་་་་་་་་མཚན་མོའི་ངུ་སྐད།
དར་འཐག་འདི་ལ་བརྒྱུས་པའི་སེམས་གཤིས་འདིས།།
དྲན་ཚུལ་འདི་ཡིས་བཟོས་པའི་ཕྱི་ནང་དུ།།
འདྲེ་གཟུགས་ཤེས་སུ་སྡང་བའི་ལྟ་ཚུལ་ཞིག།
དགོང་གི་སྐར་ཚོགས་ལས་ཀྱང་མོད་པ་འཚར།།
བལྟས་ན་རྒྱང་ཐག་རིང་བའི་ས་ཞིག་ན།།
ཉན་ན་འཁྲིས་སུ་ཡོད་པའི་སྣང་བ་ཞིག།
ཕར་སོང་ཚུར་ཡོང་མེད་པའི་གཞི་མདོ་ནས།།
བྲང་གི་འཕར་ལྡིང་ལ་འདི་ཉིད་ཁྱད་དུ་འཚར།།
རོལ་དབྱངས་རྣ་བར་འབྱོར་བའི་སྙན་མོའི་སྒྲ།།
སྐད་ཆའི་ཚོམས་སུ་གཞུར་བའི་རླབས་རྒྱུན་ཁྲོད།།
མི་རྟག་འཁོར་བའི་རང་གཟུགས་སྐྱུར་མོ་ཞིག།
སུས་ཀྱང་ཡིད་དུ་འཆར་ཡང་སྣང་མེད་འཚར།།
མི་གཤིས་ལྕགས་ཀྱི་འཕུར་བུ་སྲ་མོ་འདི།།
སྙི་མོ་སྙིང་ལ་བཙུགས་པའི་ཕྱིར་ཉིན་དེར།།
བདེ་མོ་ཚིག་གསུམ་མ་ཞོག་འགྱོད་སེམས་དེ།།
ཤེས་པའི་གཏིང་རིམ་ཞིག་ན་ཡོད་དུ་འཚར།།
བཅོས་མེད་ཁྲག་གི་ནད་ཚ་གླུ་རུ་གྱེར།།
མི་མེད་སྟོང་བའི་དབྱིངས་སུ་བྱ་ཞིག་འཕུར།།
འདྲིས་མེད་གླིང་བུའི་རམ་འདེགས་བསིལ་མོ་ཞིག།
གྲུབ་བཞི་ཟུར་གསུམ་ཁ་དོག་སྟོང་གི་འཚར།།
གཉིད་ལས་སད་རྗེས་སྐར་ཚོགས་འོད་ཆེམས་ཆེམས།།
རྨོངས་ལས་ལོག་པའི་མི་དང་འཕྲད་ཉིན་ནས།།
དཔྱོད་ཤེས་འཛུམ་པའི་མེ་ཏོག་སད་ཀྱིས་འཁྱེར།།
རྩུབ་མོའི་ན་ཟུག་ནུབ་ཁའི་ཕྲག་ན་འཚར།།
༢༥།༤།༠༩