མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ནོལ་ཌིན་ངེས་སྟོན་པར་བསྐོས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༨ ཉིན་སེ་ཁཱོ་ལཱན་ཌིའི་གྷེ་ལཱ་སེ་གྷོ་ (Glasgow) གཙུག་ལག་སློབ་ཆེན་གྱི་སློབ་མ་ཚོས་འོས་ཤོག་འཕངས་བ་བརྒྱུད་དེ། ཨ་རིའི་གསང་བ་ཕྱིར་བསྒྲགས་བྱེད་མཁན་སྐུ་ཞབས་སི་ནོལ་ཌིན་ལགས་སློབ་ཆེན་དེའི་ངེས་སྟོན་པར་བསྐོ་བཞག་བྱས་ཡོད་འདུག

ཐེངས་འདིར་སྐུ་ཞབས་སི་ནོལ་ཌིན་ལགས་གྷེ་ལཱ་སེ་གྷོ་གཙུག་ལག་སློབ་ཆེན་གྱི་ངེས་སྟོན་པར་འོས་ཤོག་ཐོབ་དོན་ནི། སྔ་ལོར་སྐུ་ཞབས་སི་ནོལ་ཌིན་གྱིས་སོ་སོའི་བདེ་འཇགས་བློས་གཏོང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་ཚོགས་སྡེ་ཁག དེ་བཞིན་གནད་ཡོད་མི་སྣ་སྒེར་བ་བཅས་ཀྱི་ཁ་པར་དང་དྲ་གནས་ཡིག་ཚགས་ལ་ལྐོག་ཉན་ལྐོག་ལྟ་བྱས་ཏེ། གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཁག་ཕྱིར་བསྒྲགས་ཀྱིས་ཨ་རིའི་གསང་ལས་ཀྱི་བྱ་སྤྱོད་ཐེར་འདོན་བྱས་ཡོད་སྟབས། སློབ་ཆེན་སློབ་མ་ཚོས་སི་ནོལ་ཌིན་གྱི་དྲང་བདེན་དང་སྙིང་སྟོབས་ལ་ངོས་འཛིན་དང་ཡི་རངས་བྱས་པ་ཞིག་ཡིན་འདུག

སི་ནོལ་ཌིན་ལགས་ཀྱིས། “ངོས་ལ་གྷེ་ལཱ་སེ་གྷོ་གཙུག་ལག་སློབ་ཆེན་སློབ་མ་ཚོས་ཡིད་ཆེས་བློས་འགེལ་བྱས་ཏེ་ངེས་སྟོན་པར་བདམས་ཡོད་སྟབས། ངས་རང་ནུས་ཡོད་རྒུ་བཏོན་ཏེ་གཙུག་ལག་སློབ་ཆེན་འདིའི་ཤེས་ཡོན་དང་ལག་རྩལ་གྱི་ལས་དོན་ཐོག་འབད་བརྩོན་ཞུ་རྒྱུ་ཡིན།”ཞེས་བརྗོད་འདུག འདིའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས་སློབ་ཆེན་སློབ་མ་ཚོས་སྐུ་ཞབས་སི་ནོལ་ཌིན་ལགས་སློབ་ཆེན་གྱི་ངེས་སྟོན་པར་བདམས་པ་དེ་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱལ་ཁབ་དང་མི་སྒེར་ལ་ངོ་རྒོལ་བྱས་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག

ཨ་རིའི་གསང་བའི་ལས་ཁུངས་གློག་ཀླད་སྡེ་ཚན་གྱི་ཆོད་གན་ལས་བྱེད་སི་ནོལ་ཌིན་ལགས་ཀྱིས་སྔར་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ཧོང་ཀོང་དུ། གློག་བརྙན་བཟོ་སྐྲུན་པ་དང་གསར་འགོད་པ་ལྕམ་ལོ་རཱ་ ( Laura Poitra)ལགས་སུ། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་འཇའ་ཤེལ་ (Prism) ཞེས་པའི་ལས་གཞི་དེས། འཛམ་གླིང་ཐོག་བེད་སྤྱོད་ཤུགས་ཆེན་གཏོང་བཞིན་པའི་དྲ་གནས་གྷོ་གྷལ་ ( Google)དང་ངོ་དེབ་ ( Facebook)། ཌོའུ་ཌར་ ( twitter )། སི་ཁཡེ་ཕུ་ ( Skype)། ཡཱ་ཧོ་ ( Yahoo) ཡུ་ཀྲུབ་ ( Youtube) སོགས་སྤྱི་ཚོགས་དྲ་གནས་ ༩ ཙམ་ནང་ལྐོག་འཛུལ་བྱས་ཏེ། ཉིན་ལྟར་འཇར་མན་དང་ཧྥ་རན་སི། བྷར་ཛིལ། རྒྱ་ནག རྒྱ་གར། ཡུ་རོབ་མཐུན་ཚོགས། དབྱིན་ཡུལ་སོགས་ཀྱི་དབུ་ཁྲིད་དང་ཚོགས་པ་ཁག་གི་ཁ་པར་དང་དྲ་རྒྱའི་ཡིག་ཚགས་ས་ཡ་ ༦༠༠ ལྷག་ལ་ལྐོག་ཉན་བྱས་ཏེ་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་དབྱིན་ཇིའི་ཚགས་པར་གྷ་ཌེན་ (The Guardian) བརྒྱུད་ཕྱིར་བསྒྲགས་བྱས་ཡོད་སྟབས། ཨ་རིའི་གཞུང་གིས་སི་ནོལ་ཌིན་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་མ་ཟད། རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་སུས་ཀྱང་ཁོང་སྦས་སྐུང་དང་སྐྱབས་བཅོལ་སྤྲད་མི་ཆོག་ཚུལ་བརྗོད་ཡོད།

སི་ནོལ་ཌིན་གྱིས་ཐོག་མར་ཧོང་ཀོང་ལ་སྐྱབས་བཅོལ་ཞུས་ཀྱང་ཨ་རི་དང་རྒྱ་ནག་གི་གནོན་ཤུགས་འོག་སྐྱབས་བཅོལ་མ་སྤྲད་སྟབས་མཁའ་ལམ་བརྒྱུད་ཨུ་རུ་སུར་ཕྱིན་ཏེ། སྲིད་འཛིན་པུའུ་ཊིན་གྱིས་ཁོང་ཚོའི་རྒྱལ་ཁབ་ནང་སྡོད་ཆོག་པའི་ཆོག་མཆན་སྤྲད་པ་དེར། ཨ་རིའི་གཞུང་གིས་གནོན་ཤུགས་སྣ་ཚོགས་སྤྲད་ཡོད་ཀྱང་། སྲིད་འཛིན་པུ་ཊིན་གྱིས་ཨ་རིའི་གནོན་ཤུགས་དང་ལེན་མ་བྱས་པ་མ་ཟད། ཨ་རིས་འཛམ་གླིང་གང་སར་སྟོབས་ཤུགས་ངོམ་ཏེ་ཁ་ནས་འགྲོ་བ་མིའི་ཐོབ་ཐང་གླེང་གི་ཡོད་ཀྱང་། དོན་དངོས་སུ་གཞན་གྱི་ཁ་པར་དང་དྲ་རྒྱའི་ཡིག་ཚགས་ལ་ལྐོག་ལྟ་དང་རྐུ་འཁྱེར་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་པ་དག་པའི་འགྲེལ་བཤད་རྒྱག་དགོས་པའི་ལན་འདེབས་བྱས་ཡོད།

གནས་ཚུལ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཨ་སྒོར་ཐེར་འབུམ་ ༤༥ ལྷག་གི་ཚོང་འབྲེལ་ཕྱིར་འཐེན་བྱས་ཡོད་པ་དང་། དེའི་རྗེས་ཨ་རི་དང་ཨུ་རུ་སུའི་བར་སེ་རི་ཡ་དང་ཡུའུ་ཁུ་རེ་ཡཱའི་ནང་འཁྲུག ཨི་རན་གྱི་རྡུལ་མཚོན་སྔོན་འགོག་སོགས་ཀྱི་གྲོས་མོལ་ལའང་བསམ་ཚུལ་མི་མཐུན་པ་བྱུང་སྟེ། དེང་སྐབས་ཨ་རི་དང་ཨུ་རུ་སུ་དགྲ་ཟླར་གྱུར་ཏེ་ཨུ་རུ་སུ་དང་རྒྱ་ནག་མཐུན་གྲོགས་ཆགས་ཡོད།

སི་ནོལ་ཌིན་ལགས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་རྗེས། འཇར་མན་སྲིད་འཛིན་ཨན་གྷི་ལ་མེར་གྷལ་ (Angela Merkel) མཆོག་དང་རྒྱ་གར་ཕྱི་སྲིད་བློན་ཆེན་སོགས་རྒྱལ་ཁབ་ཁག་ཅིག་གི་སྲིད་འཛིན་དང་སྲིད་བློན། ཡུ་རོབ་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཨ་རིའི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་ཅིང་། སི་ནོལ་ཌིན་ལགས་ཀྱིས་ཀྱང་ “ གཞན་གྱི་བརྙས་བཅོས་འོག་གི་མི་མང་ལ་རང་དབང་ཐོབ་པར་རོགས་རམ་བྱ་རྒྱུའི་ཐོབ་ཐང་ང་ལ་ཡོད་སྟབས། མི་སྒེར་གྱི་གསང་བ་རྐུ་འཁྱེར་བྱེད་པའི་སྤྱི་ཚོགས་ཤིག་གི་ནང་དུ་སྡོད་འདོད་མ་བྱུང་སྟབས། ཨ་རིའི་གསང་བ་དེ་འཛམ་གླིང་མི་མང་ལ་བཤད་པ་ཡིན”ཞེས་བརྗོད་འདུག

གནས་ཚུལ་དེ་དག་ལ་བརྟེན་ཏེ་སྐུ་ཞབས་སི་ནོལ་ཌིལ་ལགས་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣ་ཞིག་ཆགས་ཏེ། ༢༠༡༣ ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་ཁུངས་སུ་བསླེབས་ཡོད་པ་མ་ཟད། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན། ནོར་ཝེལ་སྤྱི་ཚོགས་རིང་ལུགས་ཚོགས་པའི་ཚོགས་མི་དང་ཁོར་ཡུག་བློན་ཆེན་ཟུར་པ་བྷེར་ཌི་ (Baard Vegar Solhjell)ལགས་དང་སི་ཎོ་རེར་ (Snorre Valen)རྣམ་གཉིས་ཀྱིས་སླར་ཡང་སི་ནོལ་ཌིན་ ༢༠༡༤ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གྱི་འོས་མིའི་ཁོངས་སུ་མིང་འདོན་བྱས་ཡོད་འདུག

 སེ་ཁཱོ་ལཱན་ཌིའི་མིང་གྲག་ཆེ་བའི་གྷེ་ལཱ་སེ་གྷོ་ (Glasgow)གཙུག་ལག་སློབ་ཆེན་དེ་ནི། ཝུ་ལེམ་ (William Turnbull )ལགས་ཀྱིས་ ༡༤༥༡ ལོར་གསར་འཛུགས་བྱས་ཤིང་། ༢༠༡༣ ལོར་འཛམ་གླིང་ཐོག་གི་སྙན་གྲགས་ཆེ་བའི་སློབ་ཆེན་བརྒྱ་ཐམ་པའི་ཁྲོད་ཀྱི་ཨང་ ༥༡ པ་དང་། དབྱིན་ཡུལ་གཙུག་ལག་སློབ་ཆེན་ཁག་ནས་རྩེ་ཕུད་ཨང་ ༩ པར་བདམས་ཡོད་པ་དང་ད་ལྟ་ཁྱོན་སློབ་མ་ ༢༣༣༥༧ ཙམ་ཡོད་འདུག སློབ་ཆེན་གྱི་ཉེ་བའི་རིགས་བདག་ ( Vice Chancellor )ནི་སྐུ་ཞབས་སར་ཁལ་མན་ ( Sir Kenneth Calman) དང་ངེས་སྟོན་པ་སྐུ་ཞབས་སི་ནོལ་ཌིན། སློབ་སྤྱི་ཨན་ཀྲོན་ ( Anton Muscatelli)ལགས་བཅས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. གངས་སྲས། says:
    ལོ་ 12 སྔོན།

    སི་ནོལ་ཌིན་གྱིས་ཨ་རིའི་གསང་བ་ལས་ཁུངས་ཀྱི་ལས་དོན་ཕྱི་བསྒྲགས་བྱས་པ་འདིས་རྒྱ་ནག་ལྟ་བུའི་འཛམ་གླིང་ལ་འགན་མི་འཁུར་བར་རྒྱབ་སྐྱོར་ལྟ་བུ་ཆགས་ཏེ་ང་ཚོའི་བོད་དོན་སོགས་ལ་ཧ་ཅང་གི་གནོན་ཤུགས་ཆེན་པོ་ཐེབས་ཡོད།

    Reply
  2. ཉི་མ་སྒྲོལ་མ། says:
    ལོ་ 12 སྔོན།

    བདེན་པ་རྒྱལ་གྱུར་ཅིག དྲང་བདེན་གྱི་བྱ་བ་ལས་པ་ཡིན་ན་ནམ་ཞིག་བདེན་པའི་མཐའ་གསལ་ཡོང་གི་རེད། སི་ནོལ་ཌིན་ལ་མཚོན་ན་ཨ་རིའི་གསང་བའི་ལས་ཁུངས་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་གཏོང་གི་ཡོད་པ་དང་། མི་སྒེར་གྱི་ཁེ་དབང་དང་ལས་དོན་ལ་གནོད་པ་བཟོས་ཏེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་བ་བྱེད་ཀྱི་ཡོད་པ་དག་ཐེར་འདོན་བྱས་ཏེ། མི་མང་གི་ཕྱོགས་སུ་བཞེངས་ནས་དྲང་བདེན་སྐྱོང་བ་དང་སྙིང་སྟོབས་ཆེན་པོས་བྱ་བ་ངན་པ་ཕྱིར་བསྒྲགས་བྱས་པ་དེར་རྒྱལ་སྤྱིའི་ཐོག་དང་། ལྷག་དོན་དུ་གཙུག་ལག་སློབ་ཆེན་དེའི་མཐོ་རིམ་སློབ་ཕྲུག་ཚོས་ངོས་འཛིན་ཡག་པོ་གནང་སྟེ་དྲང་བདེན་ལ་རྒྱལ་ཁ་ཐོབ་པ་རེད། བདེན་པ་རྒྱལ་གྱུར་ཅིག རྫུན་པ་ཕམ་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese