མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྗེས་ཀྱི་ཕོ་ཉ་དང་པོ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭས་འདས་པའི་ལོ་བདུན་ལྷག་གི་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཏེ། ད་ལོའི་ཕྱི་ཟླ་ ༣ པའི་ནང་སློབ་ཕྲུག་ ༢༤ རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་འཛུལ་ཞུགས་བྱེད་འཆར་ཡོད་འདུག  

ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་རྗེས། ༢༠༠༥ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ངྷ་རམ་ས་ལར་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་བྱས་ཡོད་ཅིང་། སྐབས་དེར་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་བྱུང་བ་དང་། ངྷ་སའི་གཡས་གཡོན་དུ་ཕ་མ་རེ་ཟུང་ལས་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱེད་མཁན་མེད་སྟབས། ཕྱོགས་མཐའི་གཞིས་ཆགས་ཁག་ཏུ་གསལ་བསྒྲགས་སྤེལ་ཏེ་ཐོག་མར་ངྷ་རམ་ས་ལ་རང་གི་ཕྲུ་གུ་གཉིས་ཚུད་པའི་སློབ་ཕྲུག་ ༧༠ ཙམ་སློབ་འཇུག་བྱས་ཏེ་སློབ་སྦྱོང་སྤྲད་ཡོད་པ་དང་། དེ་ལྟར་གོམ་པ་རིམ་འཛེགས་ཀྱིས་ ༢༠༡༤ ཕྱི་ཟླ་ ༣ པའི་ནང་འཛིན་རིམ་བཅུ་བའི་སློབ་མ་ ༢༤ ཙམ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་རྒྱུ་ཡིན་པ་དང་། དེ་ནི་མེས་དཔོན་གཙུག་སློབ་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་བའི་མཐར་ཕྱིན་དང་པོ་ཡིན་འདུག  

འདིའི་ཐད་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། དཔེ་སྟོན་སློབ་གྲྭར་ཐོག་མར་སློབ་མ་བསྡུ་སྐབས་ཕ་མ་མང་པོ་ཞིག་གིས་ཕྲུ་གུ་མངགས་གཏོང་མ་བྱས་པར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། འདས་པའི་ལོ་བདུན་ལྷག་གི་རིང་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་གཞིར་བཟུང་འབད་བརྩོན་བྱས་ཏེ། ཕྲུ་གུ་ཚོར་རང་གི་རིག་གཞུང་དང་གོམས་གཤིས་རྒྱུད་འཛིན་གྱི་ཐག་པའི་སྣེ་མི་ཀློད་མཁན་ཞིག་དང་། ཕྱིའི་རིག་གནས་ཀྱི་གསར་གཏོད་ཡོངས་སུ་རྫོགས་པ་ལ་དོན་གཉེར་བྱེད་མཁན་ཞིག་སྐྱེད་སྲིང་བྱས་ཡོད་སྐོར་བརྗོད་བྱུང་།

ཁོང་ལ་མཐར་ཕྱིན་གྲབས་ཡོད་པའི་འཛིན་རིམ་བཅུ་བའི་སློབ་ཕྲུག་དེ་དག་འཛིན་རིམ་བཅུ་གཅིག་བཅུ་གཉིས་གང་དུ་གཏོང་འཆར་ཡོད་མེད་དྲིས་པར། “ང་ཚོའི་སློབ་ཕྲུག་ཚོས་སྔོན་འགྲོ་ནས་འཛིན་རིམ་གསུམ་བའི་བར་བོད་ཡིག་རྐྱང་པའི་ཐོག་སློབ་སྦྱོང་དང་། འཛིན་རིམ་བཞི་བ་ནས་དབྱིན་ཇི་མགོ་འཛུཊ། འཛིན་རིམ་དགུ་བ་ནས་སློབ་ཚན་ཚང་མ་དབྱིན་ཡིག་ནང་སློབ་ཁྲིད་བྱས་ཏེ། ད་ལོའི་ཕྱི་ཟླ་ ༣ པར་སློབ་ཕྲུག་ ༢༤ རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ནང་ཞུགས་ཀྱི་ཡོད་པ་རེད། ཁོང་ཚོ་འཛིན་རིམ་བཅུ་པ་ཐོན་རྗེས་ཀྱི་ཟླ་གསུམ་རེའི་མཚམས་སུ་སློབ་སྤྱི་དང་དགེ་རྒན་རེ་མོས་ཀྱིས་སྐོར་སྐྱོད་བྱས་ཏེ་ཁོང་ཚོའི་གནས་སྟངས་ལ་རྟོག་ཞིབ་བྱེད་འཆར་ཡོད། མཐོ་སློབ་གང་དུ་འགྲོ་མིན་ཕྲུ་གུ་སོ་སོར་རག་ལས་ཡོད་རེད། ཚན་རིག་དང་ཚོང་ལས་ལྟ་བུར་མཚོན་ན་རྒྱ་གར་མཐོ་སློབ་ཁག་ཏུ་འགྲོ་དགོས་སྟབས། ང་ཚོས་ཚོཊ་ཆེན་སོཊ་ཀྱི་ལམ་ནས་མཐོ་སློབ་ཁག་དང་འབྲེལ་བ་བྱ་འཆར་ཡོད། མ་འོངས་པར་སློབ་ཕྲུག་ཚོར་འདི་ནས་ཐོན་རྗེས་མཐོ་སློབ་བར་དང་། ཐ་ན་འཆང་ས་བརྒྱབ་ཚར་བའི་རྗེས་སུ་ཕྲུ་གུ་བཙས་པའི་བར་མི་གང་འདྲ་ཆགས་མིན་བལྟ་ཐུབ་ན་བསམ་གྱི་ཡོད། རྒྱུ་མཚན་ཁོང་ཚོ་ང་ཚོའི་སློབ་ཕྲུག་ཐོག་མ་དང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་རྗེས་ཀྱི་ཕོ་ཉ་དང་པོ་ཆགས་ཡོད་པ་རེད། ” ཅེས་བརྗོད་བྱུང་།

ཡང་ཁོང་ལ་དཔེ་སྟོན་སློབ་གྲྭར་འཛིན་རིམ་བཅུ་གཅིག་བཅུ་གཉིས་འཛུགས་མ་ཐུབ་པའི་རྒྱུ་རྐྱེན་དྲིས་པར་ཁོང་གིས། “ཉེ་སྔོན་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་སྟབས་དཔེ་སྟོན་དང་གསོག་སྒར་སློབ་གྲྭ་ཟླ་བསྒྲིལ་གཏོང་རྒྱུའི་འཆར་གཞི་བཏང་སྟེ། གསོག་སྒར་དང་སྣེ་ལེན་ཁང་བར་གྱི་ས་ཆར་བལྟས་ཡོད་ཀྱང་། བཙན་བྱོལ་བོད་མིའི་སློབ་གྲྭ་ ༧༨ ལྷག་ཡོད་པ་དེ་དག་ནང་ཕྲུ་གུ་ཉུང་དུ་ཕྱིན་ཏེ་སློབ་གྲྭ་སྟོང་པ་ཆགས་ཉེན་ཡོད་པ་དང་། ལྷག་པར་དུ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ ༢༩ ནང་ཕྲུ་གུ་ཧ་ཅང་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར་ས་ཆ་ཉོས་ཏེ་ཁང་པ་བརྒྱབ་ན་དོན་མེད་དངུལ་འཕྲོ་བརླག་ཆགས་ཀྱི་འདུག བོད་སློབ་འཛིན་ཚོགས་ཚང་མ་ང་ཚོར་རྩིས་སྤྲད་རྗེས་སློབ་གྲྭ་ཁ་ཤས་ཟླ་སྒྲིལ་གཏོང་དགོས་པ་ཆགས་ཀྱི་ཡོད་སྟབས། སྐབས་དེར་དཔེ་སྟོན་སློབ་གྲྭ་འདི་སློབ་གྲྭ་གཞན་ཞིག་གི་ནང་སྤོ་ཐུབ་ཀྱི་རེད་བསམ་གྱི་ཡོད།” ཅེས་བརྗོད་སོང་།

དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེས་ལགས་སུ་ད་ཆར་དགེ་སློབ་ག་ཚོད་ཡོད་མེད་དང་། མཐར་ཕྱིན་སློབ་མ་གོ་སྒྲིག་གི་ཐད་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ ད་ལྟའི་ཆར་མེས་དཔོན་སྟེང་ཤོད་གཉིས་ལ་སློབ་མ་ ༢༢༥ དང་། དགེ་ལས་ ༤༥ ཡོད། འདི་ལོ་ང་ཚོའི་སློབ་ཕྲུག་ ༢༤ ཙམ་འཐོན་བཞིན་ཡོད་པ་རེད། ང་ཚོའི་ངོས་ནས་ཁོང་ཚོ་ཙམ་མིན་པར་འཛིན་རིམ་ ༦ ནས་ ༡༠ བར་གྱི་སློབ་ཕྲུག་ཚང་མར་ཤེས་རིག་ལས་ཁུངས་ཀྱི་མ་འོངས་མདུན་ལམ་སློབ་སྟོན་པ་གདན་ཞུ་གནང་སྟེ་སློབ་ཚན་བྱེ་བྲག་པ་འདེམས་སྟངས་སོགས་ཀྱི་ཐོག་ཐེངས་གསུམ་ལ་ལམ་སྟོན་གནང་བཅུག་པ་ཡིན། ཉེ་ཆར་ང་ཁོང་ཚོ་དང་ཐུག་ཏེ་སྐད་ཆ་འདྲི་སྐབས། ཁོང་ཚོའི་ཁྲོད་ཀྱི་མི་ ༡༠ ཡིས་སྒྱུ་རྩལ་རིག་གནས་འདེམས་རྒྱུ་དང་ཕྲུ་གུ་ ༧ ཚན་རིག  ཕྲུ་གུ་ ༤ ཝ་ཎ་མཐོ་སློབ།  ཕྲུ་གུ་ ༣ ཚོང་ལས་སྡེ་ཚན་བཅས་གཏན་འཁེལ་བྱས་འདུག ཁོང་ཚོ་འཛིན་རིམ་བཅུ་བ་ཐོན་རྗེས་སུ་ཡང་ང་ཚོས་མུ་མཐུད་འབྲེལ་བ་གནང་སྟེ་ལམ་སྟོན་ཞུ་འཆར་ཡོད། ” ཅེས་བརྗོད་བྱུང་།

བོད་ཡིག་དགེ་རྒན་བློ་བཟང་ཚེ་རིང་ལགས་སུ་འཛིན་རིམ་བཅུ་བ་འཐོན་མཁན་ཚོའི་མ་འོངས་པར་བོད་ཡིག་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ང་རང་གི་བསམ་པར། ད་སྔ་འཛིན་རིམ་བརྒྱད་པ་བར་གྱི་བསླབ་གཞི་ཁག་འགྱུར་བ་བཏང་ཡོད་པ་ལྟར། མ་འོངས་པར་དེའི་ཡན་གྱི་བོད་ཡིག་གི་བསླབ་གཞིར་འགྱུར་བ་བཏང་སྟེ། དབྱིན་ཇིའི་བསླབ་གཞི་ལྟར་སྤྱི་ཚོགས་འཚོ་བ་དང་ཐག་ཉེ་བ་བཟོ་རྒྱུ་དང་། སྤྱི་ཚོགས་ཀྱི་ལག་ལེན་དང་མཚམས་སྦྱོར་རྒྱུ། ཁོར་ཡུག་རྒྱ་ཆེ་རུ་གཏོང་རྒྱུ། དགེ་རྒན་གྱི་ངོས་ནས་ཀྱང་སློབ་ཁྲིད་བྱེད་ཐབས་ལ་འགྱུར་བ་གཏོང་རྒྱུ་སོགས་གལ་ཆེན་པོ་རེད།” ཅེས་བརྗོད་བྱུང་།

མཇུག་ཏུ་སློབ་ཕྲུག་ཁག་ཅིག་ལ་མ་འོངས་འཆར་གཞི་ཐད་བཅར་འདྲི་བྱས་པར་ན་ག་བསྟན་འཛིན་ཁྲི་ལྡེ་ཡིས། “ ངས་ཐོག་མར་དཔེ་སྟོན་སློབ་གྲྭའི་ནང་བོད་ཡིག་རང་གི་ཐོག་འཛིན་རིམ་བཞི་བའི་བར་སློབ་སྦྱོང་བྱས་ཏེ་བོད་ཡིག་ལ་ཡག་པོ་ཆགས་སོང་། རྗེས་སུ་དབྱིན་ཇི་མགོ་ནས་སློབ་སྦྱོང་བྱས་ཏེ་འཛིན་རིམ་དྲུག་པ་བདུན་པར་སླེབས་སྐབས། སློབ་གྲྭ་གཞན་དང་འགྲན་བསྡུར་བྱེད་སྐབས་ཏག་ཏག་འགྲོ་ཐུབ་ཀྱི་འདུག་ལ། ང་རང་གི་ནང་དུ་སློབ་གྲྭ་གཞན་གྱི་སློབ་ཕྲུག་ཡོད་པ་ཁོང་ཚོ་དང་བསྡུར་ན་ང་རང་ཡག་པོ་འདུག ང་འཛིན་རིམ་བཅུ་གཅིག་བཅུ་གཉིས་མ་སུ་རིར་འགྲོ་དགོས་བསམ་ཡོད། མ་སུ་རིར་བོད་ཡིག་ཡག་པོ་མེད་ཀྱང་། སོ་སོའི་ངོས་ནས་ཚགས་པར་དང་སྒྲུང་དེབ་དེ་འདྲ་བཀླགས་ཏེ་བོད་ཡིག་ཐོག་མུ་མཐུད་ཤུགས་རྒྱག་དགོས་བསམ་ཡོད” ཅེས་དང་། སློབ་མ་བསྟན་འཛིན་སྣང་སྐྱིད་ཀྱིས། “ང་རང་གི་བསམ་པར་བོད་ཡིག་ཡག་ཤོས་དེ་ང་ཚོའི་སློབ་གྲྭ་རེད་བསམ་ཡོད། དེང་སྐབས་ང་དང་ན་ཚོད་གཅིག་པའི་ཁྲོད་ནས་བོད་ཡིག་ཤོས་ང་རང་ཆགས་འདུག མ་འོངས་པར་ངས་ཚན་རིག་ཐོག་སློབ་སྦྱོང་བྱ་འཆར་ཡོད།”ཅེས་བརྗོད་བྱུང་།

 གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

སྐར་མ ༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 4

  1. nyiser says:
    ལོ་ 12 སྔོན།

    དཔེ་སྟོན་སློབ་གྲྭར་བསྐྱོད་མྱོང་མེད་ཀྱང་། དཔེ་སྟོན་སློབ་གྲྭའི་སློབ་མས་སྟོན་པའི་ཟླ་རེའི་ཚགས་ཤོག་ཐེངས་འགའ་རེ་བལྟས་མྱོང་། ཁོང་ཚོའི་རྩོམ་རྩལ་སློབ་གྲྭ་གཞན་གྱི་སློབ་མ་དང་བསྡུར་ན་ཧ་ཅང་གི་ཡག་གི།

    Reply
  2. བདེ་རྒྱལ། says:
    ལོ་ 12 སྔོན།

    འཛིན་སྐྱོང་གིས་ཁྱབ་ཁོངས་སློབ་གྲྭ་ཁག་སོ་སོར་ཤེས་ཡོན་སྲིད་བྱུས་ལམ་སྟོན་ཡག་པོ་ཞིག་གནང་དགོས། ཕ་མ་སོ་སོ་ལའང་སློབ་སྟོན་བྱ་དགོས།

    Reply
  3. Tenzin says:
    ལོ་ 12 སྔོན།

    སྤྱིར་བཏང་ཡག་པོ་འདུག ཤེས་ཡོན་སྲིད་བྱུས་ཐོག་འབད་བརྩོན་གནང་བ་དེ་བོད་པའི་འཕྲལ་ཕུགས་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་པ་ཞིག་རེད། ཡིན་ནའང་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་ཀྱི་ཐོག་ནས་དཔེ་སྟོན་སློབ་གྲྭ་གཙོས་པའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཡུལ་སློབ་གྲྭ་ཁག་ཏུ་སྒང་གི་འཛིན་སྐྱོང་དང་འོག་གི་དགེ་རྒན་རྣམ་པ་གང་ཅིའི་ཐད་བཀོད་སྒྲིག་ལམ་སྟོན་དང་། མཐུན་རྐྱེན་ཡག་པོ་སྦྱོར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གོ་ཐོས་ལྟར་ན་ད་ལྟ་གསལ་བོ་ཤེས་མ་སོང་སྟེ་ལོ་གཅིག་གཉིས་གོང་ལ་དཔེ་སྟོན་སློབ་གྲྭའི་འཛིན་སྐྱོང་ནང་སྡོད་མཁན་ཚོ་ཤེས་ཡོན་སྲིད་བྱུས་ཐོག་དགའ་མོས་དང་ཡིད་ཆེས་ཞེ་དྲག་མེད་པ་དང་། ཁོ་རང་ཚོ་ཡང་བོད་ཡིག་བོད་སྐད་ཐོག་ཆུ་ཚད་ཡག་པོ་མེད་མཁན་དེ་འདྲ་ཡིན་པ་ཞིག་གོ་སོང་། དེ་གཏན་ནས་འགྲིག་གི་ཡོད་པ་མ་རེད།

    Reply
  4. བཙན་པོའི་བུ། says:
    ལོ་ 12 སྔོན།

    མུ་མཐུད་དུ་འགྲོ་བ་གལ་ཆེ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese