མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ལ་ཆེ་མཐོང་དང་བརྩི་འཇོག་ཡོང་ཐབས་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་མ་འོངས་པར་དགེ་རྒན་ལ་གསོལ་ཕོགས་དང་སྨན་ཁང་བསྟེན་གཏུག་སོགས་ཀྱི་མཐུན་རྐྱེན་དང་ཆེ་མཐོང་དང་བརྩི་འཇོག་ཡོང་ཐབས་བྱ་རྒྱུ་ཡིན་པ་མ་ཟད། མཐའ་མཚམས་སོཊ་སུ་ཡོད་པའི་དགེ་རྒན་ལ་དམིགས་བསལ་མཐུན་རྐྱེན་དང་གླ་ཕོགས་སྤྲོད་རྒྱུ་ཡིན་པའི་གྲོས་ཆོད་བཞག་འདུག

ཟླ་སྔོན་མའི་ཚེས་ ༧ ནས་ ༩ ཉིན་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་ཕེབས་པའི་དགེ་ལས་ ༢༡༥ ཙམ་ལ། ངྷ་ཤོད་སློབ་གྲྭའི་ཚོགས་ཁང་དུ་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་ཚོགས་ཏེ་གྲོས་གཞི་གཙོ་བོ་ ༣ གྱི་ཐོག་བགྲོ་གླེང་གྲོས་ཆོད་བཞག་ཡོད། གྲོས་གཞི་དང་པོ་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཞེས་པའི་ཐད། ཤེས་རིག་ལས་ཁུངས་ཀྱི་འཆར་འགོད་དང་མི་སྣ་ཆེད་ཕེབས་ཀྱིས་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་དང་། དགེ་རྒན་ཕན་ཚུན་གྱི་ལས་དོན་དང་འབྲེལ་བའི་བསམ་ཚུལ་བརྗེ་ལེན་གྱི་དྲ་རྒྱའི་བརྒྱུད་ལམ་ཞིག་འཛུགས་རྒྱུ། དགེ་རྒན་གྱི་འབྲི་རྩོམ་དང་དཔྱད་རྩོམ། ཁྱད་ལས་པའི་རྣམ་དཔྱོད་དང་ཉམས་མྱོང་སྤེལ་སའི་དུས་དེབ་ཅིག་འདོན་རྒྱུ། དགེ་རྒན་རྣམས་ལ་ཡིག་འབྲེལ་བརྒྱུད་ཤེས་ཡོན་གོང་མཐོར་གཏོང་བའི་གོ་སྐབས་དང་། སློབ་ཡོན་དམིགས་བསལ་གནང་རྒྱུ།

ཤེས་ཡོན་སྲིད་བྱུས་ནང་འཁོད་ལྟར་དགེ་རྒན་གྱི་སྤུས་ཚད་སྟངས་འཛིན་ཚད་ལྡན་ཡོང་སླད། ཤེས་ཡོན་ལྷན་ཚོགས་ཀྱིས་ལོ་ ༥ རེའི་དུས་ཡུན་ཅན་གྱི་དགེ་རྒན་ལས་སྒོར་ཞུགས་པའི་ལག་འཁྱེར་ཞུ་དགོས་པ་བཟོ་རྒྱུ་དང་། ལག་འཁྱེར་བསྐྱར་ལེན་བྱེད་པར་དུས་ཡུན་དེའི་རིང་རང་གི་ཁྱད་ལས་གོང་འཕེལ་གཏོང་བའི་ཟབ་སྦྱོང་གསར་པ་གྲངས་ངེས་ཅན་རེ་འགྲིམ་དགོས་པའི་ཆ་རྐྱེན་འདོན་རྒྱུ། དགེ་རྒན་གྱི་སྡོད་གནས་སུ་གློག་ཀླད་དང་དྲ་རྒྱ། དཔེ་མཛོད་ཁང་དུ་དཔེ་དེབ་སྣ་འཛོམས། སློབ་ཚན་སློབ་ཐབས་ཀྱི་འཕྲུལ་འཁོར་ (LCD Projector) བཅས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་དང་། དགེ་རྒན་གྱི་གསོལ་ཕོགས་སྤར་ཆ་དང་། སྨན་ཁང་བསྟེན་གཏུག་དང་མཛད་སྒོ་སོགས་ཀྱི་སྐབས་མི་མང་དཀྱུས་མ་བཞིན་མིན་པར་ཆེ་མཐོང་དང་། བརྩི་འཇོག་ཡོང་ཐབས་བྱ་རྒྱུ། མཐའ་མཚམས་སོགས་ས་ཆ་ཁུག་ཀྱོག་ཏུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་མཐུན་རྐྱེན་དང་གླ་ཕོགས་སོགས་དམིགས་བསལ་གནང་རྒྱུ་བཅས་གཏན་འབེབས་གནང་འདུག

གྲོས་གཞི་གཉིས་པ། སྔོན་འགྲོ་དང་གཞི་རིམ་འོག་མའི་སྐབས་ཀྱི་དགེ་རྒན་གྱི་འོས་ཆོས་དང་སྐད་ཡིག་སློབ་ཁྲིད། ཨང་རྩིས་སོགས་དུས་མཐུན་ཁྲིད་ཐབས་སྲ་བརྟན་དང་ལེགས་བཅོས་གཏོང་ཕྱོགས་ཞེས་པའི་ཐད། སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་གསར་པ་བསྐོ་གཞག་གནང་ཕྱོགས་དང་དགེ་རྒན་གྱི་འོས་ཆོས། མཐུན་རྐྱེན། གསོལ་ཕོགས་སོགས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༡༡།༡༢ ནང་དུ། “སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཐོག་དགེ་རྒན་འོས་སྦྱོང་ཡོད་པ་དགོས་ཤིང་། དེ་དག་གི་གླ་ཕོགས་དང་མཐུན་རྐྱེན་ཁག་ཀྱང་གཞི་རིམ་གོང་མའི་དགེ་རྒན་དང་གཅིག་མཚུངས་དགོས་པ་བཟོ་རྒྱུ།” ཞེས་པ་ཕྱག་བསྟར་གནང་རྒྱུ། སྐད་ཡིག་གི་ཁྱད་ཆོས་བཞི་སྟེ། ཀློག་རྩལ། འབྲི་རྩལ། འཆད་རྩལ། ཉན་རྩལ་རྣམས་སློབ་མའི་རྒྱུད་ལ་འཇགས་ཐབས་གནད་འགག་ངོ་སྤྲོད་གནང་རྒྱུ།  སློབ་གྲྭའི་ནང་དུ་ཁྲིད་ཆས་ཁང་(Resource Room) ངེས་པར་དུ་དགོས་པ་དང་། སྔོན་འགྲོ་གཙོས་གཞི་རིམ་སློབ་གྲྭའི་ནང་འཛིན་གྲྭ་རེར་ཕྲུ་གུའི་གྲངས་ཚད་ ༡༥ ལྷག་མེད་པ་གཙོ་འདོན་གནང་རྒྱུ།

ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་ཕྲུག་གི་ལོ་ཚད་དང་ཤེས་ཡོན་ལ་དཔག་པའི་སྒྲུང་དེབ་དང་། བརྙན་པར་འོད་སྡེར། སྒྲ་བརྙན་འཁོར་ཐག པར་རིས་སྒྲུང་དེབ་སོགས་སྔར་བཞིན་པར་སྐྲུན་གང་མང་གནང་རྒྱུ། ལྷག་པར་དུ་བོད་ཡིག་གི་ཞབས་མཆན་གསལ་བའི་བོད་སྐད་ཐོག་ཡ་རབས་བཟང་སྤྱོད་དང་ལྡན་པའི་བྱིས་པའི་འགུལ་རིས་ལྟད་མོ་དགོས་གལ་ཆེ་བ་དང་། དེ་བཞིན་གཞི་རིམ་འོག་མ་དང་སྔོན་འགྲོའི་ཆེད་དུ་དབུ་མེད་ཐོག་རི་མོ་མཉམ་དུ་ཡོད་པའི་གོ་བདེའི་བྱིས་སྒྲུང་དཔེ་དེབ་ཚད་ལྡན་གང་མང་བཟོ་གལ། བོད་བསྒྱུར་ཞུས་པའི་སློབ་ཚན་རྣམས་ཀྱི་ཐ་སྙད་གསར་པ་རྣམས་ལ་སྐད་ཡིག་ཤན་སྦྱར་གང་མང་དགོས་པ་དང་། ཚིག་འགྱུར་རྣམས་ཀྱང་ཐ་སྙད་གཏན་འབེབས་སྡེ་ཚན་ནས་གཏན་འབེབས་གནང་བའི་བརྡ་ཆད་ལ་གཞི་བཅོལ་ནས་གཅིག་གྱུར་ཡོང་ཐབས་བྱ་རྒྱུ། སློབ་དེབ་གཏན་འབེབས་མ་གནང་གོང་རགས་ཟིན་དགེ་རྒན་རྣམས་ལ་ཟླ་ཤས་རིང་འགྲེམས་སྤེལ་བྱས་ཏེ། དགེ་རྒན་ལས་ལེགས་ཉེས་བསམ་འཆར་བསྡུ་རུབ་གནང་གྲུབ་རྗེས་གཏན་འབེབས་གནང་དགོས་པ། ལྷག་པར་དུ་སློབ་དེབ་བསྐྱར་ཞིབ་དེ་ཁ་ཚ་དགོས་གཏུགས་མ་ཟད། ད་ལྟའི་འཛིན་གྲྭ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་དག་ལོ་ ༢༠ ཙམ་འགྲོ་བཞིན་ཡོད་སྟབས། བསྐྱར་བཅོས་གང་མགྱོགས་དང་ཕྱིས་སུ་ལོ་ལྔ་རེའི་ནང་སློབ་དེབ་བསྐྱར་ཞིབ་ངེས་པར་གནང་རྒྱུ་བཅས་ཡིན་འདུག

གྲོས་གཞི་གསུམ་པ། ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་སྤྲོད་པའི་དགོས་དམིགས་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཞི་སློབ་མ་རྣམས་ཀྱི་རྒྱུད་ལ་སད་སྨིན་རྫོགས་གསུམ་ཡོང་ཐབས་ཞེས་པའི་ཐད། ཤེས་ཡོན་སྤྲོད་དགོས་པའི་དམིགས་ཡུལ་བཞི་པོ་འདི་དག་ཉིན་རེའི་སློབ་ཚན་དང་འབྲེལ་ནས་སློབ་ཁྲིད་ཡོང་ཐབས་ཀྱི་ལམ་སྟོན་ལག་དེབ་གསར་བསྒྲིག་དང་འབྲེལ་ཡོད་དགེ་རྒན་རྣམས་ལ་ངོ་སྤྲོད་གསལ་བཤད་དང་འགྲེམས་སྤེལ། དེ་བཞིན་ཕ་མ་དང་མང་ཚོགས་ལའང་གསལ་བཤད་གནང་ཐབས་དགོས་རྒྱུ། སློབ་གྲྭའི་ནང་བགྲོ་གླེང་དང་གཏམ་བཤད་ཀྱི་ལས་རིམ་གང་མང་གོ་སྒྲིག་སྐབས་བརྗོད་བྱ་གང་ཡིན་སློབ་གྲྭ་ནས་ངོ་སྤྲོད་བྱེད་པ་ལས་རྗོད་བྱེད་སློབ་ཕྲུག་རང་ཉིད་ཀྱིས་བཟོ་དགོས་པ་དང་། དེ་ཡང་བློ་འཛིན་དང་ཤོག་ཐོག་ནས་ཀློག་པ་ལྟ་བུ་མ་ཡིན་པར་བོད་སྐད་གཙང་མའི་ཐོག་ནས་ཐད་ཀར་ཤོད་ཐུབ་ཐབས་ཀྱི་ལས་འགུལ་སྤེལ་ཐབས་དགོས་རྒྱུ།

སློབ་ཕྲུག་ཆུང་དུས་ནས་རང་འགན་འཁུར་རྒྱུ་དང་། ལོ་རེར་རིག་རྩལ་འཁྲབ་སྟོན་ཐེངས་གཅིག་གཉིས་གོ་སྒྲིག་གིས་སློབ་མ་སོ་སོའི་འཇོན་ནུས་གོང་འཕེལ་གཏོང་བའི་གླེང་སྟེགས་ཤིག་བསྐྲུན་གལ་ཆེ་བ་མ་ཟད། འཛིན་གྲྭར་སློབ་ཕྲུག་གི་ལན་འདེབས་ནོར་བར་དམའ་འབེབས་མེད་པར་ནོར་བཅོས་དང་སེམས་ཤུགས་སྤར་ཐབས། དེ་བཞིན་སྦྱོང་ཚན་ཁག་གི་ལན་འདེབས་སློབ་མ་རང་ངོས་ནས་འབྲི་འཇུག་གལ། སྤྱི་ཚོགས་དང་ཁོར་ཡུག་ལས་དོན་ཐོག་ལ་སློབ་མ་རྣམས་དངོས་སུ་མཉམ་ཞུགས་གནང་དུ་བཅུག་ནས། སློབ་གྲྭ་སོ་སོའི་ཉེ་འགྲམ་དུ་ཡོད་པའི་སྨན་ཁང་ཆེ་ཁག་དང་རྒན་གསོ་ཁང་དུ་སློབ་ཕྲུག་རྣམས་ལྟ་སྐོར་དུ་ཁྲིད་ན་ནད་པ་འདྲ་མིན་ཡོད་པ་ངོ་སྤྲོད་ཐུབ་པ། དེ་བཞིན་འབྱུང་བཞི་འཁྲུགས་པ་ལས་ས་ཡོམ་དང་། ཆུ་ལོགས་རུད། ནད་ཡམས་སོགས་ཀྱི་གོད་ཆག་བྱུང་སྐབས་སློབ་ཕྲུག་རྣམས་འཁྲིད་དེ་རོགས་སྐྱོར་ལས་འགུལ་ནང་ཞུགས་ན་གཞན་ཕན་གྱི་བསམ་བློ་ངང་གིས་སླེབས་ཐུབ།

སློབ་གྲྭའི་དགེ་ལས་རྣམས་ནི་སློབ་ཕྲུག་རྣམས་ཀྱི་མིག་དཔེ་དང་། རེ་ཡུལ་ངོ་འདྲིས་ཅན་ཡིན་སྟབས། དགེ་ལས་སོ་སོའི་ཉིན་རེའི་སྤྱོད་ཚུལ་སྤྱི་དང་ཡང་སྒོས་སློབ་ཕྲུག་དང་ཐད་ཀར་འབྲེལ་བ་གནང་བའི་སྐབས་སུ་བྱམས་སྐྱོང་ལྡན་པ། དྲང་པོ་ཞི་འཇམ་སོགས་དགོས་རྒྱུ། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞིང་། བོད་ཀྱི་རིག་གཞུང་རྒྱུན་འཛིན་ཐུབ་མིན་ནི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་མིན་ལ་རག་ལས་སྟབས། སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་སྔར་ལས་ལྷག་པ་ཡོང་བའི་གོ་སྐབས་དང་ཆ་རྐྱེན་ངེས་པར་བསྐྲུན་རྒྱུ་བཅས་གྲོས་ཆོད་ཁག་གཏན་འབེབས་གནང་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

སྐར་མ ༤༧ སྔོན་ལ།
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༢ སྔོན་ལ།
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ། (ཚན་པ་དང་པོ།)

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥

མཆན། 4

  1. ཉི་མ་སྒྲོལ་དཀར། says:
    ལོ་ 11 སྔོན།

    ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དྲུག་པ་བརྒྱ་བར་ཚོགས་ཀྱང་གྲུབ་འབྲས་དམིགས་བསལ་གང་ཡང་འཐོན་རྒྱུ་ཡོད་པ་ན་རེད། ཐག་གཅོད་གནང་དགོས་པ་དེ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་ཤེས་ཡོན་སྲིད་བྱུས་ངོས་བཞེས་གནང་གི་ཡིན་དང་མིན། རྡ་སྟེང་བོད་ཁྱིམ་ཁྱབ་ཁོངས་མ་ལག་དང་བཅས་པས་ཁ་ཡར་དཀྱོག་མར་དཀྱོག་མ་གནང་བར་ཤེས་ཡོན་སྲིད་བྱུས་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་བསྟར་རྒྱུ་ཡིན་དང་མིན་དེ་རེད། གནས་ཚུལ་འདི་ཐག་གཅོད་བྱས་ཚར་བ་ཡིན་ན། དགེ་རྒན་གྱི་གསོལ་ཕོགས་དང་སློབ་གྲྭའི་སློབ་ཁྲིད་ཀྱི་ཅ་དངོས་སོགས་གནད་དོན་ཆེན་པོ་གང་ཡང་མ་རེད།

    Reply
  2. ཤག་སྒང་པ། says:
    ལོ་ 11 སྔོན།

    ཡག་པོ་གནང་འདུག

    གཙོ་བོ་སྒྲིག་འཛུགས་དང་བོད་ཁྱིམ་གཉིས་གཅིག་མཐུན་དགོས་པ་དེ་གནད་ཀྱི་དང་པོ་རེད།

    གང་མགྱོགས་ཕྱག་བསྟར་ཡོང་བར་རེ་བསྒུག་བྱས་ཡོད།

    ལོ་གསར་ལ་བཀྲིས་བདེ་ལེགས།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    མ་གཞི་མི་རིགས་འཐབ་རྩོད་ཀྱི་གནས་སྟངས་འོག་ཡོད་པའི་འུ་ཅག་ལ་མཚོན་ན། ལས་གཞི་འདི་དག་མཆིས་དྲག་པའི་ཚད་དུ་ཡོད་པ་རེད། ཡིན་ནའང་། བཞུད་ཟིན་པ་དེ་ཕྱིར་ཡོང་ཡོད་པ་མ་རེད། ད་རེས་གྲོས་ཆོད་དོན་དང་ལྡན་པ་བཞག་འདུག ད་ནི་ལག་བསྟར་དོན་སྨིན་ཡོང་ཐུབ་མིན་དེ། དབུས་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་། ཤེས་རིག་དྲུང་ཆེ། ཤེས་རིག་བཀའ་བློན་བཅས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པ་རེད། ཁ་སྟོང་ནང་གི་ཚིག་སྟོང་དུ་འགྱུར་མི་འཇུག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་ནི་ཨ་གསར་དང་ངང་ཐུང་ལ་དགའ་བོ་ཡོད་པ་རེད། དེ་འདྲར་མི་འགྱུར་བའི་རེ་བ་ཞུ།

    Reply
  4. ལྷ་སའི་ཁྱམ་ཕྲུག says:
    ལོ་ 11 སྔོན།

    གྲོས་ཆོད་མང་པོ་བཞག་འདུག ཡག་པོ་རེད། ཡིན་ནའང་གྲོས་ཆོད་འདི་དག་ཡིག་ཐོག་དང་སློབ་གྲྭ་ཁག་གི་འཛིན་སྐྱོང་གི་སྒམ་ཞག་ནང་ནས་ཅི་ཙམ་བར་ལྷག་གི་རེད། ཤེས་ཡོན་སྲིད་བྱུས་གསར་པའི་སྐོར་ལ་འདོད་པ་ཁེངས་པ་ཞིག་ཁྱོན་ནས་ཆགས་མ་སོང་། དེ་ལ་བློ་ཕམ་ཆེན་པོ་ཡོད། འདི་སུ་ཞིག་གི་ལྐོག་ཇུས་ཡིན་ནམ་གང་ལྟར་ད་རེས་ཤེས་ཡོན་སྲིད་བྱུས་སྐོར་ལ་བགྲོ་གླེང་གྲོས་ཆོད་བཞག་ཡོད་པའི་རྣམ་འགྱུར་སྟོན་ཆེད་དང་མི་མང་ལ་མགོ་བསྐོར་གཏོང་ཐབས་ཙམ་དོན་དག་རྡོག་རྡོག་འདི་ཐག་གཅོད་བྱས་འདུག་བསམ་བསམ་ཞིག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese