མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིང་ཚིག་བེད་སྤྱོད་གཏོང་ཕྱོཊ་ལ་གཟབ་རོཊ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

 ཁ་སང་གཟའ་མིག་དམར་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནས་འཕྲིན་ཞིག་བསྐུར་ཏེ། བོད་སྐད་དང་བོད་ཡིག་གི་གསར་ལམ་ཁག་གི་མིང་ཚིག་བེད་སྤྱོད་གནང་ཕྱོཊ་ཐོག་དགོངས་བཞེས་གནང་དགོས་ཚུལ་གསུངས་འདུག

ཟླ་འདིའི་ཚེས་ ༢༧ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས། བོད་སྐད་དང་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་འཛིན་རྣམ་པར་མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཐོག་དགོངས་བཞེས་གནང་དགོས་པའི་གནས་འཕྲིན་ཞིག་བསྐུར་བའི་ནང་། དགོངས་གསལ་རྒྱ་ཕྱོགས་ནས་ཡིག་ངག་གཉིས་ཐོག་ནས་ཡང་ནས་ཡང་དུ་བོད་སྐད་ཀྱི་སྐད་ཡིག་ཐོག་བཙན་འཛུལ་ལྟ་བུས། བོད་སྐད་ལ་གཟའ་ཉི་མ་ཞེས་མིང་ཡོད་མུས་ལ་”ཤིན་ཅི་”ཞེས་འབྲི་འབོད་བྱེད་པ་དང་། དེ་བཞིན་ལས་ཁུངས་ལ་”པུའི”དང་། “ ཐིང་” “ཁྲུའུ་” སོགས་དང་། ལས་ཁུངས་ཀྱི་གཙོ་འཛིན་ལ་ “པུའུ་ཀྲང་” སོགས་དང་། འགོ་ཁྲིད་ལ་ “ཀྲུའུ་ཞི་” དང་། “ཀྲུའུ་རིན་” དེ་བཞིན་ས་གནས་ཀྱི་རྫོང་ལ་ “ཤན་” དང་། དེའི་འོག་ལ་ “ཤང་” ཟེར་བ་ལྟ་བུ་ཡང་ཡང་བེད་སྤྱོད་བྱས་རྐྱེན་དེང་བོད་ནས་ཕེབས་མཁན་མང་པོས་ཀྱང་དེ་ལྟའི་བརྗོད་ཚིག་བེད་སྤྱོད་བྱེད་པ་དང་། འདི་གར་གནས་ཚུལ་ཕུལ་འབྱོར་ཁག་གི་ནང་དུའང་དེ་ལྟར་བྲིས་པ་ཡོང་གི་འདུག

དེ་བཞིན་འབྲི་ཆུའི་སྟོད་རྒྱུད་ཀྱི་གྲོང་རྡལ་བོད་མིང་ལ་དགའ་སྐྱེ་རྒུ་མདོ་ཞེས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཡོད་དང་ཡོད་བཞིན་པར་རྒྱ་ཕྱོགས་ནས་དགོས་དབང་ལྟ་བུས་ “ ཡུས་ཧྲུའུ་” ཞེས་འབོད་འབྲི་བྱེད་བཞིན་ཡོད་པར། རང་ཕྱོགས་ནས་ཐུགས་སྣང་ཆུང་སྐྱོན་ལྟ་བུས་དེ་ལྟར་ལད་ཟློས་གནང་བ་དེས་རིམ་པས་བོད་ཀྱི་མིང་ཚིག་ངོ་མ་བརླག་ཉེན་དུ་མཐོང་པས། སླད་མིང་ཚིག་བེད་སྤྱོད་གནང་ཕྱོགས་ཐོག་དགོངས་བཞེས་ངེས་པར་གནང་འོས་དཔྱད་གཞིའི་ཚུལ་དུ། ཞེས་འཁོད་འདུག

 

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 23

  1. ཤག་སྒང་པ། says:
    ལོ་ 11 སྔོན།

    སྐད་ཡིག་སྤུས་ཀ་དག་དང་མ་དག སྐད་ཡིག་གི་བཀོལ་ཐབས་གཙང་དང་མ་གཙང་། ཟེར་བ་ཚང་མ་དེ་དང་དེའི་ཁོར་ཡུག་ལ་རགས་ལུས་ངེས་རེད།

    བཙན་བྱོལ་ན་མི་འདུག་ཟེར་བ་བདེན་མོད་ཀྱང་། དེ་ཙམ་གྱི་ཐུགས་ཁག་ཅིག་མེད་དོན་ནི། ཉེན་རེའི་འཚོ་བའི་ནང་བོད་ཡིག་བཀོལ་ས་མེད་པའི་དུས་ཚོད་ཧ་ཅང་མང་བས་རེད།
    བོད་ནང་དུ་ད་ལྟ་དེ་འདྲའི་དཀའ་ངལ་མེད་བརྟེན་བདག་གཅེས་བྱས་ཀྱང་བྱེད་རིན་དང་གྲུབ་འབྲས་སྨིན་ངེས་ཤིག་རེདྲསྙམ། ཆ་རྐྱེན་དང་མཐུན་རྐྱེན་ཚང་ནས་ཡོད་པ་རེད་དཱ།

    བཙན་བྱོལ་ན་མི་འབོར་རྫོགས་ལ་ཉེ་ཞིང་། ཡོད་པ་རྣམས་ཀྱང་ཁ་འཐོར་བས་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ལོ་གྲངས་བཅུ་གྲངས་ཤིག་གི་རྗེས་སུ་ཡལ་ངེས་རེད། ཐུགས་ཁྲལ་གནང་ཡང་དོན་མེད་ལྟ་བུ་ཞིག་རེད།

    བོད་ནང་གི་བོད་མི་དང་ཤེས་རིག་ནི་ང་ཚོའི་མ་རྩ་དང་སྒལ་ཚིགས་ངོ་མ་དེ་རེད། སྐྱོན་ཡོད་པར་སྐྱོན་འདུག་གསུངས་ན་ཆོག་པ་ལས། དེ་ལ་དགག་པ་དང་མི་དགའ་བྱ་དོན་མི་འདུག་གཱ སྙིང་ཞེན་ཕྱོགས་ཞེན་ཕ་ཕོར་གཙང་འཛིན་ཟེར་བ་དེ་རེད།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    བོད་གཞིས་བྱེས་གཉིས་ཀྱིས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་སེམས་ཤུགས་སླེབས་པ་ཁོ་རང་དགའ་ལྡན་ཕོ་བྲང་པའི་བཀའ་དྲིན་ཉག་གཅིག་ལས་གཞན་གང་ཡང་མེད། རྒྱལ་པཎ་ཉི་ཟླ་ཟུང་གིས་བོད་ཟེར་བ་འདི་རེ་བ་ཆེན་པོ་ཡོད་པ་ཞིག་ཏུ་སྒྱུར་ཐུབ་སོང་། བཀའ་དྲིན་སྲིད་པའི་རྩེ་མོའི་བར་དུ་གཞལ་དཀའ་འོ། །
    ས་སྐྱ་གོང་མ་བདག་མོ་བཞེས་ནས་བཞུགས། །
    མཚུར་ཕུ་ཀརྨ་རྒྱ་ཡི་ལྷ་མོར་མཉེས། །
    སི་ཏུ་ཞྭ་དམར་ནང་འཛིངས་རྒྱག་ནས་བཞུགས། །
    དགའ་ལྡན་ཁྲི་པ་ཁྲི་ལ་གཉིད་དུ་རོལ། །
    དུས་ཀྱི་བསྐལ་པ་སྙིགས་མ་འདི་འདྲ་ལ། །
    རྒྱལ་པཎ་ཉི་ཟླ་ཁྱོད་གཉིས་མ་ཤར་ན། །
    གངས་ཅན་བོད་འདི་རྒྱ་འདྲེའི་ཁ་ལག་ནང་། །
    ཞི་མིས་ཙི་ཙི་བཅོམ་ལྟར་འགྱུར་ངེས་སོ། །
    རྒྱལ་པཎ་བླ་མ་རྣམ་གཉིས་ང་ཚོ་མགོ་ནག་བོད་ལ་བཀའ་དྲིན་ཆེ།

    Reply
  3. མཉམ་ཞུགས says:
    ལོ་ 11 སྔོན།

    མིང་ཚིག་བེད་སྤྱོད་གཏོང་སྟངས་ལ་གཟབ་དགོས་པའི་སློབ་སྟོན་ཡིག་ཆའི་ནང་རྒྱའི་ཤན་ཞུགས་པའི་མིང་ཚིག་པུའུ་དང་།ཐིང་།ཁྲུའུ།ཀྲུའུ་རིན་སོགས་ལ་བ་དགག་པ་ཙམ་ལས།མིག་ཚིག་དེ་དག་གི་ཚབ་ཏུ་བོད་ཚིག་ཅི་ཞིག་འབྲི་དགོས་པའི་ལམ་སྟོན་གང་ཡང་བྱས་མི་འདུག་པ་ལ་ཧ་ཅང་གི་བློ་ཕམ་བྱུང་།འདི་དང་མཉམ་དུ་རེ་སྐུལ་ཞུ་རྒྱུ་ཞིག་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་ངོས་ནས་བོད་ཡིག་ཐོག་ཡོད་པའི་གོང་ས༸མཆོག་གི་དྲ་རྒྱ་(gyalwarinpoche.com)དེ་བདག་པོ་ཡག་པོ་རྒྱག་རོགས་གནང་ཞུ་རྒྱུ་ཡིན།བོད་ཡིག་ཐོག་ཡོད་པའི་དྲ་རྒྱ་བརྒྱུད་ནས་མཐའ་ན་གོང་ས༸མཆོག་གི་ལོ་གཅིག་གི་མཛད་རིམ་ཡག་པོ་ཞིག་ཀྱང་ཤེས་ཐུབ་ཀྱི་མེད།དྲ་གྲོགས་རྣམས་ཡིད་མི་ན་གཟིགས་དང་ད་དུང་༢༠༡༣ལོའི་མཛད་རིམ་ཉུང་ཉུང་ཞིག་ལས་ཅི་ཡང་མེད།བོད་ཡིག་ཁོ་ན་ལས་མི་ཤེས་པའི་བོད་མི་ཞིག་ཡིན་ཕྱིན་གོང་ས༸མཆོག་གི་མཛད་རིམ་སོགས་ངེས་པར་ཤེས་འདོད་ཡོད་པར་གདོན་མི་ཟ་ལ་དེ་དག་ལ་གོང་ས་མཆོག་གི་ལོ་རེའི་མཛད་རིམ་གྱིས་མཚོན་པའི་མཛད་པ་འཕྲིན་ལས་རྣམས་རེ་རེ་བཞིན་ཤེས་སུ་འཇུག་པའི་འགན་དེ་དགའ་ལྡན་ཕོ་བྲང་ལ་ཡོད་པར་འདོད་ཀྱི་ཡོད།འདི་ཡང་དད་ལྡན་བོད་མི་དང་བོད་ཡིག་ལ་སེམས་གཏིང་ནས་ཐུགས་ཁྲལ་གནང་གི་ཡོད་པ་བདེན་ཚེ་ཧ་ཅང་གལ་ཆེ་བའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་འོས་པ་ཞིག་རེད།

    Reply
  4. ལྗང་གཞོན། says:
    ལོ་ 11 སྔོན།

    དགའ་ལྡན་ཕོ་བྲང་གིས་བསྒྲགས་གཏམ་དེ་འདྲ་ཞིག་བཏང་པ་དེ་སོ་སོ་ངོ་མ་ཤེས་པར་གཞན་ལ་མཛུབ་མོ་བཙུགས་པ་རང་རེད།

    རྩ་བའི་ཆ་ནས་བོད་ནང་དུ་༧པཎ་ཆེན་སྐུ་གོང་མས་སྐུ་ལས་ཚད་མེད་བསྐྱོན་གནང་པ་ལ་བརྟེན་ནས། བཙན་བྱོལ་དང་བསྡུར་ན་སྤྱིའི་ཆ་ནས་བོད་སྐད་དང་བོད་ཡིག་གི་རྨང་གཞི་བོད་ཁམས་ཡོངས་སུ་སྲ་བརྟན་དུ་གྱུར་ཡོད་རེད། འོན་ཀྱང་། བཙན་བྱོལ་ནང་ལ་གཅིག་ལྟོས་དང་། མགོ་དབུ་ཁྲིད་རྣམ་པ་ནས་གཞུང་ཞབས་ལས་བྱེད་ཚོའི་བོད་སྐད་ཡིག་གི་སྤུས་ཚད་དང་བོད་སྐད་བཤད་སྟངས་ལ་ལྟོས། མཐའ་ན་ཡིག་ནོར་མེད་པའི་གཞུང་ཡིག་ཅིག་མཐོང་དཀའ་བའི་གནས་སུ་གྱུར་ཡོད།

    དེ་བཞིན་བཙན་བྱོལ་གྱི་བོད་པའི་སློབ་གྲྭ་ཁག་ནས་ཐོན་པའི་བོད་ཕྲུག་ཚོའི་སྐད་ཡིག་གི་སྤུས་ཚད་ལ་ལྟོས། གང་འདྲ་རེད་འདུག དགའ་ལྡན་ཕོ་བྲང་གིས་དངོས་གནས་ཅིག་བཤད་རྒྱུ་ཡིན་ཟེར་ན། ཨང་དང་པོ་སོ་སོ་རང་ཉིད་དང་སོ་སོའི་མཐའ་འཁོར་ལ་གཙང་མ་སྤུས་དག་ཅིག་ཡོང་པར་བགྱིས་ཏེ། གཞི་ནས་བོད་ནང་ལ་ཞལ་ལོག་ན་འོས།

    ཡིན་ཙང་། ཨང་དང་པོ་བཙན་བྱོལ་ནས་བོད་སྐད་བོད་ཡིག་གི་རྨང་གཞི་སྲ་བརྟན་བཟོས། དབྱིན་ཡིག་དང་ཧིན་རྡིའི་ཞན་ཤུགས་མེད་པའི་བོད་མིའི་སྤྱི་ཚོགས་ཤིག་དང་བོད་རང་གི་ཐ་སྙད་ལ་མ་རྨོངས་པའི་བོད་མི་རྐྱང་ཡོང་པ་གནང་སྟེ། གཞི་ནས་བོད་ནང་ལ་ཞལ་ལོག་སྟེ་བཀའ་རྒྱ་དེ་འདྲ་གནང་ན་འོས་པ་ཞིག་ཏུ་མཐོང་ངོ་།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    བོད་སྐད་གཙང་མ་ཤོད་ཀྱི་མེད་པ་དེ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་གཅིག་པོ་མ་ཡིན་པར་བཙན་བྱོལ་བ་ཡོད་དོ་ཅོག་རེད། ལག་འཕྲིན་ལ མོ་སྦེལ མགྲོན་འཁོར་རིགས་ལ་པ སྦ་སུ རྩིས་འཕྲུལ་ལམ་གློག་ཀླད་ལ ཀམ་པུ་ཊིར ཁ་པར་སླེབས་སོང་ལ ཧྤོན་སླེབས་སོང་སོགས་མང་ནི་རེད་ཡ། ༧གོང་ས་མཆོག་དང་བོད་ཀྱི་མིང་ལ་བརྟེན་ནས་ཁ་གསོ་ཐབས་ཙམ་ལས་ལྷག་བསམ་རྣམ་དག་པ་ཉུང་ནི་རེད། ལས་སྣེ་བ་དེ་དག་ལ་གོ་སྐབས་རེག་པས་བསོད་ནམས་རེད་འདོད་དམ། སྤྱིར་བོད་པའི་ལས་དབང་རྒུད་པའི་དུས་རེད་ཟེར།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    གྲོགས་མཆོག་ཚེ་རིང་རྡོ་རྗེ་ལགས་ཀྱི་འགན་ཁུར་ཡོད་པའི་དགོངས་ཚུལ་འདི་རྨད་དུ་བྱུང། ངས་བསྐྱར་འགོད་ཅིག་བྱས་ཡོད།

    བཙན་བྱོལ་བས་གཞིས་བཞུགས་བོད་མི་རྣམས་ལ་གསལ་བཤད་བྱ་དགོས་པ་ནི།
    དང་པོ། སྤྱི་ལོ༡༩༦༠ལོ་ནས་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་སྐོར་ལ་གནང་བའི་ཁ་ཚ་དགོས་གཏུག་གི་བཀའ་སློབ་དེ་དག་ཁྱེད་ཚོས་བསྒྲུབས་ཡོད་དམ།
    གཉིས་པ། འགན་འཁྲི་ཅན་གྱི་བླ་དཔོན་སུ་ཞིག་གིས་བཀའ་སློབ་དེ་རྣམས་བཙན་བྱོལ་བོད་མིའི་ཁྲོད་དུ་ནན་ཏན་གྱིས་ལག་ལེན་མ་བྱས་པ་དང་། བཙན་བྱོལ་བོད་སྐད་ཡིག་གི་ལོ་རྒྱུས་ཀྱི་ཉེས་ཅན་ནི་སུ་དང་སུ་ཡིན་ནམ།
    གསུམ་པ། བོད་གཞིས་པའི་ཕ་མ་ལྷག་བསམ་ཅན་མང་པོས་རང་གི་བུ་ཕྲུག་རྒྱ་དམར་གྱི་བླ་འགུག་སློབ་གསོ་ཐེབས་སུ་འཇུག་མ་འདོད་དེ། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་པའི་ཆེད་དུ་བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་མངགས་ཀྱང་། ཁོང་ཚོའི་བུ་ཕྲུག་རྣམས་ཀྱི་སྐད་ཡིག་དང་བསམ་བློ་གཉིས་ཆ་ར་མིན་ལུག་མིན་དུ་བསྒྱུར་བ་འདི་གྲུབ་འབྲས་ཡིན་ནམ་ནག་ཉེས་ཡིན།
    བཞི་བ། ད་ལྟའི་བཙན་བྱོལ་གྱི་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་འཆར་གཞི་དང་ལག་ལེན་གང་འདྲ་ཡོད།

    Reply
  7. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 11 སྔོན།

    སྤྱིར་ན་རང་རེའི་སྐད་ཡིག་གི་ཁྲོད་དུ་སྐྱེ་དགུ་དང་སྐྱེ་རྒུ་གཉིས་ཀྱི་དོན་ནི་སྲོག་ཅན་ཀུན་ལ་གོ་སྲོལ་དང་སྤྱོད་སྲོལ་ཡོད་པའི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་བཞིན་དུ། འདིར་ཡང་སྒ་སྐྱེ་དགུ་འམ་སྐྱེ་རྒུ་གང་རུང་དུ་སྔར་ནས་འབྲི་བཞིན་ཡོད། འོན་ཀྱང་ཕལ་མོ་ཆེས་སྒ་སྐྱེ་རྒུ་མདོ་ཞེས་ཡོངས་གྲགས་ལྟ་བུར་བཀོལ་བཞིན་ཡོད་ཀྱང་འགལ་བ་གང་ཡང་མེད་དོ། །

    Reply
  8. ཤིང་ལོ། says:
    ལོ་ 11 སྔོན།

    རེད། དངོས་གནས་བྱས་ན། ཏཱ་ལའི་བླ་མའི་དགེ་རྩ༽

    འདི་འདྲ་ཞིག་སུས་བཏགས་གནང་བ་ཡིན་ནམ། བོད་མི་མང་པོ་ཞིག་ལ་འདི་མ་བདེ་བ་ཞིག་མཐོང་ཚུལ་འདུག

    Reply
  9. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    གོང་དུ་བསྟན་འཛིན་དང་གངས་སྨྱུག་ཟེར་བའི་བོང་གུ་ཁག་ཅིག་གིས་ཀྱང་མི་སྐད་ཅིག་རྒྱག་ཨེ་ཐུབ་ལྟ་འདུག་མོད། སྙིང་རྗེ་ལས་ངན་བསོད་ཟད་ཚོས་རང་མགོ་བརྡུང་རྒྱུ་ལས་གཞན་གང་ཡང་མི་ཤེས་སོ། །ཁོ་ཚོ་རང་གི་བོད་ཡིག་གི་ཤེས་ཚད་ལ་གཅིག་ལྟོས་དང་། མི་ལ་བཤད་རྒྱུའི་ཁ་སྟབས། ཧཧཧཧཧཧཧཧཧཧཧཧ།
    དགའ་ལྡན་ཕོ་བྲང་པ་ནི་བོད་མིའི་སྲོག་དང་འདྲེས་ཡོད་པས་ཇི་སྲིད་ཀྱི་བར་དུ་གཟི་བརྗིད་སྟོང་གིས་འབར་བཞིན་བཞུགས་པར་ངེས་སོ། །

    Reply
  10. གཟུ་གནས་བློ་ལྡན། says:
    ལོ་ 11 སྔོན།

    འཇང་ཅན་དང་ཇོ་རུ་ཅན་སོགས་ཁྱེད་རྣམས་ལས་ངན་ཁྱུ་ཚོ་གཅིག་དེ་སྡུག་ཅོག་ང་ལ་གཏོད་ཅིག སེམས་བཟང་པོའི་མཁྲིས་སྨན་ཁ པོ་དེ། ལས་བསོད་ཟད་ཅན་ལ་དུག་ཏུ་འགྱུར་ཟེར་བ་ཅི་མི་བདེན། བོད་སྐད་ནང་རྒྱ་སྐད་ཀྱི་ཤན་ཞུགས་པར་ཡིད་གཟབ་དགོས་ཞེས་སྨྲ་སྐབས་སྐད་ཡིག་གཞན་སུ་འདྲ་ཞིག་གི་ཤན་ཞུགས་ནའང་ཅི་མཚུངས་སུ་རྣམ་དཔྱོད་ཅན་ཡོངས་ཀྱིས་ཤུགས་མ་ཐུབ་ཀྱིས་གོ་ངེས་མོད། མགོ་རུལ་བ་སྣ་ཡིས་མི་ཚོར་ཁྱེད་ཚོར་ཅི་ཁག ཀླད་སྟོང་ཁྱེད་ཚོའི་ཁ་དེ་ནང་མགོ་བརྡུང་བྱེད་ཀྱི་ཐོ་བ་ཙམ་དགྲ་ཤ་བོ་སྟེང་ལ་བལ་ལས་འཇམ་འཇམ་དུ་གྱུར་ཡོད་པས་རེད། སྒ་ཞེས་པ་ལས་དགའ་སྐྱེ་དགུ་མདོ་ཞེས་བྲིས་པ་སོ་སོས་མ་མཐོང་བས་རང་རེའི་བོད་མི་བླ་སྲོག་དགའ་ལྡན་ཕོ་བྲང་པར་སྨོད་པ་ནི་ཁྲོན་སྦས་ཀྱིས་གནམ་མ་མཐོང་བའི་གནས་ལུགས་དང་ཡོངས་སུ་མཚུངས་སོ། །མ་མཐོང་ན་ད་དུང་མུ་མཐུད་ནས་ལོ་རྒྱུས་ཡིག་ཆ ཁག་ཀློགས་ཤིག དགའ་ལྡན་ཕོ་བྲང་པ་ཆེན་པོ་ནི་བོད་མིའི་སྲོག་དང་འདྲེས་ཡོད་པས་བོད་གངས་ཅན་པ་ཇི་སྲིད་མ་སྟོང་གྱི་བར་དུ་ཉི་མ་བྱེ་བའི་གཟི་བྱིན་འབར་བཞིན་བཞུགས་པར་ངེས་སོ། །ཧཧཧཧཧཧ། ལས་ངན་མ་ཁྱེད་ཚོའི་སྙིང་ཟུག་གིས་གས་པར་མི་འགྱུར་རམ། །

    Reply
  11. ཚེ་རིང་རྡོ་རྗེ། says:
    ལོ་ 11 སྔོན།

    བཙན་བྱོལ་བས་གཞིས་བཞུགས་བོད་མི་རྣམས་ལ་གསལ་བཤད་བྱ་དགོས་པ་ནི།
    དང་པོ། སྤྱི་ལོ༡༩༦༠ལོ་ནས་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་སྐོར་ལ་གནང་བའི་ཁ་ཚ་དགོས་གཏུག་གི་བཀའ་སློབ་དེ་དག་ཁྱེད་ཚོས་བསྒྲུབས་ཡོད་དམ།
    གཉིས་པ། འགན་འཁྲི་ཅན་གྱི་བླ་དཔོན་སུ་ཞིག་གིས་བཀའ་སློབ་དེ་རྣམས་བཙན་བྱོལ་བོད་མིའི་ཁྲོད་དུ་ནན་ཏན་གྱིས་ལག་ལེན་མ་བྱས་པ་དང་། བཙན་བྱོལ་བོད་སྐད་ཡིག་གི་ལོ་རྒྱུས་ཀྱི་ཉེས་ཅན་ནི་སུ་དང་སུ་ཡིན་ནམ།
    གསུམ་པ། བོད་གཞིས་པའི་ཕ་མ་ལྷག་བསམ་ཅན་མང་པོས་རང་གི་བུ་ཕྲུག་རྒྱ་དམར་གྱི་བླ་འགུག་སློབ་གསོ་ཐེབས་སུ་འཇུག་མ་འདོད་དེ། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་པའི་ཆེད་དུ་བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་མངགས་ཀྱང་། ཁོང་ཚོའི་བུ་ཕྲུག་རྣམས་ཀྱི་སྐད་ཡིག་དང་བསམ་བློ་གཉིས་ཆ་ར་མིན་ལུག་མིན་དུ་བསྒྱུར་བ་འདི་གྲུབ་འབྲས་ཡིན་ནམ་ནག་ཉེས་ཡིན།
    བཞི་བ། ད་ལྟའི་བཙན་བྱོལ་གྱི་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་འཆར་གཞི་དང་ལག་ལེན་གང་འདྲ་ཡོད།

    Reply
  12. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 11 སྔོན།

    ས་པཎ་གྱིས། ཁ་ཏས་མི་གཙང་ཟ་བའི་མཆུ། །ས་གཙང་གཞན་ལ་འབད་དེ་འཕྱིས།།

    Reply
  13. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 11 སྔོན།

    དེང་སང་དགའ་ལྡན་ཕོ་བྲང་ཚང་རླུང་རྟ་ཆགས་བཞིན་པའི་སྒང་ཡིན་ས་རེད། མགོ་རུལ་སྣས་མ་ཚོར་བ་ཁྱད་མཚར་རེད། ཧཧཧཧཧཧ

    Reply
  14. གནས་ཚང་། says:
    ལོ་ 11 སྔོན།

    ཡིན་ནའི། ཀྲུང་དབྱང་སྲིད་གཞུང་སོེར་འཇོག་གནང་དགོས་ཀྱི་རེད་པཱ། དེ་མ་གཏོགས་རྩ་ཁྲིམས་འོག་ཇི་ལྟར་འགྲོ་ཐུབ་བམ།

    Reply
  15. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    ད་དུང་བརྗོད་དགོས་པ་ཞིག སྒ་སྐྱེ་རྒུ་མདོར་འབོད་པ་ལས། དགའ་སྐྱེ་དགུ་མདོ་ཟེར་བ་ཞིག་གོ་མ་སོང་།

    Reply
  16. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    ༸གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་གི་མཚན་ཁྱེར་ནས། སོ་སོ་ཁོག་སྟོང་ཡིན་པའི་བླུན་རྟགས་དེ་མ་བསྟན་ན་བཟང་གི་སེམས། སྤྱིར་པུའུ་དང་ཐིང་། ཁྲུའུ་སོགས་བོད་སྐད་དང་བོད་ཀྱི་ཐ་སྙད་མ་ཡིན་པར་རྒྱ་སྐད་སྒྲ་སྒྱུར་བྱས་པ་ཞིག་ཡིན་པ་དང་། དེ་ནི་རྒྱའི་བརྡ་དང་ཐ་སྙད་ཀྱི་བཙན་འཛུལ་དང་དབང་སྒྱུར་ཞིག་ཡིན་པ་བརྗོད་མ་དགོས་པར་ཚང་མས་ཤེས་ནི་རེད། ཡིན་ནའང་། གོང་གི་ཐ་སྙད་དེ་དག་ལས་ཁུངས་ཀྱི་དོན་མ་རེད། ལས་ཁུངས་ལ་རྒྱ་སྐད་ཀྱིས་པཱན་ཀུང་ཧྲི་ཟེར་ནི་རེད། པུའུ་དང་ཐིང་། ཁྲུའུ་ནི་ལས་ཁུངས་ཀྱི་གནས་རིམ་ཞིག་གི་མིང་རེད། གནས་རིམ་དེ་དག་གི་མགོ་གཙོ་ལ་པུའུ་ཀྲང་དང་ཐིང་ཀྲང་། ཁྲུའུ་ཀྲང་ཞེས་འདོགས་ཀྱིན་ཡོད་པ་རེད། འདི་ཙམ་ལའང་དབྱེ་ཞིབ་མ་བྱས་པར་རང་སྣང་གང་དྲན་དུ་བྲིས་ནས་འོག་ལ་སྐུལ་རྐྱང་བྱས་ན། ཡི་གེ་འདི་འབྲི་བ་པོ་སོ་སོར་ངོ་ཚ་མེད་ནའང་། སྐུ་སྒེར་གྱི་མཚན་ཐོག་ནས་འདི་འདྲ་བརྗོད་ན་མི་མང་ངོ་ཚ་བའི་རྒྱུ་རེད། གཞན། དྲང་མོར་བཤད་ན། གཟའ་འཁོར་ལ་རྒྱ་སྐད་སྒྲ་སྒྱུར་ཐོག་ ཤིན་ཅི་ ཞེས་རྒྱ་གཞུང་གིས་གཏན་ལ་ཕབ་ནས་འབྲི་བཞིན་པ་ཞིག་མཐོང་མ་སོང་། མི་སྒེར་རང་ག་བའི་ངོས་ནས་དེ་འདྲ་རེ་ཟུང་བྲིས་ཡོད་སྲིད་ཀྱི་རེད། དེ་མིན། ཡུས་ཧྲུའུ་དང་ཀན་(ལྷོ)། ཀོས་ནན། གུང་ཧོ། ཐུན་ཏེ། ཞིན་ཧེ། སོགས་ས་མིང་ནི་རྒྱ་གཞུང་གིས་བསམ་བཞིན་གཏན་ལ་ཕབ་ཏེ་བཙན་གྱིས་འབྲི་རུ་བཅུག་པའི་རྒྱ་སྐད་ཀྱི་མིང་རང་རེད། ས་གནས་སོ་སོའི་བོད་མི་མང་གིས་ཡང་ཡང་ཞུ་གཏུགས་བྱས་པར་བརྟེན་ནས། དེའི་ཁྲོད་ནས་ཁག་ཅིག་ད་སྐབས་བོད་མིང་རང་ལ་ཕྱིར་བསྒྱུར་འདུག ཁག་ཅིག་སྔར་བཞིན་སོར་བཞག་གིས་རྒྱ་སྐད་རང་འབྲི་བཞིན་འདུག དེ་བཞིན། མཚོ་ལྷོ་དང་རྨ་ལྷོ། མཚོ་ཤར། མཚོ་བྱང་། མཚོ་ནུབ། སོགས་ས་མིང་རྣམས་ནི་བོད་ཡིག་རེད་དེ། སྔར་གྱི་བོད་རང་གི་ས་མིང་ངོ་མ་དག་མ་རེད། ས་མིང་དེ་དག་བོད་ནང་ཐབས་ཡོད་པ་མ་རེད་དེ། བཙན་བྱོལ་སྤྱི་ཚོགས་ནང་བོད་རང་སྔར་གྱི་བོད་ཀྱི་ས་མིང་གཞིར་བཟུང་བྲིས་ན་ཆོག་གི་འདུག (ཡིན་ནའང་། གསར་འགྱུར་འབྲི་སྐབས་ཕྱོགས་རེ་ཟུང་ནས་དཀའ་ངལ་ཞིག་ཡོང་གིན་ཡོད་མོད། གནས་སྐབས་དེའི་སྐོར་མི་གླེང་ནི་བྱེད།)
    དེ་མིན། ལས་གནས་གོ་རིམ་གྱི་མིང་དང་དཔོན་གནས་གོ་རིམ་གྱི་མིང་རྣམས་ནི། སྔོན་ཆད་བོད་རང་གི་ཐ་སྣད་ནང་ཡོངས་སུ་ཚང་བ་ཞིག་མེད་ཐོག དེང་སྐབས་ཆེད་ལས་རྣམས་གྲངས་སོ་སོའི་ལས་གནས་དང་དཔོན་གནས་སོགས་ལ་ཆེད་སྤྱོད་ཀྱི་བརྡ་དང་ཐ་སྙད་ཉིན་རེ་བཞིན་ཆར་ཤུལ་གྱི་ཤ་མོ་ལྟར་བརྡོལ་ཡོང་གི་ཡོད་སྟབས། སྔར་བོད་ཀྱི་སྤྱི་བཤད་ཙམ་གྱི་ཐ་སྙད་དག་གིས་ཞིབ་ཕྲ་མཚོན་ཐུབ་ཀྱི་མེད་པར་བརྡ་དང་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་ཆེ་རུ་འགྲོ་བཞིན། ཡིན་ནའང་། འདིའི་ཐད་གོང་སྐུ་སྒེར་ཡིག་ཚང་ནས་གཤམ་སྐུ་ངོ་མི་སྒེར་སོ་སོའི་ངོས་ནས་ཀྱང་། སེམས་ཁུར་བླངས་ཏེ་ཡིག་སྒྱུར་བྱས་ཡོད་པ་ཞིག་ད་སྔ་མཐོང་མ་སོང་། ཐ་ན་གོང་གསལ་ པུའུ་དང་ཐིང་། ཁྲུའུ་སོགས་ལས་ཁུངས་གནས་རིམ་ལྟར་མཚོན་ཐུབ་པའི་བརྡ་དང་ཐ་སྙད་བོད་སྒྱུར་ཅིག བཀའ་ཡིག་ཕེབས་མཁན་གྱི་དྲུང་ཆེ་སྐུ་ངོ་རང་ཉིད་ཀྱིས་ཏག་ཏག་ཅིག་འབྲི་མི་ཐུབ་པའི་ཚོད་ན་ཡོད་པ་འདྲ། མ་གཞི། བརྡ་དང་ཐ་སྙད་ཀྱི་རྗེས་ལུས་ཀྱིས་དེང་རབས་རིག་ཚན་རེ་རེའི་རྗེས་སུ་ལུས་ཀྱིན་ཡོད་ལ། དེང་རབས་རིག་ཚན་རེ་རེའི་རྗེས་ལུས་ཀྱིས་སྤྱིར་མི་རིགས་ཀྱི་སྐད་ཡིག་གང་ཉིད་དུས་རབས་ཀྱིས་རྗེས་སུ་ལུས་ཀྱིན་ཡོད། དུས་རབས་ཀྱི་རྗེས་སུ་ལུས་པའི་མི་རིགས་གང་དེ་ག་ལེར་སྒང་འདི་ནས་ཡལ་བར་འགྱུར་ངེས། འདི་ལྟར་བརྗོད་དགོས་པའི་མདོ་དོན་ནི། སོ་སོ་དཀར་གཙང་ཁོ་ན་ཡིན་མདོགས་ཀྱིས་འགན་ཡོངས་རྫོགས་མང་ཚོགས་ལ་བཀལ་ནས། རང་སྣང་གང་དྲན་དུ་ཁ་སྟོང་ནང་ནས་ཚིག་སྟོང་བཤད་དེ་མང་ཚོགས་ལ་ཁ་རྡུང་གཏོང་རྐྱང་མི་བྱེད་པར། མ་མཐའ་ཡང་སོ་སོས་བྲིས་པའི་ཚིག་དུམ་ཐུང་ངུ་དེར་རང་ངོས་ནས་བསམ་ཞིང་དཔྱད་དེ་མི་མང་ངོ་ཚ་མི་དགོས་པ་ཞིག་གནང་རྒྱུ་ཐུགས་རྗེ་གཟིགས།

    Reply
  17. ཤེད་ཅན། says:
    ལོ་ 11 སྔོན།

    ༸གོང་ས་མཆོག་གིས་ཨ་རི་ནས་སྲིད་སྐྱོང་དང་ལྷན་རྒྱ་རིགས་གྲོགས་པོ་ཁག་ཅིག་ལ་ཐུག་འཕྲད་སྐབས། སྲིད་སྐྱོང་གི་བོད་སྐད་དང་བོད་ཡིག་ལ་ད་ལྟ་གཞི་ནས་ཡིག་རྩལ་གཏོང་གི་ཡོད་ཅེས་སྐུ་རྩེད་གནང་སོང། བྱས་ཙང། བོད་ཀྱི་ལོ་རྒྱུས་ནང་དུ་བོད་ཡིག་དང་བོད་སྐད་གཉིས་ཀར་རང་མགོ་མི་ཐོན་པའི་སྲིད་སྐྱོང་ཞིག་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་མི་རབས་ཁྲོད་ནས་སླེབས་པ་ཡིན་སྟབས། རྒྱ་ནག་གི་གཡོ་ཇུས་འོག་གི་གཞིས་ལུས་བོད་མིའི་ཐ་སྙད་དེ་ཚོ་སྙིང་རྗེ། མ་གཞི་ནས་བཙན་བྱོལ་ནང་མགོ་རུལ་ཚར་བ་ཡིན་ཙང། བོད་ནང་མ་གཏོགས་ཐུགས་རེ་གཏོད་ས་མེད་པ་དེ་གསལ་བོ་ཡིན་པས་བཀའ་ཡིག་འདི་འདྲ་ཕེབས་པ་བཀའ་དྲིན་ཆེ་ཞུ།།

    Reply
  18. བསྟན་འཛིན། says:
    ལོ་ 11 སྔོན།

    ངོས་དེབ་ཐོག་ན་གླེང་བཞིན་ཡོད་པ་ལྟར།  དངོས་ནས་ངོ་ཚ་བའི་གནས་རེད།  དགའ་ལྡན་ཕོ་བྲང་ངམ་དེས་བོད་ཡིག་ལ་གཅེས་སྤྲས་བྱེད་འདོད་ན།  བཙན་བྱོལ་ཁྲོད་ན་རྒྱུན་འབྱམས་སུ་སོང་བའི་སྦྲགས་ཚིག་དེ་དག་ལ་སེམས་ཁུར་བྱས་ན་ལགས།  དེ་མིན་བོད་ནང་ནས་བོད་ཡིག་ཆེད་ཚེ་སྲོག་ཡན་ཆད་བཏང་ནས་བོད་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད།  ཀྲུའུ་ཞི་དང་པུའུ་ཀྲང་ཟེར་བ་སོགས་རྒྱ་ནག་གཞུང་གིས་ཁྲིམས་ཐོག་ནས་གཏན་འབེབ་བྱས་པའི་མིང་ཚིག་རེད།  འདི་བོད་བསྒྱུར་བྱེད་མ་ཆོག་པ་རེད་མ་གཏོགས་བསྒྱུར་མ་ཤེས་པ་མ་རེད།  དེ་བས་ཟམ་སྟོང་གིས་མགོ་བྱས་པའི་བཙན་བྱོལ་བོད་མིའི་ཁ་དང་ནམ་ཡང་འབྲལ་ཐབས་མེད་པ་སྐོར་སྲུང་པ་ལ་”པི་ལས་སུ”  གཟའ་འཁོར་ལ་”ཧབ་ཐ”  གུང་སེང་ལ་”ཆོས་སྒྲེས” གློག་བརྙན་ལ་”པིག་ཆུར” ཟླ་ཚེས་ལ་”རྟ་རས་”ཟེར་བ་སོགས་སྦྲགས་ཚིག་མཐའ་མེད་པ་ཞིག་ཡོད་པས་དེ་དག་འགོག་ཆེད་ཡིག་ཤར་རེ་འབྲི་ཐུབ་ན།   ཕན་ཐོགས་མེད་ཀྱང་འོས་འཚམ་ཞིག་ཏུ་མཐོང་ངོ་།།

    Reply
  19. ཐོ་རེངས། says:
    ལོ་ 11 སྔོན།

    དོན་དང་པོ། ལོ་གཉིས་ཀྱི་ཡར་སྔོན་ནས་༧ གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་གི་མིང་བརྗེ་ཟིན་པ་མ་ཡིན་ནམ།
    དོན་གཉིས་པ། བོད་ནང་ལ་རྒྱ་སྐད་ཀྱིས་ཤན་ཞུགས་ཡོད་པའི་ཐ་སྙད་མང་པོ་ཡོད་པ་དེ་ང་ཚོའི་གཡོ་བསྲིང་བྱེད་གང་ཐུབ་བྱེད་བཞིན་ཡོད།
    འོན་ཀྱང་་བཅོལ་གཞི་ཆགས་བོད་པའི་ཁ་སྐད་ནང་ན་།
    སྒོར་མོ་ལ་་་་དཔེ་ས།
    ཐམས་ཅད་་་ལ་སྤུ་ར།
    གཟའ་འཁོར་ལ་་་་ཧབ་ཏ་ཟེར་བ་སོགས་ཐ་སྙད་ཧ་ཅང་མང་པོ་ཞིག་ཧིན་སྐད་བཤད་བཞིན་པ་འདི་སྣང་མེད་དུ་འཇོག་རྒྱུ་ཡིན་ནམ།

    Reply
  20. གངས་སྨྱུག says:
    ལོ་ 11 སྔོན།

    དགའ་ལྡན་ཕོ་བྲང་ཡིག་ཚང་ལགས། ཐུགས་སྐོར་གནང་བ་ཡག་ཀྱང་ངོ་ཚ་སོང་ཨ། དགའ་སྐྱེ་རྒུ་མདོ་ཞེས་པའི་༼དགའ༽་དེའང་་་་སྒ་སྐྱེ་རྒུ་མདོ་མ་ཡིན་ནམ་་་ཡང་ན་དེང་དུས་ཐ་སྙད་གསར་པ་བཟོས་པ་ཨ་རེད། ཨ་ཁ་ཁ་ཁ་ངོ་མ་ད་ཅི་དྲག

    Reply
  21. གངས་རླུང་། says:
    ལོ་ 11 སྔོན།

    ངོ་མ་ཡག་པོ་གསུང་འདུག འོན་ཀྱང་བཙན་བྱོལ་བོད་གཞུང་དང་ཕྱི་བསྡོད་བོད་མི་གསར་འགྱུར་ཁག་དང་དྲ་ལམ་སོགས་ན་(ཀམ་པུ་ཊོར་དང་པོ་ལི་སི་ཡང་ན་ཊ་བེས)་སོགས་བོད་སྐད་ཡིན་གྱི་རེད། ཡིག་ཚང་སང་གི་མིག་བཙུམ་ནས་སྐད་ཆ་དེ་འདྲ་ན་ངོ་ཚ་ཡ་མི་འདུག???

    Reply
  22. ཀུན་དགའ། says:
    ལོ་ 11 སྔོན།

    དངོས་གནས་རེད་དེ། ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་གཙོ་བྱས་བཙན་བྱོལ་གནས་སྡོད་བོད་པ་ཚོས་ཡིག་ངག་ཅི་རིགས་ཐོག་དབྱིན་སྐད་ཐ་སྙད་གང་མང་ཉམས་བསྲེས་བྱེད་བཞིན་དེར་ཡང་ངེས་པར་གཟབ་དགོས།

    Reply
  23. གངས་ལྡོམ། says:
    ལོ་ 11 སྔོན།

    བོད་ཕྱི་ནང་གི་བོད་མི་ཚོས་འདི་ལ་དངོས་གནས་གཟབ་དགོས་པ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese