མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ནག་བོད་པ་ཚང་།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

དཀར་ནག་ལས་འབྲས་འཐག་པའི་སེམས་ཁོང་དུ།།
མཛེས་གཟུགས་ལྷ་ལ་དད་ཞེན་མངར་མོ་དང་།།
མི་སྡུག་གདོན་གྱི་གཤིས་ལ་སྡང་ལུགས་འདི།།
མགོ་ནག་བོད་པའི་བག་ཆགས་ཟབ་མོ་ཞིག།

དར་དཀར་ཡུག་གཅིག་སྣེ་རུ་འཁྱིད་པའི་སེམས།།
སྒོར་མོ་རྨི་ལམ་རྨིས་པའི་སྟོང་འདང་རིགས།།
རྩིས་ཀྱང་ཚར་བ་མེད་པའི་འགྱུར་བ་འདི།།
མགོ་ནག་བོད་ལ་དྲངས་པས་གཡུལ་འཐབ་ཡིན།།

རྒྱང་རིང་ཡུལ་ནས་ཞེ་མདངས་ཆེ་རབས་མོད།།
ཉེ་སར་བཅར་དུས་སྐྱོན་ཆ་མང་རབས་བཤད།།
ཚོན་འདོག་སྣ་དགུའི་བསླུས་པའི་ཚོར་བ་འདི།།
མགོ་ནག་བོད་པའི་ནད་ཡམ་ལྕི་མོ་རེད།།

ཁ་ཕོ་སྟོང་གིས་རང་རིགས་ནང་དུ་མཁས།།
སྡར་མའི་ངང་ཚུལ་ཕྱི་རོལ་དགྲ་ལ་སྟོན།།
ཕྱི་ནང་ཁ་ཁ་མི་ཤེས་རྨོངས་ཞེན་འདི།།
མགོ་ནག་བོད་པ་ཚང་གི་གཤིས་ལ་འབྱར།།

རང་རིགས་ཡི་གེ་རྗེས་ལུས་བེད་མེད་འདོད།།
གཞན་གྱིས་སྐད་ཡིག་རང་གི་འཚོ་བརྟེན་བསམ།།
རིགས་ཀྱི་དངས་ཞེན་མེད་པའི་འཚོ་བ་འདི།།
མགོ་ནག་བོད་ཀྱི་མི་རབས་བཙོང་ལུགས་རེད།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས། འདི་རུ་ཕེབས་ནས་བསམ་ཚུལ་ཞིག་བྲིས་དེ་ཕེབས་ཟིན་པ་དེ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སླར་ཡང་དུས་ཚོད་ཀྱི་ཁོམ་ལོངས་བར་ནས་བསྐོར་རེ་རྒྱག་རྒྱུ་མ་བརྗེད་རོགས། ཉིད་ཀྱིས་སྐད་ཆ་སེམས་ལ་བཟུང་ཡོད།

    Reply
  2. chokey says:
    ལོ་ 17 སྔོན།

    བོད་སྐད་དྭངས་མ་རྒྱག་པར་ངོ་ཚས་སྒྲིབ།།
    ཕ་སྐད་རིག་གཞུང་སྦྱོང་བར་ལེ་ལོ་ཆེ།།_
    ཚང་མས་སྤྱི་དང་བོད་དོན་གླེན་མོད་ཀྱང༌།།
    ཁ་བཤད་ལག་ལེན་མི་མཚུངས་ཤིན་ཏུ་མང༌།།

    ཚང་མས་སྤྱི་དོན་ལ་དོན་དངོས་ཀྱི་འགན་ཞིག་དང་མཉམ་དུ་བཅོས་མིན་གྱི་ལྷག་བསམ་ཞིག་ཀྱང་འཁྱེར་བར་སྨོན།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་བོན་རྒྱ་ལགས་བསྟོད་བསྔགས་གནང་བ་དེར་རྗེས་སུ་ཡི་རུང་ཡོད། རྗེས་ཕྱོགས་ཞན་ཆའི་ཕྱོགས་ཀྱང་གང་ཐུབ་ཀྱིས་གསུང་རོགས་ཞུ། འདི་ལྟར་ཡང་ཡང་ཕེབས་ཐུབ་པར་ཤོག

    Reply
  4. kangwod says:
    ལོ་ 17 སྔོན།

    ཤ་ཁྲག་ལགས། སྙན་ངག་འདི་ལ་ལྷོད་ཉམས་ཆེན་པོ་འདུག འདི་སྙན་ངག་གི་གལ་ཆེའི་ཁྱད་ཆོས་ཤིག་རེད། འདི་འདྲ་བྱུང་ན་ད་གཟོད་རྡོ་ཆག་བཙན་སྒྲིག་གི་སྙན་ངག་ཟེར་བ་དེ་ལས་བརྒལ་ཏེ་ཚད་མཐོ་བའི་སྙན་ངག་གི་གྲས་ལ་འགྲོ་བཞིན་ཡོད་པ་འདྲ།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    བདེན་ནོ་བདེན་ནོ་དྲ་གྲོགས་བློ་དབང་བདེན།།
    བོད་ཀྱི་མི་ལ་ཞན་ཆ་ཆེ་ཤོས་དེ།།
    ཁ་ངོ་ནང་ལ་བསྐོར་ནས་བདེན་གཏམ་ནི།།
    བཤད་མཁན་དངོས་ནས་དེང་སང་དཀོན་པོ་འདུག།།

    རེ་གཉིས་དྲང་གཏམ་བཤད་པར་ཕྱོགས་ན་ཡང་།།
    དྲང་བོ་གཏམ་ལ་འགུ་བའི་མི་ཚོགས་ཉུང་།།
    ཀུ་རེ་ཆལ་གཏམ་གླེང་དུས་འདུ་ར་ཆེ།།
    དེ་འདྲ་དེ་ནི་ད་ལྟའི་བོད་པ་རེད།།

    འདི་འདྲ་ཨེ་རེད་གྲོགས་པོ་བློ་དབང་ལགས།།
    དེ་འདྲ་ཡིན་སྙམ་ཉིད་ཀྱིས་ཨེ་དྲན་ནམ།།
    ང་ཡིས་མཐོང་བའི་མིག་ལ་སྐྱོན་ཆ་མོད།།
    དེ་དག་ཉིད་ཀྱི་དྲུང་དུ་འཐོལ་ལོ་གཤེགས།།

    Reply
  6. lomabota says:
    ལོ་ 17 སྔོན།

    རྒྱང་ནས་བལྟས་ན་བོད་པ་དེ་འདྲ་རེད། །
    ཞིབ་ཏུ་བསམས་ན་འཛམ་གླིང་དེ་འདྲ་རེད། །
    འཇིག་རྟེན་མི་ཡི་ཐུན་མོང་གཤིས་སྤྱོད་ལས། །
    བོད་ལ་དམིགས་བསལ་སྤྱོད་ངན་ཅང་མ་མཐོང་། །

    འོན་ཀྱང་འཛམ་གླིང་མི་ལ་ཡོད་ངེས་པའི། །
    རང་རྟོག་ཡར་ཐོན་བརྩོན་སེམས་བོད་ལ་མེད། །
    སྤྱི་དོན་ལྷག་བསམ་ཡོད་ཀྱང་ཆུང་ཆུང་ཡིན། །
    དྲང་གཏམ་སྨྲ་བ་བོད་ལ་ལྷག་ཏུ་དཀོན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese