མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་བཀའ་བསྟན་གྱི་ཆོས་སྦྱིན་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ཡུལ་དར་ཐང་རིན་པོ་ཆེ་མཆོག་གིས་སྦྱིན་བདག་གནང་སྟེ་རྒྱལ་བའི་བཀའ་འགྱུར་ཚར་ ༡༠ དང་བསྟན་འགྱུར་ཚར་ ༥༠ བཅས་རྒྱ་གར་ནང་སྐྱེལ་འདྲེན་བྱས་ཏེ་རྒྱ་བལ་འབྲུག་གསུམ་གྱི་ཚོགས་སྡེ་ཁག་ལ་ཆོས་སྦྱིན་གནང་བཞིན་ཡོད་འདུག 

    ཕྱི་ལོ་ ༡༩༨༩ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དབུ་འཛུཊ་གནང་བ་ནས་བཟུང་། ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནི་ཡའི་ནང་བཞུཊ་པའི་དཔལ་ཡུལ་དར་ཐང་རིན་པོ་ཆེ་མཆོག་གི་ཨོ་ཌི་ཡཱ་ན་ཡེ་ཤེས་སྡེ་ཆོས་དཔར་ཁང་གིས། རྒྱལ་བའི་བཀའ་བསྟན་གཙོས་རིས་སུ་མ་ཆད་པའི་གྲུབ་མཐའ་ཁག་གི་མཁས་པའི་གསུང་འབུམ་དཀོན་པོའི་རིགས་དཔར་སྐྲུན་གནང་སྟེ། རྒྱ་བལ་འབྲུག་གསུམ་ནང་ཆོས་སྦྱིན་དང་། ཕྱི་རྒྱལ་ཁབ་ཁག་ཏུ་ཚོང་འགྲེམས་གནང་གི་ཡོད་ཅིང་། ཟླ་འདིའི་ཚེས་ ༡༧ ཉིན་རྒྱལ་བའི་བསྟན་འགྱུར་པོད་ཉིས་བརྒྱ་དོན་ལྔ་ཡོད་པ་ཚར་ ༥༠ དང་། བཀའ་འགྱུར་ཚར་ ༡༠ བཅས་གནས་མཆོག་རྡོ་རྗེ་གདན་ནས་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐྱེལ་འདྲེན་བྱས་ཏེ། དགའ་ལྡན་ཕོ་བྲང་གཙོས་རྒྱལ་བལ་འབྲུག་གསུམ་གྱི་རིས་མེད་དགོན་སྡེ་དང་སློབ་གྲྭ་ཁག དཔེ་མཛོད་ཁང་སོགས་སྡེ་ཚན་ ༣༢ ཙམ་ལ་རིན་མེད་ཆོས་སྦྱིན་གནང་ཡོད་འདུག 

   གསར་འགོད་པའི་དྷ་རམ་ས་ལ་ཁུལ་གྱི་ཆོས་དཔེ་སྦྱིན་གཏོང་གི་འགན་འཁུར་མཁན་དམ་ཆོས་དཔལ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ༡༩༨༩ ལོར་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་མགོ་འཛུགས་བྱས་པ་ནས་བཟུང་། དར་ཐང་རིན་པོ་ཆེ་མཆོག་གིས་ཆོས་དཔེ་མང་པོ་དཔར་འགྲེམས་སྦྱིན་གཏོང་གནང་གི་ཡོད་པ་མ་ཟད། ༢༠༡༣ ལོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོད་བརྒྱ་དང་སོ་ལྔ་ཡོད་པ་ཚར་ ༡༥༠༠ པར་སྐྲུན་བྱས་ཏེ་རྒྱ་བལ་འབྲུག་གསུམ་ལ་ཆོས་སྦྱིན་གནང་ཡོད་པ་རེད། སྐབས་དེར་གུས་པས་འགན་བླངས་ཏེ་བཞུགས་སྒར་ཁུལ་གྱི་དགའ་ལྡན་ཕོ་བྲང་གཙོས་བཀའ་སྤྱི་གཉིས་དང་བོད་ཀྱི་དཔེ་མཛོད་ཁང་། སཱ་ར་མཐོ་སློབ་སོགས་བཀའ་འགྱུར་ཚར་ ༤༤ ཙམ་རིན་མེད་ཐོག་ཕུལ་བ་ཡིན། ད་ལོ་སླར་ཡང་བསྟན་འགྱུར་རིན་པོ་ཆེ་པོད་ཉིས་བརྒྱ་དོན་ལྔ་ཡོད་པ་ཚར་ ༡༠༠༠ པར་སྐྲུན་བྱས་ཏེ་རྒྱ་བལ་འབྲུག་གསུམ་ལ་རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད། ཤེས་རིག་ལས་ཁུངས་གཅིག་པུས་བསྟན་འགྱུར་ཚར་ ༡༣ བླངས་ཏེ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་གི་ཡོད་པ་རེད། ད་སྔ་བོད་ནང་དུའང་ཆོས་དཔེ་གང་ལ་གང་འཚམ་ཞིག་བཏང་ཡོད་པ་རེད། དར་ཐང་རིན་པོ་ཆེ་མཆོག་གིས་ད་བར་བོད་གངས་ཅན་ལྗོངས་ཀྱི་མཁས་པ་དང་བླ་མ་རྣམ་པའི་གསུང་འབུམ་མང་ཆེ་བ་དཔར་སྐྲུན་གྱིས་སྦྱིན་གཏོང་གནང་ཡོད་པ་རེད། རིན་པོ་ཆེ་མཆོག་གིས་ཆོས་དཔེ་སྦྱིན་གཏོང་ཙམ་མིན་པར། སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་ཚུགས་ནས་ད་བར་ཧིན་སྒོར་དུང་ཕྱུར་མང་པོས་ཡར་དཀོན་མཆོག་ལ་དགེ་སྒྲུབ་དང་། མར་སྤྲང་པོ་ལ་སྦྱིན་གཏོང་གནང་བ་སོཊ་སྤྱི་ཚོཊ་ཞབས་ཞུ་དང་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།”ཅེས་བརྗོད་བྱུང་། 

    དམ་ཆོས་དཔལ་བཟང་ལགས་སུ་རྒྱ་གར་དང་ཕྱི་རྒྱལ་དཔར་སྐྲུན་ཁང་ཁག་གིས་བོད་པའི་ཆོས་དཔེ་མང་པོ་དཔར་སྐྲུན་བྱས་པར་དཀའ་ངལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ༢༠༡༡ ལོར་ཆོས་དཔར་ཁང་ནས་ཆོས་དཔེ་དཔར་སྐྲུན་སྐོར་ལ་གློག་བརྙན་ཞིག་བཟོ་བཞིན་ཡོད་ཟེར་ནས་མི་སྣ་ ༡༠ ལ་བཅར་འདྲི་བྱས་པ་དང་། སྐབས་དེར་རྡོ་རྗེ་གདན་དུ་ང་ལའང་བཅར་འདྲི་བྱས་སོང་། གློག་བརྙན་དེའི་ཚན་པ་ཞིག་གི་ནང་ད་ལྟའི་བར་ཆོས་དཔེ་དཔར་སྐྲུན་བྱས་ཏེ་སྤྱི་ཚོགས་ཐོག་ཕན་གནོད་དང་བསམ་ཚུལ་ཅི་ཡོད་སྐོར་དྲིས་སོང་། སྐབས་དེར་ངས་དར་ཐང་ཆོས་དཔེ་ཡི་ཤོག་བུ་ལྕི་དྲགས་པ་དང་དཀར་དྲགས་ནས་མིག་ལ་གནོད་པ། དེ་བཞིན་ཤོག་ངོས་རེ་རེ་བཞིན་འཐོར་འགྲོ་བཞིན་འདུག གཉིས་པ་དར་ཐང་ཆོས་དཔར་ཁང་གི་ལས་བྱེད་ཚོ་བོད་ཡིག་ཡག་པོ་ཤེས་མཁན་དེ་འདྲ་མིན་སྟབས། དག་ཆའི་ཐོག་སྐྱོན་གནས་མང་པོ་འདུག འགྲོ་སོང་དེ་ཙམ་བཏང་ནས་ཡི་གེ་ཞུ་དག་ཚགས་ཚུད་མ་ཡོང་བར་ཆོས་དཔེ་རིན་ཐང་མེད་པ་ཆགས་ན་ཕངས་པོ་ཞེ་དྲག་རེད། ད་ལོ་ཡི་གེ་ཞུ་དག་ཐད་ངས་གང་ཐུབ་རོགས་པ་བྱེད་ཆོག་གི་རེད་ཅེས་ཞུས་ཡོད། བཀའ་བསྟན་འགྱུར་ལྟ་བུ་ཡིན་ན། བོད་ནང་གི་དཔེ་བསྡུར་མ་ཡིན་སྟབས་ཕལ་ཆེར་ནོར་འཁྲུལ་ཤོར་ཡོད་ཀྱི་མ་རེད། གང་ཡིན་ཟེར་ན། བོད་ནང་གི་མཁས་པ་ ༢༠ ལྷག་གིས་ལོ་མང་པོར་དེའི་སྒང་ལ་ཕྱག་ལས་གནང་བ་རེད། ནོར་འཁྲུལ་ཤོར་ས་གཙོ་བོ་དེ་འདི་ནས་ཡི་གེ་སྣ་རིང་སྣ་འབྲིང་སོགས་གློག་ཀླད་ནང་འཇུག་སྐབས་ནོར་འཁྲུལ་ཤོར་བ་རེད་བསམ་གྱི་འདུག དར་ཐང་རིན་པོ་ཆེ་ཁོང་གིས་ཀྱང་འདིའི་སྐོར་ལ་དོ་སྣང་ཆེན་པོ་གནང་གི་ཡོད་ཀྱང་དཀའ་ངལ་དེ་མུ་མཐུད་ལྷག་བསྡད་ཡོད་པ་རེད། ཡི་གེ་མ་དག་པ་དེ་མི་ཞིག་ལ་མཚོན་ན་མིག་ཡ་གཅིག་མེད་པ་ལྟ་བུ་རེད།”ཅེས་བརྗོད་སོང་།

       དེང་སང་བོད་ཕྱི་ནང་གཉིས་སུ་དཔེ་དེབ་མང་པོ་དཔར་སྐྲུན་བྱེད་བཞིན་པའི་སྐོར་ལ་ཁོང་གིས། མ་འོངས་པར་སྤྱི་ཚོགས་ལ་འགྱུར་ལྡོག་ཅི་ཞིག་བྱུང་ཡང་དེབ་ཇི་སྲིད་བར་གནས་འདུག་སྟབས། བོད་ཀྱི་རིག་གནས་ཡག་པོ་འདིར་གནོད་པ་ཆེན་པོ་འགྲོ་ངེས་རེད། དེང་སང་བོད་ཕྱི་ནང་གཉིས་ནས་ཁ་ཡོད་ལག་ཐོག་ཚང་མས་རྩོམ་ཡིག་མང་པོ་ཞིག་འབྲི་བཞིན་ཡོད་ཀྱང་། ཀློག་པ་པོས་ཁ་ཙམ་ཕྱེས་མ་མྱོང་བའི་དེབ་མང་པོ་ཡོད། དེབ་ཅིག་པར་སྐྲུན་བྱས་སྐབས་མ་འོངས་པར་གཞོན་སྐྱེས་ཚོས་བོད་རང་གི་རིག་གནས་ཀྱི་རིན་ཐང་རྟོགས་ཐུབ་པ་ཞིག་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་དེས་དེབ་བཏོན་པ་རེད་ཟེར་བ་ཙམ་གྱི་ཆེད་དུ་སྒོར་མོ་མང་པོ་བཏང་བསྡད་ན་དོན་སྙིང་ཡོད་པ་མ་རེད། མདོ་དོན། བོད་ཡིག་གི་དེབ་གང་ཞིག་བརྩམས་ཀྱང་དག་ཆ་ལྡན་པ་ཞིག་དང་སྐད་ཆ་ར་མ་ལུག་ཅིག་མིན་པར་སྤུས་དག་ཅིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༢༢ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 1

  1. ཐབས་མཁས། says:
    ལོ་ 12 སྔོན།

    མངོན་པར་བསྟོད་དོ། ང་ལ་བསམ་ཚུལ་གསུམ་བཤད་རྒྱུ་ཡོད། དང་པོ་འདི་ལྟ་བུའི་ལས་དོན་གལ་ཆེན་པོ་དང་འགྲོ་སོང་ཕོན་ཆེན་པོའི་ལས་གཞི་འདི་རིགས་ཐོག་ཕྱག་ལས་གནང་སྐབས། ཆོས་དཔེ་དཔར་སྐྲུན་སྐབས་ཡིག་ནོར་དོན་ནོར་སོགས་མ་ཤོར་བ་གནང་རྒྱུ་གལ་ཆེན། ལྷག་པར་དུ་ལས་ཀ་དེ་རྒྱུ་སྤུས་ཡག་པོ་ཡོད་པ་ཞིག་གནང་རྒྱུ་གལ་ཆེན་ཡིན། གཉིས་པ་ཆོས་དཔེ་དེ་དག་དགོས་ཕན་ཡོད་ས་དག་ལ་གནང་སྦྱིན་གཏོང་དགོས་པ་ལས་གང་བྱུང་སྤྲོད་རྐྱང་བྱས་ན་ཡག་པོ་ཡོད་པ་མ་རེད། གསུམ་པ་ཕྱི་མི་དང་ནང་མི་སུ་ཞིག་ཡིན་རུང་དངོས་ཤུགས་བརྒྱུད་གསུམ་གང་ཐད་ནས་གང་ཡོང་ཅི་ཡོང་གིས་རིན་མེད་གནང་སྦྱིན་གཏོང་བ་ལས་ཚོང་གི་ངོ་བོར་མ་འགྱུར་བར་འབད་བརྩོན་གནང་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese