ལོ་ ༢ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་ཁོང་སྟོང་སྐོར་ངལ་རྩོལ་བསྒྱུར་བཀོལ་ར་བ་ཞེས་པའི་བཙོན་ཁང་ནས་བཙོན་གྲོལ་བཏང་སྟེ་དགོང་དྲོ་ཆུ་ཚོད་ ༨།༣༠ ཡས་མས་སུ་རང་ཁྱིམ་དུ་འབྱོར་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་གཙོས་བོད་མི་མང་པོ་ཞིག་བཙོན་འཇུག་དུས་ཡུན་མ་རྫོགས་པར་བཙོན་གྲོལ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་མི་འགྱངས་བར་སྟོང་སྐོར་ངལ་རྩོལ་བསྒྱུར་བཀོལ་ར་བ་ཞེས་པའི་བཙོན་ཁང་དེ་སྒོ་རྒྱག་དགོས་པར་ཐུག་ཏེ་ཀློད་གྲོལ་བཏང་བ་ཞིག་ཡིན་འདུག
གསར་འགོད་པ། དོན་གོ