ཤི་གསོན་འབྲེལ་ཐག་དམ་རུང་།།
སེམས་ཀྱི་དམ་ཚིགས་གཅིག་ཡིན།།
ལུས་ཀྱི་བར་ཐག་རིང་ཡང་།།
ནང་གི་སེམས་པ་གཅིག་ཡིན།།
བོད་མི་ས་ཡ་དྲུག་ལ།།
འདི་ཕྱིའི་སྐྱབས་གཅིག་ཡོད་པ།།
༧གོང་ས་ཡིད་བཞིན་ནོར་བུ།།
ཁོང་གི་བཀའ་ལ་རྩིས་དེ།།
རྡོག་རྩ་གཅིག་དུ་སྒྲིལ་ན།།
བོད་ལ་བདེ་སྐྱིད་ལྡན་ངེས།།
དེ་མིན་ཁ་ཙམ་ཞིག་གི།
ཁོང་གི་མཚན་མིང་སྤྱད་པ།།
ང་ཚོས་ཞབས་འདྲེན་ཞུས་འདུག།
དེ་འདྲ་ཨེ་རེད་ཨ་རིག།
དགེ་མཐོང་གྲ་བ་རྒྱག་པ།།
ཧ་ཧ་ཀུ་རེ་གཏམ་དང་།།
འབྲེལ་བའི་སེམས་ཀྱི་སྐད་ཆ།།
གོ་ན་སེམས་སུ་འཛིན་རོགས།།
མ་གོ་འཐོལ་ལོ་གཤེགས་ཤིག།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།