མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆར་གཞི་ཡག་པོ་བཟོས་ནས་ནང་སྲིད་ལ་སྐྱེད་ཆུང་དངུལ་བུན་གཡར་དུ་ཤོག

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ན་གཞོན་ལས་མེད་ཚོར་སྐྱེད་ཆུང་བུན་གཏོང་གི་ལམ་ནས་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་ལས་གཞི་རྒྱ་སྐྱེད་ཀྱིས་གཞིས་ཆགས་ཁག་གི་སོ་ནམ་ཐད་དངུལ་བུན་གཏོང་འཆར་ཡོད་འདུག

འདས་པའི་ལོ་ཤས་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་ན་གཞོན་ལས་མེད་ཚོར་སྐྱེད་ཆུང་བུན་གཡར་བརྒྱུད་དེ་ཚོང་ལས་གཉེར་རྒྱུའི་གོ་སྐབས་ཤིག་སྐྲུན་བཞིན་ཡོད་པ་དང་། ཉེ་ལམ་བཀའ་ཤག་གིས་དེ་སྔའི་བུན་ལོན་སྤྲོད་འཇལ་གན་ཡིག་བཟོ་འཇོག་ལ་བཅོས་བསྒྱུར་བཏང་སྟེ། བུན་གཏོང་སྟངས་འཛིན་ཚོགས་ཆུང་དང་ས་གནས་ན་གཞོན་རོགས་སྐྱོར་འབྲེལ་མཐུད་པ་མཉམ་འབྲེལ་ཐོག་ད་ལོའི་བུན་གཏོང་གི་ལས་གཞི་མགོ་འཛུཊ་བྱ་འཆར་ཡོད་འདུག

འདིའི་ཐད་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྐྱེད་ཆུང་བུན་གཏོང་གི་ལས་གཞི་དེ་ནི། ༡༩༩༩ ལོར་ནོར་ཝེ་རྒྱལ་ཁབ་ཀྱི་ཨེན་སེ་ཨེད་ (NCA)རོགས་ཚོགས་ཀྱི་རོགས་རམ་འོག ཐོག་མར་བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གིས་ཕེ་ཌི་མྰེ་ (PADME) ཞེས་པའི་ལས་གཞིའི་འོག་མགོ་འཛུགས་བྱས་ཡོད་པ་དང་། ༢༠༠༧ ལོར་ནང་སྲིད་ལས་ཁུངས་ལ་རྩིས་སྤྲོད་གནང་སྟེ། ནང་སྲིད་ཀྱིས་སོ་ནམ་མཉམ་འབྲེལ་དང་ན་གཞོན་རོགས་སྐྱོར་སྡེ་ཚན་གྱིས་འགན་འཁུར་ཏེ། གཞོན་སྐྱེས་ ༥༠ ཙམ་ལ་སྐྱེད་ཆུང་བུན་གཏོང་གནང་གི་ཡོད་པ་དང་། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ། བོད་མིའི་གཞིས་ཆགས་ཁག་ཁ་འཐོར་དུ་མི་འགྲོ་ཆེད། བོད་རིགས་ན་གཞོན་ལས་མེད་ཚོར་འཚོ་བའི་མདུན་ལམ་ལ་ཕན་པའི་ལས་འཆར་སྦེལ་རྒྱུར། མ་དངུལ་གྱི་དཀའ་ངལ་ཡོད་རིགས་ལ་བུན་གཏོང་བརྒྱུད་གཞན་རྟེན་གྱི་བསམ་བློ་དོར་ནས་ས་གནས་སོ་སོའི་ནང་རང་ཁ་རང་གསོ་ཐུབ་ཆེད་ཡིན་འདུག

   ཁོང་གིས་བརྗོད་པ་ལྟར་ན། མི་གཅིག་ཡིན་ན་མང་མཐར་ཧིན་སྒོར་འབུམ་ ༡ དང་། མི་གཉིས་མཉམ་འབྲེལ་ཡིན་ན་མང་མཐར་ཧིན་སྒོར་འབུམ་ ༣ ། མི་གསུམ་ལྷག་མཉམ་འབྲེལ་ཡིན་ན་མང་མཐར་ཧིན་སྒོར་འབུམ་ ༥ བཅས་གཏོང་རྒྱུ་ཡིན་པ་དང་། མཉམ་འབྲེལ་བྱེད་མཁན་དག་ནང་མི་གཅིག་པ་ཡིན་མི་རུང་ཞིང་། སྐྱེད་ཆུང་དངུལ་བུན་ཞུ་མཁན་དག་གི་ལས་འཆར་ནི། འཚེ་བ་མེད་པ་དང་ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ། དོ་བདག་སོ་སོ་ཙམ་མ་ཡིན་པར་ནང་མི་དང་བཅས་པའི་འཚོ་ཐབས་ལ་ཕན་ངེས་ཡིན་པ། ལས་འཆར་ཕུལ་བ་ལྟར་ས་གནས་སུ་རྒྱུ་ཆ་དང་ཁྲོམ་རྭ་དངོས་འབྲེལ་ཡོད་པ། ཡུལ་ཁྲིམས་དང་མཐུན་པ་བཅས་ཡིན་དགོས་ཤིང་། ལས་འཆར་དེའི་འགྲོ་གྲོན་བརྒྱ་ཆ་ ༡༠ ཙམ་ངེས་པར་དུ་དོ་བདག་གིས་གཏོང་དགོས་པ་དང་། ལས་གཞི་སྤེལ་ཡུལ་ས་གནས་སོ་སོའི་ནང་དུའམ་ས་གནས་ཀྱི་ཉེ་ཁུལ་དུ་ལག་བསྟར་བྱ་དགོས་པ་བཅས་ཡིན་འདུག

   བུ་ལོན་ཞུ་སྐབས། བུ་ལོན་འགན་ལེན་པའམ་གཉེན་ཉེ་གྲོགས་པོ་གང་རུང་གིས་བུན་དངུལ་ཞུ་འཆར་གྱི་དངུལ་འབོར་དང་མཉམ་པའི་དངུལ་ཁང་གང་རུང་ལ་བཅོལ་འཇོག་ངམ། མཉམ་འབྲེལ་གྱི་དུས་བཀག་དངུལ་བཅོལ་ (FDR) འཛིན་ངོ་མ་ས་གནས་མགོ་འཛིན་ལས་ཁང་དུ་གཏའ་མར་འཇོག་དགོས་པ་དང་། བུ་ལོན་ལེན་མཁན་རང་ཉིད་དམ་གཉེན་ཉེ། གྲོགས་པོ་ངོ་ཤེས་སུ་རུང་གི་ཁྲིམས་མཐུན་བདག་དབང་ཡོད་པའི་རིན་ཆེན་རྒྱན་ཆ་སོགས་ཀྱི་རྒྱུ་དངོས་ས་གནས་མགོ་འཛིན་ལས་ཁང་དུ་གཏའ་མར་འཇོག་དགོས་པ། ནང་མིའམ་སྤུན་ཉེ་སུ་རུང་ཞིག་ལས་བྱེད་དམ་དྭང་སློབ་ཡིན་རིགས་ཚོས། ཟླ་རེའི་གསོལ་ཕོགས་ནས་བུན་དངུལ་སྒྲུབ་འཇལ་ཞུ་རྒྱུའི་ཁས་ལེན་བྱེད་དགོས་པ་སོགས་ཡོད་འདུག བུ་ལོན་ཕྱིར་སློག་གི་དུས་ཡུན་ལོ་ ༣ དང་ལས་འཆར་གྱི་གཞི་རྒྱར་གཞིགས་ཏེ་མང་མཐར་ལོ་ ༥ ཡིན་འདུག བུན་ལོན་མ་དངུལ་གྱི་ལོ་འཁོར་སྐྱེད་འབབ་བརྒྱ་ཆ་ ༣ རེ་བསྡུ་ལེན་ཞུ་རྒྱུ་དང་། བུ་ལོན་བླངས་ཉིན་ནས་ཟླ་གཉིས་ནང་ལས་འཆར་ལག་བསྟར་མ་ཐུབ་ཚེ་བུན་དངུལ་ཆ་ཚང་ས་གནས་བུན་གཏོང་སྟངས་འཛིན་ཚོགས་ཆུང་ནས་ཕྱིར་བསྡུ་བརྒྱུད་ནང་སྲིད་ལས་ཁུངས་སུ་སྤྲོད་དགོས་པ་དང་། གལ་སྲིད། བུན་ལེན་པ་གང་ཞིག་ནས་བུན་དངུལ་ཕྱིར་སློག་མ་བྱས་ཚེ་གན་རྒྱ་གཞིར་བཟུང་ནང་སྲིད་ལས་ཁུངས་ལ་ཁྲིམས་གཏུགས་འགན་དབང་ཡོད་འདུག

   གསར་འགོད་པས་ཁོང་ལ་ལོ་རེར་ནང་སྲིད་ཀྱིས་སྐྱེད་ཆུང་བུན་གཏོང་ལ་དངུལ་འབོར་ག་ཚོད་གྲ་སྒྲིག་ཡོད་མེད་དྲིས་པར། ཁོང་གིས། “ ཁྱོན་བསྡོམས་བུན་གཏོང་འཁོར་སྐྱོད་མ་དངུལ་འབུམ་ ༡༠༠ ཙམ་ཡོད་པ་རེད། མ་འོངས་པར་ཡག་པོ་བྱུང་ན་མ་དངུལ་མང་དུ་གཏོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན། ༢༠༠༧ ནས་ ༢༠༡༣ ལོའི་བར་ན་གཞོན་ ༥༠ ཙམ་ལ་བུན་གཡར་ཡོད་པ་དང་། དེ་དག་ལས་ ༡༩༩༩ ནས་ ༢༠༠༧ བར་བུ་ལོན་ཕྱིར་མ་སྤྲད་པ་ ༢ དང་། ༢༠༠༧ ནས་ ༢༠༡༣ ལོའི་བར་བུན་ཕྱིར་མ་སྤྲད་མཁན་ ༡ བཅས་བྱུང་འདུག བརྒྱ་ཆའི་ཕྱོགས་ནས་ཉུང་ཉུང་རེད་ཅེས་བརྗོད་བྱུང་།

   མ་འོངས་པར་བུན་གཏོང་གི་ལས་གཞི་རྒྱ་སྐྱེད་བྱ་འཆར་ཡོད་པའི་ཐད་ཁོང་གིས། ལས་གཞི་མགོ་འཛུཊ་སྐབས་མི་མང་པོ་ཞིག་ཞེད་སྣང་སྐྱེས་ཏེ་བུ་ལོན་མཁོ་གཏོང་ལ་བར་སྟོང་ལྷག་པ་དང་། སྔོན་མ་བཏང་སྟེ་ད་ལྟའི་ཆར་ཕྱིར་བསྡུ་བཞིན་པ་དང་མཇལ་མ་ཐུབ་པ་གང་འཚམ་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་། འདི་ལོ་བཀའ་ཤག་གིས་ལས་གཞི་འདི་གལ་ཆེན་པོ་ཡིན་པ་དང་། ན་གཞོན་མང་པོ་ཞིག་ལ་ཕན་ཐོགས་པར་གཟིགས་ཏེ་སྔོན་མའི་བུ་ལོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་བྱས་ཏེ། ས་གནས་མགོ་འཛིན་ཡོད་ས་ཚང་མར་རྩིས་པ་དང་དངུལ་གཉེར། ལས་དྲུང་གང་རུང་ལ་ཆེད་མངགས་བྱས་ཏེ། ན་གཞོན་རོགས་སྐྱོར་འབྲེལ་མཐུད་པ་བསྐོ་འཇོག་གིས་གང་ཐུབ་ཀྱིས་བུ་ལོན་མང་པོ་གཏོང་ཐབས་བྱེད་ཀྱི་ཡོད། མ་འོངས་པར་ང་ཚོས་སོ་ནམ་ཞིང་ལས་ཀྱི་ཐོག་ལ་བུན་གཏོང་བྱ་འཆར་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༤ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 5

  1. སེམས་བཟང་། says:
    ལོ་ 12 སྔོན།

    ན་གཞོན་ཉམས་ཐག་བོད་མིར།།
    སྲིད་སྐྱོང་གཟི་བརྗིད་ཅན་གྱིས།།
    ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ།།
    བུ་ལོན་འབུམ་གཅིག་གཡར་སོང་།།

    དངུལ་གཡར་ཆ་རྐྱེན་མང་པོར།།
    དང་ལེན་བྱེད་མཁན་མེད་པས།།
    སྐྱེད་ཆུང་བུ་ལོན་བཤད་པ།།
    ནམ་མཁའི་དཀྱིལ་གྱི་མེ་ཏོག།

    དོན་ལ་ཕན་ཐོགས་མེད་པའི།།
    ལས་གཞི་ཆ་ལེ་ཆོལ་ལེ།།
    ཉམས་ཐག་ན་གཞོན་ང་ཚོར།།
    སྤེལ་དང་མ་སྤེལ་མི་འདུག།

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    ལྷ་ཅམ་ཀླུ་ལྷ་ཅམ་མི་ཤེས། །
    སྲིད་མཆོག་གིས་བསྐོས་སོང་། །
    དོན་ལྡན་བཀའ་ཡི་བློན་ཆེན། །
    ནང་ཡང་གུས་པའི་འདུད་དོ། །

    ལྷག་བསམ་ཤེས་རིག་འཇོན་ཐང་། །
    ཀུན་གྱི་མིག་སྔར་བཤམས་སོང་། །
    གཟུར་གནས་ཅན་ཞིག་ཡིན་ན། །
    གུས་བཀུར་འོས་པ་འདུག་གོ །

    ཕྱོགས་རིས་གདོན་གྱིས་རློམ་པས། །
    སྤྱི་ཚོགས་དྲྭ་འབུ་དག་ནི། །
    སྡུག་སྙིང་ན་ངེས་ཡིན་རུང་། །
    སྒྲོལ་མའི་ཞབས་རྗེས་མི་ཟིན། །

    Reply
  3. བློ་བཟང་། says:
    ལོ་ 12 སྔོན།

    སྤྱིར་བཏང་ཡག་པོ་རེད། སྔགས་བརྗོད་ཡོད། ཡིན་ནའང་སྤྱི་ཡོངས་ལ་བསམ་བློ་བཏང་ན་ཧ་ཅང་ཐབས་སྡུག་དང་གུ་དོགས་ཞེ་དྲག་རེད། མི་གཅིག་ལ་ཧིན་སྒོར་འབུམ་གཅིག་ཟེར་བ་དེས་ཚོང་ལས་ཅི་ཞིག་གཉེར་ཐུབ་བམ། ཨ་སྒོར་ལ་བཀུག་ན་ ༡༦༠༠ ་ཙམ་རེད། རྒྱ་ནག་གི་དངུལ་ལ་བཀུག་ན་སྒོར་ ༡༠༠༠༠ ཙམ་རེད། འདི་ཙམ་ཞིག་གིས་ཚོང་ལས་ཤིག་ཕོར་ཞོག་ཚོང་ལས་ཤིག་གཉེར་ཆེད་འབྲེལ་གཏུག་དང་ཕར་ཚུར་འགྲོ་སྐྱོད་ཙམ་ཡང་འདང་ངེས་ཤིག་ཡོང་ཁག་པོར་ེད།

    Reply
  4. གངས་སྐྱིད། says:
    ལོ་ 12 སྔོན།

    བློ་སེང་གནམ་གྲུར་བཅིབས་ནས།། སྐུ་སྲུང་འཁོར་གྱིས་བསྐོར་ནས།། འཛམ་གླིང་ཤར་ནུབ་འགྲིམས་ཀྱང།། ནང་གི་དོན་ལ་འཇུག་མཁན།། ལྷ་ལྕམ་སྒྲོལ་མ་རང་རེད།།

    གཞིས་ཆགས་ནང་སྲིད་འོག་ཡིན།། ལྷ་ལྕམ་སྒྲོལ་མའི་འགན་ཡིན།། གཟིགས་བསྐོར་གནང་གི་ཕེབས་མཁན།། ནང་གི་ཨ་མ་ཡིན་ཡང།། བློ་སེང་འགྲོ་དོན་ཅི་རེད།།

    Reply
  5. ཤེད་ཅན། says:
    ལོ་ 12 སྔོན།

    ལྷ་ལྕམ་རྒྱ་རི་སྒྲོལ་མ།། འཇོན་པ་ཚད་ཅིག་མི་འདུག། མི་མང་སྐྱོ་བོའི་ཚོགས་ལ།། ཡང་ཡང་འདི་ལྟར་དགོངས་རོགས།།

    སེང་གེར་རྫིག་ཉམས་ཆེ་ཡང།། མ་གཞི་དུད་འགྲོ་རང་རེད།། སྒྲོལ་མ་ཁེངས་སྐྱུངས་ཆེ་ཡང།། དོན་ལ་དམངས་ལ་ཕན་སོང།།

    ༸རྒྱལ་བ་གནམ་གི་མཁའ་ལ།། ཉི་མ་སྒྲོལ་མ་འཆར་ནས།། བློ་སེང་མཚན་མོའི་ཟླ་བ།། དོན་ལ་ངོ་ཚ་བཟོས་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese