ང་རང་གི་ནམ་རྒྱུན་དུ་རང་ཉིད་ལ་འདི་ལྟར་ཟེར་གྱི་ཡོད། ང་རང་ཤི་མེད་ན་འདོད་ཞེས་བཤད་དེ་རང་སེམས་གསོ་ཐུབ་བྱེད་ཀྱི་ཡོད། ཡིན་ཡང་། ང་རང་ལ་ཡང་སེམས་སྡུག་དངོས་ནས་ཤིག་ཡོད་མེད་དེ་ང་རང་རང་གི་ཤེས་དགོས་པ་ཞིག་རེད། འོན་ཀྱང་། ངས་སེམས་སྡུག་གང་ཡང་བྱེད་ཀྱི་མི་འདུག གཅིག་བྱས་ན་ང་རང་གི་ཚོར་བ་དེ་དག་བརྗེ་བོ་བརྒྱབ་ཟིན་པ་འདྲ། བོད་ལ་སྐྱེས་ཤིང་བོད་པ་ཡིན་པས་ཚོར་སྣང་དེ་དག
ངས་མཚམས་མཚམས་སུ་རང་ཉིད་ལ་བོད་པ་ཟེར་ནས་བོད་པ་ལས་མི་ཁྱོད་ཤི་མེད་པ་རེད་དམ་ཟེར་ནས་འབོད་ཀྱི་ཡོད། གལ་ཏེ་ང་དངོས་ནས་གསོན་ཡོད་པའི་མི་ཞིག་ཡིན་ན། ང་རང་ལ་མི་གཞན་དག་དང་འདྲ་མཚུངས་ཀྱི་ཐོབ་ཐང་དང་རང་དབང་དེ་དག་ལོངས་སུ་སྤྱོད་དབང་མེད་པ་གང་ཡིན་ནམ། ཨོ་རེད། ང་རང་བོད་པ་ཟེར་བས་རང་བཙན་ཤོར་བས་རྒྱལ་ཁབ་ཞིག་གི་མི་སེར་ཡིན་སྟབས་ཡིན་རྒྱུ་རེད་ཞེས་རང་གི་རང་ལ་སེམས་གསོ་བྱེད་ཀྱི་ཡོད།
ཨོ་ན་རང་ཉིད་ལ་འཛམ་གླིང་གི་སྐྱེ་བོ་གཞན་དག་གིས་མཐོང་ཆུང་བྱེད་ངེས་པ་ནས་བྱེད་ཆོག་པ་རེད་དམ། དེ་དག་གི་དབང་ཚད་དེ་སུས་མི་དེ་དག་ལ་སྤྲད་ཡོད་དམ། མཐོང་ཆུང་བྱེད་ས་ཡང་རྒྱལ་ཁབ་ཤོར་བས་མི་དང་དབུལ་བོ། ཡང་ན་ཉམ་ཐག་པའི་མི་དེ་དག་བྱེད་དགོས་པ་རེད་དམ། དེ་འདྲ་ཞིག་ཡིན་མི་སྲིད། དེ་དག་ལ་དགའ་མཁན་དང་བྱེད་མཁན་དེ་དག་ཡང་མིའི་རང་དབང་དང་མིའི་རིགས་ཀྱི་སེམས་ཚོར་དངོས་དེ་མ་བྱུང་བས་ལན་ཡོད་ངེས་རེད། གང་ལྟར། ངས་རང་ཉིད་ནི་ཤི་མེད་ན་འདོད། ང་རང་ལ་ཡང་མིའི་རིགས་སྤྱི་མཚུངས་ཀྱི་ཐོབ་ཐང་ཞིག་མིའི་རིགས་སུ་སྐྱེ་བ་དེ་ནས་བཟུང་ཡོད་པ་ཡིན་དུས། ཐོབ་ཐང་དེ་སུས་ཀྱང་འཕྲོག་མི་ཆོག ང་རང་ལ་ཐོབ་ཐང་དེ་ལོངས་སུ་སྤྱོད་རྒྱུས་དབང་ཚད་ཡོད་ཡོད་པ་ཡིན། དེའི་ཕྱིར་ང་རང་ཤི་མེད་ན་འདོད།