མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་ཁང་གསར་པ་༧གོང་ས་མཆོག་གིས་དབུ་འབྱེད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་༧གོང་ས་མཆོག་གངས་སྐྱིད་དུ་ཆིབས་བསྒྱུར་གྱིས་སྤྱི་འཐུས་ལྷན་ཁང་གི་ཚོགས་ཁང་གསར་པ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། ཚེས་ ༡༡ ཉིན་ནས་བཟུང་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་གནང་འཆར་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༤ བ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཚོགས་ཁང་དང་ལས་ཁུངས་གསར་རྒྱག་ཉམས་བཟོའི་ལས་དོན་མགོ་འཛུཊ་གནང་ཡོད་པ་ལྟར། ༢༠༡༣ ལོའི་ཟླ་ ༡༢ ནས་གསར་རྒྱག་ཉམས་བཟོའི་ལས་གཞི་ཡོངས་སུ་གྲུབ་ཏེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་༧གོང་ས་མཆོག་གངས་ཅན་སྐྱིད་གཤོངས་དུ་ཆིབས་བསྒྱུར་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་དབུ་འབྱེད་རབ་གནས་གནང་རྒྱུ་ཡིན་པ་དང་། ཚེས་ ༡༡ ནས་ ༢༢ བར་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་གྲོས་ཚོགས་ཚོགས་ཁང་གསར་པའི་ནང་འཚོགས་རྒྱུ་ཡིན་འདུག

འདིའི་ཐད་གསར་འགོད་པས་ཚོགས་དྲུང་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་དེ་སྔོན་སྤྱི་འཐུས་ལྷན་ཁང་དང་ལས་ཁུངས་ཁག་མང་པོ་མཉམ་སྡོད་བྱས་པ་དང་། གྲོས་ཚོགས་ཚོགས་ཁང་དང་ལས་ཁུངས་ཁག་གི་ཕྱོགས་གང་སར་སེར་ཀ་ཤོར། ཐིགས་ཆུ་འཛགས་པ་དང་བརླན་གཤེར་ཆེ་བ། རྩིག་པའི་ཟུར་གང་སར་གས་ཁ་ཤོར་བ་སོགས་ལ་བརྟེན་ཏེ། ཐོག་མར་ཁང་པའི་སྒང་གི་ལས་ཁུངས་ཁག་བསྐྱར་གསོ་བྱེད་རྩིས་བྱས་ཀྱང་། ཨར་ལས་ཆེད་མཁས་པ་སྐད་བཏང་སྟེ་བརྟག་དཔྱད་སྐབས་ཁང་པ་སྟེང་འོག་གཉིས་ཀ་ཉམས་གསོ་བྱ་དགོས་ཚུལ་བརྗོད་པ་ལྟར། ༢༠༡༢ ལོའི་ཕྱི་ཟླ་ ༤ བ་ནས་བཟུང་ལས་ཀ་མགོ་འཛུགས་བྱས་ཏེ་ ༢༠༡༣ ལོའི་ཕྱི་ཟླ་ ༡༢ པའི་ནང་མང་ཆེ་བ་ལེགས་འགྲུབ་བྱུང་ཡོད་སྐོར་དང་། ཚོགས་ཁང་གསར་པ་འདིའི་སྟེང་འོག་བར་གསུམ་གྱི་སྤྱིའི་འགྲོ་སོང་ཧིན་སྒོར་འབུམ་ ༢༦༠ ལྷག་ཕྱིན་ཡོད་པ་དང་། འཛུགས་བསྐྲུན་འགྲོ་སོང་མ་དངུལ་ཡོངས་རྫོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ནས་བཀའ་འཁྲོལ་ཞུས་པ་ཡིན་སྐོར་བརྗོད་བྱུང་།

ཚོགས་དྲུང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་སྤྱི་འཐུས་ལྷན་ཁང་གིས་གསར་རྒྱག་བྱས་པའི་ཐོག་བརྩེགས་གསུམ་པའི་ནང་གྲོས་ཚོགས་ཚོགས་ཁང་དང་། མཇལ་འཕྲད་ཁང་། རྒྱུན་ལས་ཀྱི་ལས་ཁུངས་ལྔ་བཅས་དང་། ཐོག་བརྩེགས་གཉིས་པའི་ནང་རྒྱུན་ལས་ཚོགས་ཁང་དང་དཔེ་མཛོད་ཁང་། ཚོགས་གཙོ། ཚོགས་གཞོན། རྒྱུན་ལས་ཀྱི་ལས་ཁུངས་བཞི། ཚོགས་དྲུང། སྒེར་དྲུང་། ཡིག་འབྲེལ་ཁང་། སྣེ་ལེན་ཁང་བཅས་ཡོད་འདུག འོག་མར་དྲུང་འཕར་གྱི་ལས་ཁུངས་དང་། ལས་བྱེད་སྤྱི་ཡོངས་ཀྱི་ལས་ཁུངས་ཆེ་བ་གཅིག ཚོགས་ཆུང་ཚོགས་སའི་ཚོགས་ཁང་གཉིས། དེབ་མཛོད་ཁང་གཅིག ཅ་དངོས་འཇོག་སའི་མཛོད་ཁང་གཅིག་བཅས་ཡོད་འདུག་ལ། གྲོས་ཚོགས་ཚོགས་ཁང་རྙིང་པ་དང་མི་འདྲ་བར། ཁོད་ཡངས་ཤིང་ཁམས་གཙང་པ། གྲོས་ཚོགས་སྐབས་ཟུར་ཉན་པ་དང་གསར་འགོད་པ་བཅས་ཀྱི་བཞུགས་ཡུལ་རྒྱ་ཆེ་པ་བཅས་ཡིན་སྐོར་བརྗོད་སོང་།

 ཚོགས་དྲུང་ལགས་སུ། ཐེངས་འདིར་༧གོང་ས་མཆོག་ཕེབས་སྐབས་ཀྱི་མཛད་རིམ་དང་། གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་བཅས་ཀྱི་སྐོར་དྲིས་པར། ཁོང་གིས། “ ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བསྟུན་པ་དེ་ཕྱི་ཟླ་ ༣ པའི་ཚེས་ ༡༡ ནས་ ༢༢ བར་ཚོགས་འཆར་རེད། ཚེས་ ༩ ཉིན་གྱི་སྔོན་ལ་ཕྱོགས་བཞུགས་སྤྱི་འཐུས་ཚང་མ་འདིར་འཛོམས་ཏེ་ཚེས་ ༡༠ ཉིན་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་སྟེང་མཉམ་ཞུགས་གནང་རྒྱུ་རེད། ཕྱི་ཚེས་༡༡ཉིན་སྤྱི་འཐུས་ལྷན་ཁང་གིས་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་ཆིབས་བསྒྱུར་གནང་སྟེ་ལས་ཁུངས་ལ་རབ་གནས་གནང་རྒྱུའི་ལས་རིམ་བསྒྲིགས་ཡོད། ད་ལྟའི་ཆར་༧གོང་ས་མཆོག་གིས་རབ་གནས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་ལས། གྲོས་ཚོགས་ཚོགས་ཁང་དུ་ཆིབས་བསྒྱུར་གནང་མིན་དང་ལམ་སྟོན་བཀའ་སློབ་གནང་མིན་གསལ་ཁ་ཡོད་པ་མ་རེད” ཅེས་བརྗོད་བྱུང་།

ད་རེབ་གྲོས་ཚོགས་ཀྱི་ལས་རིམ་སྐོར་དྲིས་པར་ཁོང་གིས།  “གྲོས་ཚོགས་ལས་རིམ་དེ་འཆར་ཅན་ལྟར་བོད་མིའི་སྒྲིག་འཛུཊ་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་གི་རེད། དེ་མིན་ཆབ་སྲིད་ཀྱི་ཐོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བགྲོ་གླེང་ཡོང་གི་རེད་བསམ་གྱི་འདུག བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས། བཀའ་ཤག་གི་གསལ་བཤད། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་སོགས་རེད” ཅེས་བརྗོད་བྱུང་། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༨ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 1

  1. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    རྟེན་འབྲེལ་ཞུ།
    གངས་ཅན་སྐྱིད་གཞུང་གི་ཐོག་ཁང་གཟི་བརྗིད་ཆེ་ཤོས་དེ་གྲོས་ཚོགས་ཁང་ཆགས་འདུག ཕྱིའི་གནས་ཁང་མཛེས་པ་ཙམ་གྱིས་གོ་མི་ཆོད་པས། དེའི་ནང་གི་སྤྱི་འཐུས་ཚོའི་ཤེས་འཇོན་ཡར་རྒྱས་བཏང་སྟེ་དོན་གྱི་འབྲས་བུ་འབྱིན་དགོས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese