མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཤད་ཤེས་པ། ཉན་ཤེས་པ། སྒྲུབ་ཤེས་པ་དེ་གསུམ་གལ་ཆེན་པོ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་ལགས། བཤད་ཤེས་མཁན་གྱི་བཤད། ཉན་ཤེས་མཁན་གྱི་ཉན། བྱེད་ཤེས་མཁན་གྱི་བྱེད་པ་དགོས་པ་ནི་རང་བཞིན་གྱིས་འཇིག་རྟེན་གྱི་གྲུབ་ཚུལ་ཞིག་ཆགས་ཡོད་པ་རེད། འཛམ་གླིང་གི་ཡུལ་གྲུ་གང་མང་ཞིག་གི་ནང་དུ་ཡང་གཏམ་བཤད་བྱེད་མཁན་གྱི་གཏམ་བཤད་འགན་ཡོད་པ་རེད་སྤེལ། ཉན་ཤེས་མཁན་དག་གི་འགན་ཡོད་པའི་ཉན་ཤེས་རེ་བྱས། བྱེད་ཤེས་མཁན་དག་གི་འགན་ཡོད་པའི་ལས་ཀ་རེ་སྒྲུབ། དེ་ནས་སྤྱི་ཚོགས་ཟེར་བ་དེ་ནི་རང་བཞིན་གྱིས་གོ་རིམ་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་རེད། ངས་དེའི་ཐད་དུ་བསམ་བློ་རྒྱུན་རིང་བོ་ཞིག་ལ་གཏོང་མྱོང་ཡོད། ལོ་ཁ་ཟླ་དང་། ལོ་ཁ་ལོ་མཐུད་ནས་བསམ་བློ་གཏོང་མྱོང་ཡོད། ང་ཚོ་ལ་ཤེས་ཡོན་ཡོད་མཁན་གྱི་ལམ་སྟོན་ཧ་ཅང་འཁོ་བ་དང་ཉན་ཤེས་བྱེད་ཐུབ་མཁན་གྱི་མི་དམངས་ཀྱང་དེ་ལས་འཁོ། འདི་ལྟར་ཟུང་འབྲེལ་བྱུང་ཉིན་ད་གཟོད་གྲུབ་འབྲས་ཟེར་བ་ནི་གདོན་མི་ཟ་བར་མིག་མཐོང་ལག་ཟིན་ཞིག་ཆགས་ཐུབ་ངེས་ཡིན། ང་ཚོ་ལ་ད་ལྟའི་འཆར་སྟོང་ཆ་ཞིག་ཡོད་པ་ནི་བཤད་ཤེས་མཁན་གྱི་ཤེས་ཡོན་པའི་གྲངས་འབོར་ཧ་ཅང་ཉུང་བ་མ་ཟད། ཉན་ཤེས་མཁན་གྱི་མི་དམངས་ཀྱང་དེ་ལས་ཉུང་ཉུང་ཞིག་ཆགས་ཡོད་སྟབས། ལས་དོན་གང་ཞིག་བྱེད་རྒྱུར་ཡང་དཀའ་ངལ་གྱི་ཁྲོད་དུ་ལུས་ཡོད་པ་ནས་ལམ་ལྷོངས་མ་བྱུང་བར་བསྡད་ཡོད་པ་རེད། མི་དམངས་ཟེར་བ་འདི་ལ་ཤེས་ཡོན་པའི་སྣེ་ཁྲིད་ཞིག་མེད་ཉིན་ནས་མི་དམངས་དེ་ནི་དུས་ནམ་ཡང་གཞན་གྱིས་བཙན་གནོན་དང་བརྙས་བཅོས་འོག་ནས་ཐར་མི་སྲིད་པ་ཡིན། དེའི་ཕྱིར་ཤེས་ཡོན་པའི་སྡེ་བསྐྱེད་བསྲུང་ཞིག་ཡོང་དགོས་པ་མ་ཟད། ཤེས་ཡོན་པའི་སྐད་ཆ་ལ་ཡང་འགན་ཡོད་པའི་སྐད་ཆ་ཞིག་བཤད་ཐུབ་དགོས་པ་མ་ཟད། ཤེས་ཡོན་པའི་ཁུངས་ལྡན་ཚུགས་ཐུབ་ཀྱི་གནས་ལུགས་ཀྱང་གང་ཙམ་རྟོགས་ཐུབ་དགོས། དེ་མིན་རྣ་ལ་སྙན་པོ་ཡོད་པའི་སྐད་ཆ་ནི་སྨྱོན་པ་ཚུན་ཆད་ཀྱིས་བཤད་མི་སྲིད་པ་ཞིག་མ་ཡིན། དེ་ནི་གནས་སྐབས་ཀྱི་རྣ་ལ་སྙན་པ་ཞིག་ལས་ཁུངས་ལྡན་ཚུགས་ཐུབ་མ་ཡིན་ལ། མི་རིགས་ཤིག་གཏན་ནས་ཡོང་མིན་གྱི་འགན་འཁུར་བསམ་བློའི་ཕུགས་བརྟན་རང་བཞིན་ཞིག་དེ་བས་ཀྱང་མིན། དེའི་ཕྱིར་ངས་བཤད་འདོད་པ་ནི། མི་རིགས་ཤིག་བཙན་གནོན་དང་བརྙས་བཅོས་ཁྲོད་དུ་ཡང་བླངས་བྱེད་དགོས་པ་ཡིན་ན་ནི། ཤེས་ཡོན་པའི་སྡེ་ཁག་མེད་དུ་མི་རུང་བ་ནས། ཉན་ཤེས་བྱེད་ཐུབ་མཁན་གྱི་མི་དམངས་ཀྱང་གལ་ཆེན་ཆགས་ཡོད་ལ། ལག་ལེན་བྱེད་པར་བརྟན་ཚུགས་འགྱུར་མེད་ཀྱི་སྤོབས་པ་ཡོད་མཁན་བཅས་ཡོད་པ་ཞིག་བྱུང་དགོས་ཀྱི་ཡོད་པ་རེད། ངས་མི་རིགས་ཤིག་འཇིག་རྟེན་འདིར་འཚོ་གནས་བྱེད་དོན་ནི་རང་རྒྱལ་གཞན་ཁོ་ནའི་ཆེད་དུ་ཡིན་་པར་འདོད་ཀྱི་མེད། དེ་འདྲ་ཞིག་ཡིན་ན་ནི་ནམ་ཡང་མིའི་རིགས་འདི་ལ་ཤེས་ཡོན་པའི་སྡེ་ཁག་ཟེར་བ་ཞིག་གཏན་ནས་དགོས་དོན་མི་འདུག་ལ་སྐད་ཆ་ཉན་ཤེས་བྱེད་མཁན་གྱི་མི་དམངས་ཀྱང་དགོས་དོན་མི་འདུག་ཟེར་ནས་བཤད་རྒྱུ་ཡིན། ང་ཚོ་ལ་དགོས་པ་ཁུངས་ལྡན་ཚུགས་ཐུབ་རང་བཞིན་གྱི་གནས་ལུགས་རྒྱུ་མཚན་དགོས་པ་དེ་ནི་གལ་ཆེན་ཞིག་ཆགས་ཡོད་པར་གླེང་གི་ཡོད། ངས་ཀྱང་སྐུ་ཉིད་ཀྱིས་གསུང་བ་དེ་གཏན་ནས་བདེན་པ་མེད་མཁན་ཞིག་རེད་ཟེར་ནས་བཤད་ཀྱི་མེད། གལ་ཏེ་ཤེས་ཡོན་ཡོད་མཁན་དང་ལམ་སྟོན་བྱེད་མཁན་ཡོད་ཚད་ཀྱིས་མགོ་བྱོས་དེ་སྣེ་འཁྲིད་དགོས་པ་དེ་ནི་དངོས་ནས་ཡིན་ན་ཡང་། འཐབ་རྩོད་ཟེར་ན་འདྲ། ལུས་ཤུགས་བཏོན་ས་དང་ལས་འགུལ་སྣ་ཚོགས་སྤེལ་སར་ལམ་སྟོན་པ་དེ་ཁོ་རང་དངོས་སུ་ཞུགས་དགོས་ཀྱི་མེད་པར་འདོད། གང་ཡིན་ཟེར་ན་ནི། དཔེར་ན་༧གོང་ས་མཆོག་ངེད་ཅག་གི་ལམ་སྟོན་གནང་མཁན་ཡིན་པས་སྐུ་ཉིད་དངོས་སུ་ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སེར་མཉམ་ཞུགས་གནང་དགོས་ཀྱི་མེད་པ་ལྟ་བུ་ཡིན།
སྔོན་ཆད་ང་རང་གིས་གྲོགས་པོ་མང་བོ་ཞིག་དང་གླེང་མོལ་བྱས་དུས། གྲོགས་པོ་ཁ་ཤས་ཀྱིས་༧གོང་ས་མཆོག་སྐུ་དངོས་སུ་ལས་འགུལ་ཁྲོད་ཞུགས་དགོས་པར་གླེང་མཁན་ཡང་བྱུང་། ངས་དེ་ལ་མོས་མཐུན་བྱེད་ཐུབ་མ་སོང་། ཁོང་གིས་དུས་དང་ནམ་པ་ཀུན་དུ་ཕྱག་ལས་གནང་བཞིན་ཡོད་པ་དེ་བོད་མི་རིགས་གཙོ་བའི་མིའི་རིགས་ཀྱི་བདེན་དོན་དང་ཞི་བདེའི་ཆེད་དུ་མཛད་པ་གནང་གི་ཡོད་པ་རེད།
འདི་ལྟར་ང་ཚོས་དངོས་ནས་རང་རང་བཤད་ཤེས་མཁན་ཡིན་ནམ། ཉན་ཤེས་མཁན་ཡིན་པ་སྒྲུབ་ཤེས་མཁན་གང་ཡིན་གྱི་ས་མཚམས་སོ་སོ་རང་ཉིད་ཀྱིས་བཟུང་དེ་ལས་ཀ་ཆེ་ཆུང་གང་བྱེད་པ་དང་གཏམ་བཤད་ཆེ་ཆུང་གང་སྤེལ་ཀྱང་འགན་ཡོད་པ་ཞིག་བྱེད་དགོས་པ་དེ་ནི་དངོས་ནས་གལ་ཆེན་ནང་གི་དོན་ཆེན་རེད་ཟེར་ནས་ཁྱེད་རང་གི་གཙོ་དྲ་གྲོགས་ཡོངས་ལ་ཞུ་འདོད་བྱུང་། དེ་མིན་ངས་མཐའ་གཅིག་དུ་ཁྱེད་རང་གི་རྒྱབ་སྐྱོར་གནང་ཚར་བས་མི་ནག་ཚང་ལུང་རིགས་རྒྱལ་གྱི་གཏམ་དེ་དག་ལ་བདེན་པ་གཏན་ནས་མེད་པར་ཐག་གཅོད་བྱས་པ་ཞིག་མ་ཡིན་པ་སེམས་སུ་ངེས་པར་གྱིས་ཤིག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    ངས་དུས་ཚོད་ཕར་བཙལ་ནས་སྐར་མ་ཁ་ཤས་ཤིག་ཁོམ་ལོངས་བྱུང་དུས་ཀྱང་། གློག་ཀླད་ཀྱི་མདུན་དུ་སོང་དེ་དྲ་ཚིགས་སོ་སོ་ལ་བསྐོར་ཉུལ་བྱེད་ཀྱི་ཡོད་པ་དེ་ནི་ང་རང་གི་གོམ་གཤིས་ལྟ་བུ་ཞིག་དུ་གྱུར་འདུག

    Reply
  2. jigme says:
    ལོ་ 17 སྔོན།

    གྲོགས་པོ་ལགས། ཁྱོད་ལ་ངོ་མ་དུས་ཚོད་ཅི་འདྲའི་བཟང་བོ་ཞིག་འདུག་ཨང༌། ང་ཁྱོད་ཀྱི་དུས་ཚོད་ལ་ཡིད་སྨོན་སྐྱེས་ཀྱི་འདུག ཁྱོད་ངའི་ངོ་ཤེས་ཤིག་ཡིན་པའི་དོགས་པ་ཡོད།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    འདི་ནི་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ཡིན་པར་བཤད་ཀྱི་ཡོད།

    Reply
  4. Pobpathaye says:
    ལོ་ 17 སྔོན།

    འདི་ཁྱོད་ཀྱིས་སུ་ལ་ཤོད་ཀྱིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese