བསྟན་འཛིན་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༥ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་སུ། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་གི་ཉེ་འཁྲིས་བན་ཆེན་ཉིན་སློབ་གྲྭ་གཉིས་པའི་འདབས་སུ། མགོན་ཤུལ་སྒར་བའི་རང་ལོ་ ༢༧ ཡིན་པའི་གཞོན་སྐྱེས་འཕགས་མོ་བསམ་འགྲུབ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང་། དེ་མ་ཐག་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་སྟབས། ད་ལྟའི་ཆར་ཁོང་ས་གནས་གང་དུ་འཁྱེར་ཡོད་མེད་དང་འཆི་གསོན་གྱི་གནས་སྟངས་གསལ་བོ་མ་ཤེས་པར་ལྷག་ཡོད་འདུག
འཕགས་མོ་བསམ་འགྲུབ་ལགས་ནི་སྔགས་པ་ཞིག་ཡིན་འདུག་ལ། ཁོང་གི་ཨ་མའི་མིང་ལ་འབྲུག་མོ་ཞུ་བཞིན་ཡོད་འདུག ཁོང་དང་བཟའ་ཟླ་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་བྱིས་པ་གཉིས་ཡོད་འདུག
རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ཁག་ཚང་མར་དམ་དྲག་སྟངས་འཛིན་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་དང་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ
དཀོན་མཆོག་མཁྱེན། བོད་པ་ཚོ། ག་རེ་བྱེད།
རྒྱ་ནག་གཞུང་ནི་གླང་ཆེན་སྨྱོན་པ་འདྲ། །
བོད་རིགས་ཡོངས་རྫོགས་སྤྲེའུ་སྤྱང་གྲུང་འཛོམས། །
གླང་སྨྱོན་བཏུལ་ནས་གཉའ་དང་སྒལ་པ་ལ། །
རིགས་རྩལ་སྤྲེའུས་མྱུར་དུ་བཞོན་རན་འདུག །
ཉམས་མེད་དཔའ་བོའི་སྡེ་ལ་སྐྱབས་སུ་མཆི། དུས་ཀུན་བོད་འདི་སྲུང་བའི་ཤིས་པ་སྩོལ།
གསར་འགོད་པ་ལགས།
སྐུ་ལུས་མེར་བསྲེགས་གནང་མཁན་གྱི་མཚན་ལ་འཕགས་མོ་བསམ་འགྲུབ་རེད་དམ་འཕགས་པ་སྐྱབས་རེད། ཡང་ན་ཁོང་ལ་མཚན་གཉིས་ཡོད་རེད། པ་གསལ་ཞིག་འགོད་རོགས།