མགོ་བོ་འདི་ལ་གཟེར་ཞིག་རྒྱག་གི་འདུག།
སྐེ་ཚིག་ནང་དུ་ན་ཚ་ཡོད་པ་འདྲ།།
བྲང་ག་བརླན་རྒྱུའི་བུ་མོ་མ་ལོན་ན།།
ལག་པ་གཡུག་ཡང་སྟོང་བ་རེད་སྙམ་ནས།།
འཁྲིག་མ་འགུལ་ཙམ་བྱས་དེ་བཞག་པ་ཡིན།།
ལག་མགོ་ཚུར་ལ་བསྟན་པའི་བུད་མེད་ཅིག།
རྐང་བ་དཀར་ཤིང་གཟུགས་གཞི་མཛེས་ན་ཡང་།།
ཕྲག་མགོ་མཐོ་དམན་ཤོར་བ་མཐོང་དུས་སུ།།
ལྟོ་བའི་ཆེད་དུ་ཆགས་སྲེད་བྱེད་པ་ལས།།
པུས་མོ་བཙུགས་ནས་སློང་ཞིག་བྱེད་ཀྱང་ཆོག།
ལུང་བུ་འདར་ཞོར་སྔུན་དུ་སོང་དུས་སུ།།
རྐང་མགོ་རྡོ་དང་ཚེར་མར་ཡང་ཡང་འཕྲད།།
རྒྱབ་ཀྱི་མི་ཚེ་འདི་ལ་བསམ་ཐེངས་རེར།།
གྲུ་མོ་གཡུག་བཞིན་ལས་ཀའི་དཀའ་ཚེགས་ཁྲོད།།
རྐེད་པ་ན་ཡང་ཟུག་རྔུ་བསྲན་ཞོར་ལ།།
འཕོངས་ཚོས་ཕྲ་བའི་བུད་མེད་སྐེད་ཕྲ་ཚོའི།།
བརླ་ཤ་དཀར་པོའི་བར་གྱི་ནགས་ཚལ་དེ།།
སྒྱིད་ཁུང་འདར་བཞིན་མིག་གི་སོ་ཉུལ་བྱས།།
འདི་ལྟར་གཅིག་གིས་གཅིག་ལ་བསྟོད་བཞིན་དུ།།
བློ་གྲོས་སྤོབས་པའི་མགོ་བོ་གཟེངས་བཏེགས་ཏེ།།
སྤྱི་ཚོགས་འཚོ་བའི་སྣང་བརྙན་གསོན་པོ་ལས།།
རང་རིགས་བདེན་དོན་འཚོལ་བར་ཅིས་མི་འབད།།
གངས་ཅན་བོ༷ད་ཀྱི་ཤ༷་ཁྲག་རུ༷ས་པའི་འགྲོས།།
མཚར་སྡུག་སྒེག་མོའི་གཟུགས་སུ་འཕོས་པའི་དཔྱིད།།
སྐབས་གསུ༷མ་ལྷ་ཡི་བོ་མོ་སྐྱེངས་བྱེད་འདི།།
ཆགས་ཅན་སྐྱེ་བོའི་མིག་ཡིད་དགའ་སྟོན་བཤམས།།
གཉའ་གནོན་ཐུབ་ཚོད་མེད་པར་ལྷོད་ཀྱིས་འོང་།།
འབྲོང་གི་བུ་ཚ་ཟེར་བ་ལོས་ཡིན་འདོད།།
ཐུ་བྷོད་བོད་པ་ཚང་གི་སྟག་ཤར་ཁྱེད་།།
བུ་ངའི་སྙན་རྩོམ་འདི་ལ་གཟིགས་པ་སྤྲོ།།
པཎྚི་ཏས་ཞེས་བཅོས་པ་ཡིན།
ལང་ཚོ་མ་རྣམས་མེ་ཏོག་ཆུན་པོ་དང་། །
ཁོ་བོས་སྙན་ཚིག་མེ་ཏོག་རྒྱན་དུ་ངོམ། །
དཔལ་ཁྱིམ་དེ་ནི་བྱིས་པ་འབྲིད་བྱེད་དེ། ། སྙན་པའི་ངག་ནི་མཁས་རྣམས་ཡིད་ཀྱི་གསོས། །
རྗེ་ཞྭ་དམར་པཎྚིའི་གསུངས་སོ། །
རང་རིགས་གཅིག་ཞིང་ཡིད་མཐུན་སྤུན་ཟླར་ཟབ།།
རྟོན་ན་རང་བའི་རང་རིགས་གངས་ཅན་ཚང་།།
སྐད་དང་ཡི་གེའི་ཕྱོགས་ཀྱི་སེམས་འཁུར་འདི།།
བསམ་ཞིང་བསམ་དུས་བསྟོད་རན་ཡོད་པ་ཞིག།
གཅེན་ཆུང་ཞིག་གི་རྩོམ་ཡིག་བཀླགས་ཟིན་རྗེས།།
པོ་པོ་ཆགས་པའི་ཕ་རྒན་ང་ཡི་ཁྱིམ།།
འདི་རུ་ཕེབས་ནས་རང་གི་འདོད་ཚུལ་དག།
ལྷུག་པོར་སྨྲ་བ་དེ་ལ་ཅིས་མི་དགའ།།
ཟ་འདོད་བྱེད་འདོད་སེམས་ཀྱི་ཚོར་བ་དག།
ལེ་ལོ་མེད་པར་ནམ་ཀུན་བཤད་འཕོད་པའི།།
རྒྱལ་སྲས་ལྟ་བུ་སྲེད་པའི་འཕར་རྩ་ཅན།།
ཁྱེད་དང་འུ་གཉིས་འདོད་པ་གཅིག་པ་འདྲ།།
ཇིང་སྲས་མིག་གསུམ་པ་ལགས་དང་ཆུ་ཐིགས་སྔོན་མོ་གཉིས་ཕེབས་པར་དགའ་བསུ་ཞུ། གཅིག་གིས་བསྟོད་བསྔགས་དབྱིན་ཡིག་སྟེང་དུ་བྲིས་པ་དེ་ནི་བོད་ཡིག་མེད་པའི་ས་ཁུལ་ཞིག་དུ་སླེབས་ཡོད་པ་འདྲ། གཅིག་གིས་བཀླགས་ཚར་བ་དེ་ལས་བསམ་ཚུལ་གང་ཡང་མ་རྙེད་པ་འདྲ།
འོ་ན། ཟིན་འབྲི་མཁན་ཞེས་བ་དེ་ཅི་རེད། མི་ལ་བལྟས་འདུག་པ་ལས་རང་གི་སྨྱུ་གུར་བདག་བྱས་ན་མི་བཟང་ངམ།
དྲ་གྲོགས་བསེ་རུ་ལགས་ཀྱིས་ཡིག་ནོར་ལ་གཟབ་གཟབ་བྱས་པ་ནི་ངོ་མ་ཟིན་འབྲི་མཁན་ཞིག་གི་འགན་འཁྲིའི་འདུ་ཤེས་ལ་བདག་པོ་བརྒྱབ་པ་རེད།ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
འདོད་ཁམས་འདི་ན་གཙོ་བོ་ཕོ་མོ་གཉིས།།
འདོད་པར་ཞེན་ཅིང་ཆགས་པ་མཚུངས་ན་ཡང་།།
འདོད་པའི་བུ་ཡིས་བུ་མོར་བསྟོད་པ་ལས།།
འདོད་པའི་བུ་མོའི་ངོ་ནོངས་ཆེ་ལུགས་སམ།།
ཆེ་ཆུང་རན་པའི་མྱོས་བུམ་མིག་གི་དཔྱིད།།
སྒོར་ཞིང་ནེམ་པའི་འཕོང་ཤ་སེམས་ཀྱི་མགྲོན།།
ཚ་ཞིང་དོག་པའི་མཚན་མ་བདེ་སྟེར་མ།།
བདེ་བ་ཅན་ན་ཡོད་མེད་མི་ཤེས་པས།།
ད་དུང་མི་ཡི་ཁམས་ལ་ཞེན་ཆགས་ཆེ།།
very good
བཀླགས་ཚར་ཡིན།
བསེ་རུ་ལགས་ཀྱིས་དུས་ཀུན་སྐྱོར་བ་དང་།།
བསེ་རུ་ལགས་ཀྱིས་དུས་ཀུན་གཟིགས་པ་འདིས།།
སེམས་དང་བློ་བའི་སྟེང་གི་ཞིང་ས་རུ།།
བསེ་རུ་ཟེར་བའི་གཟུགས་ཤིག་བསྐོས་དེ་འདུག།
དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ།།
ཕྲུག་གུ་བདག་མེད་མ་གྱུར་བར།།
ཚེ་དང་ནད་མེད་དོན་འགྲུབ་པའི།།
རིང་ཐུང་ཀུན་ལ་ལྷག་བསམ་ཅན།།
སྐར་ཚོགས་སྟོང་གི་ཁུངས་གསེང་དུ།།
ཁྲི་སྲོང་རིགས་ཀྱི་རྒྱུན་འཛིན་པ།།
བཙན་པོའི་བོད་ལ་སྐྱེ་བ་འདི།།
སེམས་དང་བསམ་པའི་སྨོན་ཡུལ་རེད།།
ལི་མའི་རིན་ཞིག་མེད་པའི་རྩོམ་ཡིག་འདིས།།
ཐང་ཆེན་འགྲིམ་ནས་འོང་བའི་སྐྱེ་བོ་ཞིག།
བཤད་གླེང་ཕྱོགས་ལ་མཁས་པ་འདྲ་ཞིག་འདུག།
སྒྲུབ་པ་ཉམ་ལེན་དེ་དང་མཚུངས་པར་ཤོག།
ཤ་ཁྲག་ལགས། ཉེན་རྟོག་པ་སླེབས་ཡོད་དོ།
མ་དག་པ། དག་པ།
རྐང་འཐུལ། རྐང་མཐིལ།
སྐེ་ཚིག སྐེ་ཚིགས།
གཡུག་ཡང་། གཡུགས་ཀྱང་།
འཁྲིག་མ། མཁྲིག་མ།
ལུང་བུ། ལོང་བུ།
ལི་ཐང་བཤད་སྒྲུབ་ལགས། ཞར་བྱུང་དུ་བཅོས་ཡོད།
མ་དག་པ། དག་པ།
བུ་མེད། བུད་མེད།
སྐྱོན་རྩལ། སྐྱོན་བཙལ།
རྐང་འཐུལ། རྐང་མཐིལ།
སྐྱོན་གྱི་གང་པ། སྐྱོན་གྱིས་གང་པ།
སྐེད་སྐབས་ཕྲ་ཞིང་འཕོངས་ཚོས་ཡངས་མོ་ཚོའི།།
འཇམ་གཉེན་བརླ་ཡི་བར་གྱི་ནགས་ཚལ་རུ།།
མིག་གིས་ལྟ་བཞིན་ལག་པས་སྙོབ་ན་ནི།།
བློ་སྙིང་གཟེར་བའི་ན་ཟུག་ཇི་ལྟར་བགྲང་།།
ས་སྟེང་འགྲོ་བའི་ཆོས་ཉིད་དེ།།
འདོད་ལྡན་གཅིག་གི་ག་ལ་ཚད།།
ཚིག་གི་རྒྱབ་ལྗོངས་མ་མཐོང་ན།།
དོན་ལ་ལོག་བཤད་རུང་བ་མིན།།
ཁ་སང་དེ་རིང་སང་ཉིན་གསུམ།།
བླང་དོར་བ་ཡི་དམ་པ་ཚོར།།
གསལ་བ་མདུན་ནས་མ་མཐོང་ན།།
སྒོ་སྲུབས་ནས་བར་མ་ལྟ་རོགས།།
འཇིག་རྟེན་ཐོག་གི་མི་རྣམས་ཀྱི།།
བྱ་བ་གང་ཞིག་བྱེད་འདོད་པར།།
བུ་མེད་ལ་ལྟོས་མང་ན་ཡང་།།
འདོད་པས་ཁེངས་པའི་ངང་ཚུལ་ཟབ།།
འདུས་པའི་དངོས་པོ་གང་ཞིག་ལ།།
སྐྱོན་ཞིག་རྩལ་ནས་ནམ་སོང་བར།།
མགོ་ནས་རྐང་འཐུལ་བར་ཏུ་ཡང་།།་
ཐམས་ཅད་སྐྱོན་གྱི་གང་པ་འདྲ།།