མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མའི་སྐད་ཆ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཁྱེད་རང་ཐག་རིང་ས་མཐའ་ལ་ཡོད་ཀྱང་། ཨ་མས་ཁྱེད་རང་ལ་རེ་བ་གཉིས་བཤད་རྒྱུ་ཡོད་པ་སེམས་སུ་བཟུང་། དང་པོ་ཁྱེད་རང་གང་དུ་སོང་ཡང་རེད། གང་དུ་བསྡད་ཀྱང་ཆོག རང་གི་སྐད་བརྗེད་མི་ཉན། རང་སྐད་་བརྗེད་དུས་རང་མིས་འཕྱ་དམོད་བྱེད་ངེས་རེད།
གཉིས་པ་དེ་ནི་རང་ཉིད་བསྡོད་སའི་ས་ཆ་དེའི་སྐད་ཤེས་དགོས། མ་ཤེས་ན་མི་རྗེས་མི་ཟིན། མི་གཞུག་མི་ཆོད། རབ་ཡིན་ན་ལོ་ངོ་མང་བོ་མི་འགོར་བར་ཡུལ་ཏུ་ལོག་ཕྱོགས། ཁྱེད་རང་ལ་ཕ་མ་དང་ཕ་ཡུལ་ཟེར་བ་ཞིག་ཡོད་པ་རེད།
ས་མཐའ་ནས་ལས་ཀ་བྱེད་ལོས་དགོས། ཡིན་ཡང་། རང་གི་ལུས་ཕུང་ལས་གལ་ཆེ་བ་ཞིག་ཡོད་པ་མ་རེད། མི་གསོན་བསྡད་ན་སྒོར་མོ་གང་ནས་ཡིན་ཡང་བཙལ་ན་འགྲིག་ནི་རེད་ཟེར་ནས་ཚིག་མཇུག་མ་བསྡུས་གོང་གི་ངུ་སྐད་ཀྱིས་བུ་ངའི་སེམས་པ་གྲང་ཤུར་ཤུར་ཏུ་བཏང་སོང་། ངས་ཡ་ཡ་ཡ་ཟེར་ཞོར་ཨ་མའི་སྐད་ཆ་འདི་སེམས་སུ་བཟུང་བ་ཡིན། ངས་ཨ་མ་ནི་ཡི་གེ་ཤེས་མཁན་ཞིག་མིན་ན་ཡང་། ཨ་མ་ལགས་ཀྱིས་སྐད་ཆ་ནི་ཡི་གེ་ཤེས་མཁན་དག་གི་བསམ་ཚུལ་ལས་བརྒལ་འདུག་པ་འདི་ནི་ཨ་མའི་བྱམས་བརྩེ་ཡིན་པ་རྟོགས། ས་མཐའ་ནས་ཨ་མའི་སྐད་ཆ་རེ་རེ་བཞིན་ཁ་པར་བརྒྱུད་དེ་ཉན་ཐེངས་རེར། ཨ་མ་ནི་དུས་རྟག་ཏུ་འགྱུར་མེད་ཀྱི་སློབ་དཔོན་ཐོག་མ་དེ་ཉིད་ཡིན་པ་ཡང་ཡང་དྲན་ཏུ་བཅུགས།

༡༡།༦།༠༩

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. dhakpa86 says:
    ལོ་ 17 སྔོན།

    བརྩེ་དུང་གི་མཁན་པོ་ལགས་ ཁྱོད་རང་ངེད་ཚང་ལ་ཡོང་བ་ཐུགས་རྗེ་ཆེ་ཞུ རྗེས་མ་ནས་ལམ་སྟོན་གནང་རོགས

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    རེད་ལགས། ངེད་ཅག་གི་གཏམ་དཔེ་དེ་ནི་དེང་སང་བུ་ལོ་ཁྲེལ་མེད་ངེད་ཅག་ལ་དངོས་ནས་འཚམ་པོ་འདུག དམིགས་གསལ་གྱིས་བོད་སེམས་ལ་ལྷད་ཞུགས་པའི་བུ་ཕྲུག་དེ་དག་ལ་དངོས་ནས་འཚམ་པོ་འདུག

    Reply
  3. Kangpu says:
    ལོ་ 17 སྔོན།

    མ་སེམས་བུ། བུ་སེམས་རྡོ།

    བརྩེ་སེམས་ཆེ་བའི་ཨ་མ།
    བྱང་སེམས་ཅན་གྱི་ཨ་མ།
    བཀའ་དྲིན་ཆེ་བའི་ཨ་མ།
    སྙིང་རྗེ་བའི་ཨ་མ་རྒན་མོ།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    ངས་ཁྱེད་རང་ལ་ང་ཚོའི་སྡེ་བའི་ནང་གི་བུ་མོ་ལོ་ན་ཉི་ཤུ་ནས་སུམ་བཅུ་ལ་སོན་མ་ཐག་པས་བུ་མོ་ཞིག་ལྷ་ས་ལ་འཇལ་བསྐོར་ཏུ་སོང་དེ་ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་ཕྱིར་རང་ཡུལ་ཏུ་ཡོང་དུས་ཁོ་མོས་སྐད་ཆ་བཤད་དུས་ནམ་རྒྱུན་ལྷ་སའི་ཁ་སྐད་ནང་དུ་བསྲེས་དེ་བཤད་བཞིན་ཡོད་པ་རེད། གནས་ཚུལ་དེ་ནི་ང་ཚོའི་སྡེ་བའི་ནང་གི་མི་ཚང་མས་འཕྱ་དམོད་བྱེད་སར་གྱུར་བ་རེད། དེའི་སྟབས་ཀྱིས་ངས་དྲིན་ཆེན་མ་ལོ་ནི་ཡི་གེ་མི་ཤེས་པ་ཞིག་ཡིན་པས་གནས་ཚུལ་་དངོས་ཡོད་དེ་འདྲ་ལ་ཐུག་ནས་གསུང་བ་ལོས་ཡིན། ད་དུང་རྒྱ་གར་ཏུ་སོང་དེ་ལོ་ངོ་ཁ་ཤས་འགོར་ནས་ཕྱོར་ཡོང་མཁན་དག་གིས་སྐད་ཆ་བསྲེས་མ་ཞིག་བཤད་བཞིན་ཡོད་པ་དེ་དག་མཐོང་བས་ཀྱང་ཡིན་རྒྱུ་རེད། རྒྱུ་མཚན་དེ་དག་གིས་རྐྱེན་གྱིས་བཤད་པ་ལོས་ཡིན་སྙམ། ཨོ་རེད། སྤོབས་པ་ལགས། ཉིད་ཀྱིས་མི་ཤེས་ན་ཐང་། ལོ་ན་བཅུ་བདུན་བཅོ་བརྒྱད་སྟེང་ནས་རྒྱ་གར་ཏུ་ཡོང་མཁན་གང་མང་ཞིག་གིས་ཕ་ཡུལ་ཏུ་ཁ་བརྡ་བྱེད་སྐབས་རང་གི་ནང་མིས་ཁོས་སྐད་ཆ་ཡག་པོ་ཞིག་གོ་ཐུབ་ཀྱི་མེད་པ་དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པས་ལོས་ཡིན་འདོད། རེད་ལགས། ལྷག་པར་ཏུ་དེང་སང་ཤེས་ཡོན་ཅུང་ཙམ་ཡོད་ཟེར་མཁན་དེ་དག་གི་ལྷན་ཏུ་སྐད་ཆ་རེ་བཤད་དུས་ཁྱེད་ཀྱིས་ཐུགས་སྙམ་བཞོག་དང་རང་སྐད་གཙང་མའི་ནང་དུ་རྒྱ་གར་གྱི་མིང་ཚིགས་ཐར་ཐོར་རེ་དང་དབྱིད་སྐད་མི་ཤེས་ཀྱང་དབྱིན་སྐད་ཀྱི་མིང་ཚིག་ཐར་ཐར་རེ་རྒྱག་བཞིན་ཡོད་པ་དེ་དག་ལ་ཁྱེད་རང་ཡང་འཕྲད་མྱོང་ཡོད་ངེས་ཡིན་ལ། སྐུ་ཉིད་ཀྱིས་ཐུགས་སྙམ་མ་བཞག་པ་ཡིན་ཤས་ཆེ། དེ་འདྲ་ཞིག་རེད་དམ་ལགས།

    Reply
  5. Pobpathaye says:
    ལོ་ 17 སྔོན།

    ཁྱོད་ལོ་ན་དེ་ཙམ་ཆུང་ཆུང་མིན་པ་དང་སྐད་ཡིག་གི་ཤེས་ཚད་རྨངས་གཞི་ཡོད་མཁན་ཞིག་ལ་རང་སྐད་བརྗེད་མི་རུང་བའི་སློབ་གསོ་བཏང་བ་དེ་ཁྱད་མཚར་རེད། མ་མཐའ་ཡང་ལོ་ན་ཉི་ཤུ་བརྒལ་ཟིན་པའི་མི་ཞིག་གིས་རང་སྐད་བརྗེད་ག་ལ་སྲིད། ང་ཚོས་རང་སྐད་བརྗེད་མི་སྲིད་མོད་གཞན་སྐད་ཚད་ལྡན་ཞིག་ཤེས་པ་དེ་ཡང་ཁག་ཙམ་རེད་མི་འདུག་གམ། ད་ནི་བསྲེགས་བཅད་བརྡར་གསུམ་གང་བྱས་ཀྱང་མི་གཞན་ཞིག་ལ་འགྱུར་ཁག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese