མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཟོ་གྲྭ་ཁག་གི་ཐོག་མའི་དམིཊ་ཡུལ་ལྟར་ས་གནས་མི་མང་ལ་ཕན་ཐོཊ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་བཟོ་ཚོགས་ཁག་གི་ཚོགས་འདུ་དང་པོ་དེ་གངས་སྐྱིད་དུ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིར་བཟོ་གྲྭ་ཁག་ལ་ས་གནས་མགོ་འཛིན་གྱི་འགན་འཁུར་ཕྱོགས་སྐོར་དང་རྩིས་ཁྲའི་འགྲོ་སྟངས་ལ་བསྐྱར་ཞིབ་ཀྱིས་མ་འོངས་པར་གཅིག་གྱུར་ཐུབ་པར་བྱ་རྒྱུ་ཡིན་འདུག

དེ་རིང་ཞོགས་པར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག ནང་སྲིད་ཁྱབ་ཁོངས་བོད་མིའི་བཟོ་ཚོགས་ཁག་གི་ཚོགས་གཙོ་དང་འགན་ལྷན་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་དེ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། དབུ་འཛུགས་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་བློ་བཟང་སེང་གེ་མཆོག་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། དེ་བཞིན་ནང་སྲིད་དྲུང་འཕར་དང་ལས་བྱེད། རྒྱ་བལ་གཉིས་ཀྱི་ས་གནས་ཁག་ ༡༢ ནས་ཕེབས་པའི་འཐུས་མི་ ༢༨ བཅས་འཛོམས་འདུག

ཚོགས་འདུའི་ཐོག་ནང་སྲིད་དྲུང་ཆེ་ལགས་ཀྱིས་ངོ་སྤྲོད་གནང་བར། ཚོགས་འདུ་དེ་དེ་རིང་སང་ཉིན་གཉིས་ལ་ཚོགས་རྒྱུ་ཡིན་ཞིང་། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་སུ་བལ་ཡུལ་གྱི་བཟོ་ཚོགས་ཁག་ ༤ དང་རྒྱ་གར་ནང་བཟོ་ཚོགས་ཁག་ ༡༢ བཅས་ཡོད་པ་ལས། རྒྱ་བལ་གཉིས་ཀྱི་ས་གནས་ཁག་ ༡༢ ནས་ཚོགས་གཙོ་དང་འཐུས་མི་ ༢༨ ཕེབས་ཡོད་པ་དང་། ཚོགས་འདུའི་དམིགས་ཡུལ་གཙོ་བོ། བཀའ་ཤག་སྐབས་སྔོན་མས་བོད་མི་ཚོ་བཙན་བྱོལ་དུ་སྡོད་རིང་ཁྱབ་ཁོངས་སོ་སོའི་མི་མང་ལ་ཁེ་ཕན་ཡོད་བསྡད་པའི་ལས་དོན་སྔར་ལས་ཡར་རྒྱས་གཏོང་ཆེད་དང་། མ་འོངས་གཞིས་བྱེས་མཉམ་འཛོམས་སྐབས་བོད་ཀྱི་འཛུགས་བསྐྲུན་སྲ་བརྟན་ཐོག་མིག་དཔེ་སྟོན་ཐུབ་ཆེད། སོ་ནམ་གཞིས་ཆགས་དང་མཉམ་འབྲེལ་ཁག བཟོ་གྲྭ་བཅས་གསར་འཛུགས་བཅས་གནང་སྟེ་སྤྱིའི་སྒྲིག་འཛུཊ་ལ་ཕན་པའི་རླབས་ཆེན་དགོངས་པ་བཞེས་ཡོད་ཀྱང་། ༢༠༠༥ ལོའི་ཡས་མས་ནས་མཉམ་འབྲེལ་ཁག་དང་ས་གནས་མགོ་འཛིན་གྱི་འཛིན་སྐྱོང་ཁ་ཁར་ཕྱེས་པ། ཁྲིམས་མཐུན་དེབ་སྐྱེལ་ཡོད་བསྡད་པའི་བཟོ་གྲྭ་ཁག་དང་ས་གནས་མགོ་འཛིན་གཉིས་ཀྱི་ལས་དོན་དབྱེ་བ་ཕྱེས་རྗེས་གནས་སྟངས་གང་འདྲ་ཆགས་མིན་ཤེས་རྟོགས་ཡོང་ཆེད་ཡིན་ཚུལ་བརྗོད་བྱུང་།

ད་ལྟའི་བཟོ་གཞིས་ཁག་གི་གནས་སྟངས་ཐད་དྲུང་ཆེ་ལགས་ཀྱིས། “ བཟོ་གཞིས་ཡོད་པའི་ས་ཁུལ་ཁག་ཅིག་ཏུ་མགོ་འཛིན་གཞུང་གིས་བཏང་ཡོད་པ་དང་། རིགས་གཅིག་བཟོ་གཞིའི་མགོ་འཛིན་མང་ཚོགས་ཀྱིས་འོས་འདེམས་བྱས་པ། གཞིས་ཆགས་ཁག་ཅིག་ནང་དེབ་སྐྱེལ་བྱས་པའི་བཟོ་གཞིས་ཡོད་པ་ཙམ་མ་གཏོགས། བཟོ་གཞིས་ལས་བསྡོམས་གང་ཡང་མེད་མཁན་བཅས་འདས་པའི་ལོ་ ༥ ལྷག་གི་རིང་ཁ་ཁར་ཕྱེས་རྗེས་ཚོགས་པ་སྒྲིག་འཛུགས་ཡག་པོ་ཆགས་ཡོད་མེད་དང་། ལས་དོན་བྱེད་ཕྱོགས་གང་འདྲ་ཡོང་གི་ཡོད་མེད་གསལ་བོ་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། ལྷག་པར་དུ་བཟོ་གྲྭའི་མགོ་འཛིན་མི་མང་གིས་འོས་འདེམས་བྱས་པའི་ས་ཁུལ་གྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ནང་སྲིད་ཀྱིས་མ་ཤེས་པར་བརྟེན། བཟོ་གྲྭའི་གནས་སྟངས་ཕུགས་ལ་གང་འདྲ་ཆགས་མིན་ཐོག་དགོངས་པ་བཞེས་དགོས་པ་མང་པོ་ཡོང་གི་འདུག རྩིས་ཞིབ་ཀྱི་ཐད་ནས་ཀྱང་བཟོ་གྲྭ་ཁག་ཅིག་ལ་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁུངས་ཀྱིས་རྩིས་ཞིབ་གནང་གི་ཡོད་པ་ལས། མཚམས་རེར་སོ་སོའི་ས་གནས་རྒྱ་གར་རྩིས་ཞིབ་པས་རྩིས་ཞིབ་གནང་སྟེ་སྤྱི་ཡོངས་ཀྱི་བཟོ་གྲྭ་ཁག་གི་སྔོན་རྩིས་དང་རྩིས་ཀྱི་གནས་སྟངས་སོགས། སྐབས་རེར་བོད་མིའི་སྒྲིག་འཛུཊ་ཀྱི་ཤེས་ཐུབ་མ་ཐུབ་ཀྱི་གནས་སྟངས་ཡོང་གི་ཡོད་སྟབས། ད་རེབ་གྲོས་གཞི་དོན་ཚན་བདུན་གྱི་ཐོག་ས་གནས་ཁག་གི་གནས་སྟངས་དང་དཀའ་ངལ། མ་འོངས་པར་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་བཀའ་བསྡུར་གནང་སྟེ། ནང་སྲིད་ཀྱི་ཐད་ཀར་ཐག་གཅོད་ཐུབ་པའི་རིགས་ཐད་ཀར་ཐག་གཅོད་གནང་རྒྱུ་དང་། ཐག་གཅོད་བྱེད་མི་ཐུབ་པའི་རིགས་བཀའ་ཤག་ལ་སྙན་སེང་། སྲིད་བྱུས་དང་འབྲེལ་བ་ཡོད་པའི་རིགས་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་བཅས་ཀྱི་བཀའ་འཁྲོལ་དང་འབྲེལ་ནས་ཐག་གཅོད་གནང་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

དེའི་རྗེས་སྲིད་སྐྱོང་བློ་མཆོག་གིས། བོད་མིའི་བཟོ་ཚོགས་ཁག་གི་གནས་སྟངས་ཐད་བཀའ་ཤག་ནང་ཁུལ་དུ་བཀའ་མོལ་གནང་སྟེ། ནང་སྲིད་བཀའ་བློན་གྱིས་འགན་འཁུར་ཏེ་བཟོ་གྲྭ་ཁག་གི་ཕྱག་ལས་གནང་སྟངས་དང་རྩིས་ཞིབ་བཅས་ཀྱི་ཐོག་བསྐྱར་ཞིབ་གནང་སྟེ། མ་འོངས་པར་སྤྱི་མཚུངས་བྱ་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་གནང་ཡོད་ཚུལ་དང་། བཟོ་གྲྭ་ཁག་གིས་མི་མང་གི་བདེ་དོན་ལ་ཐུགས་འཁུར་གནང་དགོས་པའི་ཐད། “ ད་ལྟའི་བར་ང་རང་གཞིས་ཆགས་ཁག་བརྒྱ་ཆའི་ ༩༥ ལྷག་ཏུ་སྐོར་བ་བརྒྱབ་ཚར་བ་ཡིན། སྐབས་དེ་དག་ཏུ་བཟོ་གྲྭ་ཁག་གི་གནས་སྟངས་ཐོག་བཀའ་མོལ་བྱུང་སོང་། ཁ་ཤས་ཡག་པོ་འདུག ཁ་ཤས་སྟོང་སིང་ངེར་འདུག དེ་དག་གི་ཐོག་ཁྱེད་རང་ཚོས་བཀའ་བསྡུར་གནང་རྒྱུ་གལ་ཆེན་པོ་རེད། ཡར་རྒྱས་གཏོང་དགོས་པའི་རིགས་གང་ཡོད་མེད་དང་། ཡར་རྒྱས་གཏོང་ཐབས་རྩ་བ་ནས་མེད་པ་ཡིན་ན། མེད་དགོས་པའི་རྒྱུ་མཚན་སོགས་གླེང་བ་ཡིན་ན། རྗེས་ཕྱོགས་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ས་གནས་ཁ་ཤས་ནང་བཟོ་གྲྭའི་ཚོགས་ཁང་ནང་མཆོད་འབུལ་སོགས་བྱེད་སྐབས་ཁང་གླ་ལེན་གྱི་ཡོད་པ་རེད་ཅེས་བཤད་ཀྱི་འདུག ས་གནས་ཁ་ཤས་ནང་བཟོ་གྲྭ་ཁག་ལ་ཁང་པ་སྟོང་པ་ཡོད་ཀྱང་། མི་མང་པོ་ཞིག་རྒྱ་གར་ཁང་པ་གླས་ཏེ་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཤད་མཁན་འདུག དེ་དག་ལ་སྐད་ཆ་དྲིས་སྐབས་བཟོ་གྲྭའི་ཁོང་གཏོགས་མིན་པའི་རིགས་ལ་ཁང་པ་རག་གི་མེད་ཚུལ་ཤོད་ཀྱི་འདུག གཞི་རྩའི་ཆ་ནས་ཐོབ་ཐང་དང་པོ་ཚོགས་མི་ཚོར་གནང་དགོས་ཆགས་ཀྱང་། ཁང་པ་སྟོང་པ་ཡོད་ན། མི་མང་སྐྱོ་བོའི་རིགས་ལ་ཁང་གླ་ཉུང་ངུ་རེ་བླངས་ཏེ་གཡར་བཞག་པ་ཡིན་ན་འགྲིག་གི་རེད་བསམ་གྱི་འདུག ང་ཚོས་བཟོ་གྲྭ་ཐོག་མར་འཛུགས་སྐབས་གཙོ་བོ་མི་མང་ལ་ཕན་ཐོགས་ཡོང་ཆེད་བཙུགས་པ་ཡིན་སྟབས། མི་མང་ལ་ཕན་ཐོགས་རྒྱུ་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད། མ་འོངས་པར་དེའི་ཐོག་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་བྱུང་།

ཡང་སྲིད་སྐྱོང་མཆོག་གིས་ “ བཟོ་གྲྭ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་ཚུལ་དང་རང་དབང་ཡིན་ཚུལ་བཤད་པ་ཡིན་ན། མ་རེད་ཅེས་བཤད་ཀྱི་མེད། ཡིན་ནའང་། ང་ཚོས་ཐོག་མར་བོད་མིའི་སྒྲིག་འཛུཊ་དང་མཉམ་འབྲེལ། བཟོ་གྲྭ་བཅས་ཚང་མ་མི་མང་ལ་ཕན་ཐོགས་རྒྱུ་གཙོ་བོར་བཟུང་སྟེ་བཙུགས་པ་ཡིན་སྟབས། ཁྲིམས་མཐུན་དང་དེབ་སྐྱེལ་དེ་དགོས་མཁོའི་ཆེད་དུ་རེད། དེ་དག་གི་ཐོག་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཡང་། རང་གི་མི་མང་ལ་ཕན་ཐོགས་རྒྱུ་ཧ་ཅང་གལ་ཆེན་རེད། གནས་སྟངས་དེའི་རིགས་ལ་ངས་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ་བཤད་པ་མིན་ཡང་། ས་གནས་ཁག་ཅིག་ནང་འགྲོ་སྐབས་མི་མང་གིས་ཚོར་བ་ཆེན་པོས་མིག་ཆུ་གཏོང་བཞིན་བཤད་ཡོང་གི་འདུག མ་འོངས་པར་དེ་དག་ལ་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་རེད། ” ཅེས་གསུངས་བྱུང་།

སྔོན་འགྲོའི་མཛད་རིམ་གྲུབ་རྗེས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གཙོ་སྐྱོང་འོག་གྲོས་གཞི་ཁག་གི་ཐོག་བགྲོ་གླེང་གནང་མགོ་ཚུགས་སོང་། གྲོས་གཞི་ཁག་ལས་དང་པོ། བཟོ་ཚོགས་རེ་ཟུང་ནས་འཛིན་སྐྱོང་གི་སྟངས་འཛིན་ས་གནས་མགོ་འཛིན་ནས་འགན་ཁུར་མཉམ་ལྕོགས་གནང་མུས་དེ་དག་སྤྱི་མཚུངས་ལག་ལེན་འཁེལ་རྒྱུར་འགོག་རྐྱེན་ནམ་དཀའ་ངལ་ཅི་འཕྲད་སྐོར། གཉིས་པ།  ས་གནས་མགོ་འཛིན་ནས་བཟོ་ཚོགས་ཀྱི་འཛིན་སྐྱོང་གི་འགན་འཁུར་མཉམ་ལྕོགས་གནང་ཕྱོཊ་ཐོག་དབུས་དང་ས་གནས་སུ་དཀའ་ངལ་གང་འཕྲད་སྐོར། གསུམ་པ། བཟོ་ཚོགས་ཁག་གི་རྩིས་ཁྲར་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་གནང་རྒྱུར་དགེ་སྐྱོན་ཅི་གཟིགས་སྐོར། བཞི་བ། ས་གནས་མགོ་འཛིན་ལས་ཁུངས་དང་དེབ་སྐྱེལ་བཟོ་ཚོགས་གཉིས་ཀྱི་ས་ཁང་དང་འཛིན་སྐྱོང་གི་སྒྲོམ་གཞིའི་བདག་བསྒྱུར་གྱི་གནས་བབ་དང་། སྤྱི་རྫས་དེ་དག་གི་བེད་སྤྱོད་དང་འགན་འཁུར། ལས་འགན་མཉམ་ལྕོགས་གནང་ཕྱོགས།  

ལྔ་བ། དེབ་སྐྱེལ་ཡོད་པའི་བཟོ་ཚོགས་ཡིན་པ་གང་ཞིག་ལ་ཚོགས་པའི་སྒྲིག་གཞི་ནང་གསལ་དམིགས་ཡུལ་དང་བྱེད་སྒོ་ལྟར་དངོས་སུ་ས་གནས་སུ་ལས་གཞིའི་རིགས་གང་ཡང་མེད་པར་དེབ་སྐྱེལ་སྒྲིག་འཛུགས་ཀྱི་མིང་ཙམ་ཐོག་འཚོ་གནས་བྱེད་རིགས་གནས་སྟངས་སྐོར།  དྲུག་པ། ས་གནས་སོ་སོར་དེབ་སྐྱེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་ཚོགས་པའི་ལས་དོན་དང་འཛིན་སྐྱོང་སྟངས་འཛིན་གནང་གི་ཡོད་མུས་ཀྱང་། ས་གནས་ཀྱི་སྤྱི་ཡོངས་འཛིན་སྐྱོང་གི་གཟིགས་རྟོགས་འགན་དབང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་མགོ་འཛིན་ལ་ཡོད་པ་དེར་བཟོ་ཚོགས་ནས་འགན་འཁུར་ལན་འདེབས་ཞུ་ཕྱོགས་སྐོར། བདུན་པ། གྲོས་གཞིར་མ་གསལ་བའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༧ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. གངས་བུ། says:
    ལོ་ 12 སྔོན།

    ད་་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ནང་གི་བཟོ་གྲྭ་ཁག་གི་འགྲོ་སྟངས་ཡག་པོ་ཞིག་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་རྩིས་ཀྱི་སྐོར་ལ་གཟབ་ནན་གྱིས་ཐག་གཅོད་གཅིག་གྱུར་ཞིག་ཡོང་དགོས་པ་དེ་གལ་ཆེན་པོ་རེད། གཞས་ཆགས་ཁག་མང་པོ་ཞིག་ནང་གི་བཟོ་གྲྭ་ཁག་ཐོར་ཞིག་ཏུ་ཕྱིན་ཡོད་པ་དང་། ཁ་ཤས་ཤིག་མི་རེ་ཟུང་གིས་སྒེར་བདག་ལྟ་བུར་བཟུང་ཡོད་པ། ཡང་ཁ་ཤས་ཤིག་གི་ལས་ཀ་ཡག་པོ་ཡོད་ཀྱང་རྩིས་དང་དོ་དམ་གྱི་ཕྱོགས་ནས་གཙང་མ་མེད་པ་དེ་འདྲ་མང་པོ་མཐོང་ཐོས་འདུག བོད་པ་ཚོ་སྐྱབས་བཅོལ་དུ་ཡོང་རྗེས་ཀྱི་སྤྱི་ཚོགས་ཁེ་ལས་དང་འབྲེལ་བའི་ལས་གཞི་ཐོག་མ་བཟོ་གྲྭ་ཁག་ཆགས་ཡོད་པ་རེད། རྒན་པ་མང་པོ་ཞིག་གིས་དཀའ་ལས་བརྒྱབ་ནས་བཙུགས་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་གི་དབུ་ཁྲིད་རིམ་པའི་ངོས་ནས་ཀྱང་བཟོ་གྲྭ་གཞིས་ཁག་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད། རང་ཁ་རང་གསོ་ཟེར་ན་འདྲ་གཞན་ལ་བརྟེན་མ་དགོས་པར་རང་གི་རྐང་པའི་སྒང་ལ་ལངས་ཐུབ་པའི་ལས་ཀ་གཅིག་པོ་དེ་ཆགས་ཡདོ་པ་རེད། གལ་སྲིད་ད་རེས་ཚོགས་འདུའི་སྟེང་གཙང་མ་ཞིག་དང་འགྲོ་སྟངས་ཡག་པོ་ཞིག་མ་བཟོས་པ་ཡིན་ན་རིམ་གྱིས་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་པ་ཐུག་རྒྱུ་ཡིན་པ་མ་ཟད། ཁག་ཅིག་སྒེར་གཅོད་ཅན་དུ་གྱུར་ཏེ་མི་མང་ལ་ཕན་ཐོགས་རྒྱུ་ཕར་ཞོགས་རྙོག་གྲྭ་ཆནེ་པོ་མི་ཆགས་པའི་ངེས་པ་མི་འདུག དེ་ནས་སྒང་དུ་སྲིད་སྐྱོང་མཆོག་གིས་བཟོ་གྲྭ་ཁག་གིས་ས་གནས་མི་མང་ལ་ཕན་ཐོགས་དགོས་ཀྱི་འདུག་གསུངས་པ་དེ་ཧ་ཅང་གནད་འགག་རེད། ས་གནས་མི་མང་ལ་ཕན་མ་ཐོགས་པ་ཡིན་ན་ས་གནས་མི་མང་གིས་མཉམ་རུབ་ཡོང་གི་་རེད། ས་གནས་མི་མང་གི་རྒྱབ་སྐྱོར་མེད་ན་བཟོ་གྲྭ་ཁག་གི་ལས་དོན་ཡང་ཏག་ཏག་འགྲོ་མ་ཐུབ་པའི་དཀའ་ངལ་ཡོང་གི་རེད། དེ་ནས་དུས་རབ་དང་མཐུན་པར་བཟོ་གྲྭ་ཁག་གི་ལས་གཞི་དང་ཚོང་རྫས་ལའང་འགྱུར་བ་གཏོང་དགོས་ཀྱི་ཡོད་མེད་ཐོག་བསམ་ཞིབ་དང་བགྲོ་གླེང་གནང་རྒྱུ་གལ་ཆེན་རེད། དུས་རབ་དང་མཐུན་པའི་དངོས་རྫས་རིགས་ཤུགས་ཆེ་རུ་གཏོང་རྒྱུ་དང་ཁེ་ཕན་མེད་པ་དང་དཀའ་ལས་ཆནེ་པོ་ཡོད་པའི་རིགས་ལ་འགྱུར་བ་བཏང་སྟེ་འཕེལ་རྒྱས་དང་གསར་གཏོད་ག་རེ་བྱེད་རྒྱུ་ཡོད་མེད་བཅས་ལ་བསམ་ཞིབ་གནང་རྒྱུ་གལ་ཆེན་པོ་རེད། སྔོན་མ་ནས་བྱེད་བསྡད་པ་ད་དུང་མུ་མཐུད་དུ་ཉར་བསྡད་ན་ཡག་པོ་ཡོང་མིན་ཐེ་ཚོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese