མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐག་བཞིན་པའི་སེམས་ལུགས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

འཐག་ནས་སེམས་ཀྱི་འདུས་མདོ་གང་རུང་ནས།།
འཐེན་ནས་གང་དུ་མ་སོང་གནམ་གྱི་བུ།།
ལྷ་ཡི་གསང་བ་གཞུར་བའི་མཁའ་དབྱིངས་སུ།།
མི་ཡི་རེ་བ་ཁྲི་ཕྲག་རླུང་གི་ཟོས།།

སྐྱི་མོ་འདི་ལ་འཐིམ་པའི་རྣམ་ཤེས་ཤིག།
རྣམ་ཤེས་འདི་ལ་འཁོར་བའི་ཞེན་ཆགས་ཤིག།
ཞེན་ཆགས་འདི་ཡིས་དྲངས་པའི་ཚོར་བ་ཡིས།།
དོན་མེད་སྡུག་ལ་གཏད་པ་ཉུང་ཉུང་མིན།།

ཁ་རྒྱབ་འཚོ་བའི་དོན་དུ་གང་སར་རྒྱུགས།།
དབང་དང་གོ་སའི་ཆེད་དུ་འདྲ་མིན་བྱས།།
མི་ཁོམ་སྣ་དགུའི་འདྲེན་པ་མི་ལུས་ཟེར།།
འདི་ལ་གཡོག་པོ་བྱེད་མཁན་ང་ཚོ་རེད།།

མི་ལུས་ཟེར་ནས་འཁོར་སའི་ཚང་ཞིག་ཡོད།།
ཚང་འདིར་འདུས་པའི་འཇུ་བ་སྣ་མང་འདུ།།
འདུ་བྲལ་བར་དོའི་འཕྲེང་བ་འཐོར་ས་ནས།།
ཉེ་རིང་འདུ་འཛི་ཆེ་བ་བྲན་གཡོག་ལུགས།།

བྲན་འདིའི་བདག་པོ་མི་རིགས་སྣ་ཚོགས་ཤིག།
དེ་ལ་ཆགས་ཞེན་རྩོད་མཁན་རང་ཞེན་ཟེར།།
ཞེན་པ་དེ་ལ་དཀར་པོའི་འདང་ཞེས་འབོད།།
དེ་ལ་རྒོལ་བ་ནག་པོའི་ལུགས་དུ་གཏོགས།།

གཡུལ་ས་འདི་ན་བཟང་ངན་གཉིས་ཀ་ཡོད།།
གཡུལ་འགྱེད་དེ་ལ་འཐབ་ལུགས་རྫོགས་མཐའ་མེད།།
ཐབས་ཤེས་ཀུན་གྱི་སྨན་མཆོག་ཚང་མས་བཙལ།།
རྙེད་པའི་དེད་དཔོན་རེ་ཟུང་ཙམ་ལས་མེད།།

སྲིད་ན་གང་ཡང་ཡོད་པ་རྟོགས་ན་ཡང་།།
སྲིད་པར་གྱུར་ན་ཀུན་ཡང་སེམས་འཁྲལ་ཆེ།།
ཆེ་བའི་ཆུང་བ་གནོན་པའི་དར་ལུགས་འདིས།།
སྙན་པོའི་གཏམ་ལས་ལག་ལེན་རྒྱབ་འགལ་གྱུར།།

ཁྲིམས་དང་ལུགས་སྲོལ་གསར་རྙིང་གང་ཡིན་ཡང་།།
མི་རུ་འབོད་པའི་རང་ཞེན་ཆེ་བ་འདིས།།
བཟོས་པའི་ཉིན་ནས་དེ་ཉིད་རྩོད་གཞིར་བཟུང་།།
སྐྱེ་ནས་ཤི་བའི་བར་དུ་གཙུག་ཆེར་འཛིན།།

རང་གི་སེམས་ལས་གཞུར་བའི་རོལ་དབྱངས་འདི།།
རྒྱང་ཉེ་མཐོ་དམན་དབུལ་ཕྱུག་གཏན་མེད་པར།།
ཡི་གེ་གཟུགས་སུ་དབང་མེད་འབབ་པ་འདི།།
སུ་ཡིས་མཐོང་ན་དཔྱད་པའི་ལན་ཞིག་སྤྲོད།།

༡༠།༤།༠༩

འབྲེལ་ཡོད་གསར་འགྱུར།

This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༣ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༦ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཁྱེད་གཉིས་འདིར་ཕེབས་ནས་བགྲོ་གླེང་གནང་བ་དེར་སྙིང་ཐག་པ་ནས་དགའ་བསུ་ཡོད། ལྷག་པར་དུ་དྲ་གྲོགས་རིག་འབྱུང་བཀྲ་ཤིས་དོན་འགྲུལ་ལགས་ཀྱིས་ཡིག་ནོར་བཅོས་པ་དེར་སེམས་གཏིང་ནས་དགའ་བསུ་ཡོད། རྗེས་ཕྱོགས་ཀྱང་ཁོམ་པ་བྱུང་ན་འཛུབ་མོ་རི་སྟོན་རེ་གནང་རྒྱུ་མ་བརྗེད་རོགས། ང་རང་ལ་ནོར་འཁྲུལ་ཞིག་ཡོད་པ་ནི་ཡིག་ནོར་ཤོར་བཞིན་ཡོད་མེད་ཀྱི་ཞུ་དག་བྱེད་ཁོམ་མེད་པ་དེ་ཡིན་ལ། ད་དུང་ང་རང་ལ་ཡིག་ནོར་བཅོས་ལོངས་ཀྱང་ཞེ་དྲག་མེད་པར་བསྡད་ཡོད། དུས་ཚོད་རེ་བྱུང་དུས་སུ་དྲ་ཚིགས་སོ་སོ་རུ་ཉུལ་ནས་བོད་པ་ཚང་གི་དྲ་གྲོགས་ཡོངས་ཀྱི་ཟིན་བྲིས་དག་གང་ཐུབ་ཐུབ་རེ་ཀློག་བཞིན་ཡོད།

    Reply
  2. dhondupdawol says:
    ལོ་ 17 སྔོན།

    དགེ་སྐྱོན་གང་དུ་འགྱུར་མིན་ཟེར་རྒྱུ་འདིའི་ཐད་ནས་ངེད་ལ་བསམ་ཚུལ་མེད།
    ངེད་ཀྱི་སེམས་ལ་ཡང་དེ་ལྟར་འཁོར། འོན་ཀྱང་། མཚམས་ལན་རེར་ངེད་ཀྱི་ཚིག་སྦྱོར་སྤེལ་སྟངས་ལ་ཡང་གི་སྒྲས་བཙན་འཛུལ་ཐེབས་ཀྱི་ཡོད་པ་འདྲ།
    གྲོགས་པོའི་བསམ་ཚུལ་ལ་རྗེས་སུ་ཡི་རངས་ཡོད།

    Reply
  3. samkhar says:
    ལོ་ 17 སྔོན།

    ཞུ་དག་གནང་བར་རྗེས་སུ་ཡི་རངས་ཡོད་ལ་ཐེར་འདོན་ནི་བསྒྱུར་བཅོས་ཀྱི་སླད་དུ་ཡིན་པས་
    ང་ཚོ་བོད་ཡིག་ལ་དགའ་བའི་དྲ་གྲོགས་ཚོས་འདི་ལྟར་དོ་སྣང་བྱས་པ་ཧ་ཅང་གི་དགའ་འོས་པ་ཞིག་རེད།

    རིག་འབྱུང་དོན་བཀྲ་སྐུ་ཉིད་ཀྱིས་
    གཞན་ལ་ནོར་བཅོས་གནང་བ་ལྟར་ཁོ་བོས་སྐུ་ཉིད་ལ་དྲི་བ་འདི་འགོད་འདོད་བྱུང་།
    གོང་དུ་ཁྱེད་ཀྱིས་་ སྦྱངས་གིན་སྦྱངས་གིན་ཞེས་དང་། སྤེལ་གིན་སྤེལ་གིན་ཞེས་བྲིས་འདུག་པས་སྦྱངས་ཀྱིན་སྦྶངས་ཀྱིན་དང་སྤེལ་གྱིན་སྤེལ་གྱིན་བྲིས་ན་དགེ་སྐྱོན་
    ཅི་ཞིག་ཏུ་འགྱུར་རམ་ལན་འདེབས་གནང་རོགས།

    Reply
  4. dhondupdawol says:
    ལོ་ 17 སྔོན།

    ཁྱེད་ཀྱི་རྩོམ་འདི་ྐློག་གིན་ྐློག་གིན་བསྐྱར་དུ་ྐློག་འདོད་བྱུང་། དེང་རབས་རིག་གནས་ཟེར་བ་འདི་སྦྱངས་གིན་སྦྱངས་གིན་མཚམས་ལན་རེར་ངེད་ཀྱི་སེམས་ལ་ཡང་འདི་འདྲ་འཁོར།
    ཁྱེད་ཀྱིས་ཟིན་བྲིས་སྤེལ་གིན་སྤེལ་གིན། ཁྱེད་ཀྱི་དག་ཆ་དང་ཚིག་སྦྱོར་གཉིས་ཀ་ཡར་རྒྱས་ཕྱིན་འདུག འདི་ནི་དྲ་གྲོགས་ཤིག་གི་ངོས་ནས་བཤད་ན་དགའ་འོས་བ་ཞིག་རེད།
    འདིར་ཚིག་ནོར་འགའ་བཅོས་ན་བསམ་བྱུང་། འདི་ནི་ངེད་ཀྱི་སེམས་པའི་ཁྱད་ཡིན། མུ་མཐུད་དུ་འབྲི་རོགས། དབྱངས་གསལ་སོ་བཞིའི་ཚེ་སྲོག་གི་རྒྱུན་མ་ཆད་བར་དུ།
    ནོར་བཅོས་།
    གཞུར་བའི། བཞུར་བའི།
    རླུང་གི རླུང་གིས།
    འཕྲེང་བ། ཕྲེང་བ།
    དཀར་པོའི་འདང་། དཀར་པོའི་མདངས།
    སེམས་འཁྲལ། སེམས་ཁྲལ།
    ཆེ་བའི། ཆེ་བས།
    གཙུག་ཆེར། གཙིགས་ཆེར།
    གཞུར་བའི། བཞུར་བའི།
    ཡི་གེ། ཡི་གེའི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese