མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མདོ་རྒྱ་ཁོངས་ཡིན་ནམ། ཁ་བ་དཀར་པོ་ལགས།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་བ་དཀར་པོ་ལགས། ཨ་མདོ་དེ་དུས་ཀྱི་གནས་སྐབས་རང་བཙན་གྱི་ངོ་བོར་གནས་པའི་བོད་ཀྱི་སྲིད་གཞུང་དེའི་མངའ་འོག་ཏུ་མེད་པར་རྒྱ་གོ་མིན་ཏང་གི་ནུབ་བྱང་གི་དམག་སྤྱི་ཆེན་མོ་མ་པུའུ་ཧྥང་དང་མ་ཆི་གཉིས་ཀྱི་མངའ་འོག་དང་། དེ་བཞིན་རྒྱལ་རོང་འབའ་ཐང་སོགས་ཀྱང་གོ་མིན་ཏང་གིས་བསྐོ་འཇོག་བྱས་པའི་རྒྱ་དཔོན་ཚོའི་མངའ་འོག་ཏུ་ཡོད་པ་རེད། ཟེར་ནས་བཤད་འདུག སྐབས་དེར་ཨ་མདོ་ཡོངས་སུ་རྫོགས་པ་རྒྱ་ནག་གི་མངའ་ཁོངས་དུ་ཤོར་ཡོད་པ་རེད་དམ། ཡང་ན། མ་ཤོར་སྔོན་གྱི་ཨ་མདོ་བ་མངའ་ཁོངས་གང་ལ་གཏོགས་ཡོད་པ་རེད། དེ་མིན་ཉིན་མ་དེ་ནས་བཟུང་ཨ་མདོ་རྒྱ་ཁོངས་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་དམ། ཡང་ན་ཨ་མདོ་བོད་ཁོངས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེའི་ལན་གསལ་བོ་ཞིག་ཡོད་པ་གནོང་རོགས་ཞུ།

ཁ་བ་དཀར་པོ་ལགས་འདི་ནི་གོང་གི་འདི་ལ་བཏབ་པས་བསམ་ཚུལ་མ་ཡིན་པར། ཁྱེད་རང་གི་གྲ་སྨྱོན་བསྟན་རྒྱམ་གྱི་ཟིན་བྲིས་ནང་དུ་བཀོད་པ་དེ་ལ་བསམ་ཚུལ་བྲིས་པ་ཞིག་ཡིན། ཁྱེད་རང་ལ་ཁོམ་པ་ཡོད་ན་ལན་གསལ་བོ་ཞིག་ཡོད་པ་གནོང་རོགས། དེ་མིན་སྐད་ཆ་འདི་འདྲ་བཤད་པ་ནི་དངོས་ནས་སྙན་མི་སྙན་གཙོ་བོ་མ་རེད་དེ། རྒྱ་ནག་སྲིད་གཞུང་གི་ལག་ཆར་མི་འགྱུར་བས་དངོས་པ་གཏན་ནས་མེད་ལ། རྒྱ་ནག་སྲིད་གཞུང་གི་རེ་སྒུག་བྱེད་ས་ཡང་སྐད་ཆ་འདི་འདྲའི་རིགས་རེད།

སྐད་ཆ་གང་ཞིག་བཤད་ཀྱང་དེ་ལ་ཚད་འཛིན་བྱེད་འདོད་ཡོད་པ་གཏན་ནས་མིན་མོད། ང་ལྟ་བུ་ཞིག་གིས་མི་གཞན་གྱི་སྐད་ཆའི་རང་དབང་ལ་ཚོད་འཛིན་དུས་ནམ་ཡང་བྱེད་མི་སྲིད་པ་ཡིན། འོན་ཀྱང་། སྐད་ཆ་བཤད་ཕྱོགས་ཁ་ཤས་ནི་དངོས་ནས་ངེད་ཅག་བོད་པ་ཚང་ལ་དགོས་པ་ལས་མི་དགོས་པ་དང་། ཕན་པ་ལས་གནོད་དུ་འགྱུར་བཞིན་འདུག་ན། སྐད་ཆ་བཤད་ཤེས་པ་དང་བསམ་ཚུལ་གླེང་ཤེས་པ་གནང་ན་དངོས་ནས་ཡག་པོ་འདུག དེ་མིན་ཨ་མདོ་རྒྱ་ཁོངས་ཡིན་མིན་བཤད་བཞིན་པས་ཀླུ་སྨྱོན་དང་ཁྱེད་ཚོ་ལྟ་བུ་ཡིན་ན་དངོས་ནས་ག་རེ་བྱུང་བ་ཡིན་ནམ་སྙམ་པས་ཚོར་བ་སྟེར་གྱི་འདུག  ཁ་བརྡ་ཚང་གི་ནང་དུ་ཡང་ཀླུ་སྨྱོན་ལ་བོད་། ལྷ་ཀླུ་གཉན་གསུམ་གྱིས་སྐད་ཆ་ཚ་བོ་ཁ་ཤས་ཤིག་བཤད་འདུག་པ་དེ་ལ་ཡང་དངོས་ནས་རྒྱུ་མཚན་གཏན་ནས་མེད་པ་ཞིག་རེད་མི་འདུག

ཁ་བ་དཀར་པོ་ལགས། ཨ་མདོ་རྒྱ་ཁོངས་སུ་ག་དུས་ནས་གྱུར་མིན་དང་། མ་གྱུར་སྔོན་གྱི་ཨ་མདོ་ཚང་གི་ལོ་རྒྱུས་གསལ་བོ་ཞིག་ཁྱེད་རང་ལ་བཤད་རྒྱུ་ཨེ་ཡོད། དེ་ལྟར་མེད་ན་ཁ་བཙུམ་མི་ཐུབ་ཀྱང་། རང་ཤ་བཅད་དེ་མྱི་ཁ་མ་གཡུགས་རོགས། བོད་མདོ་དབུས་ཁམས་གསུམ་གང་ཞིག་ཡིན་ཡང་། རྒྱ་ཁོངས་ཡིན་པས་སྐད་ཆ་ཞིག་སྔ་མ་དག་གི་རང་དུ་བྱུང་མྱོང་མེད་མོད། ལྟས་ངན་འུ་ཅག་གི་རིང་དུ་བྱུང་ན་དངོས་ནས་ཞབས་འདྲེན་རེད། རྒྱ་ནག་སྲིད་གཞུང་གིས་ཀྱང་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཁས་ལེན་དགོས་ཞེས་ཨུ་ཚུགས་རྒྱག་བཞིན་ཡོད་པ་གོ་མྱོང་ཡོད་པ་ལས། བོད་པ་རང་གིས་ཨ་མདོ་རྒྱ་ཁོངས་རེད་ཅེས་རྒྱ་ནག་ལ་སྤྲོད་བཞིན་པ་ཁྱེད་ཅག་བསམ་བློ་འམ་ཆབ་སྲིད་ཀྱི་རྨོངས་འཐོམ་ཁ་ཤས་མ་གཏོགས་མཐོང་མྱོང་མེད། རེད། ཨ་མདོ་རྒྱ་ཁོངས་ཡིན་ན། བོད་གཞུང་གི་རྒྱ་ཁོངས་ལ་བདག་པོ་རྒྱག་དགོས་དོན་གང་ཡིན་ནམ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

སྐར་མ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

ཆུ་ཚོད་ ༢ སྔོན་ལ།
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

༢༠༢༥/༡༢/༡༥
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

༢༠༢༥/༡༢/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese