བོད་ཡིག་ཁོ་ན་སྦྱངས་ན་བྱ་བ་ཡོད་ནི་མ་རེད་ཟེར་བ་དེ་བཀླགས་རྗེས།
བོད་པ་ཡིན་ན་བོད་ཡིག་གཙོ་བོ་ཤེས་དགོས་རྒྱུ་དེ་ནི་རང་གི་ཚེ་སྲོག་ལས་ཀྱང་གལ་ ཆེ་བར་འདོད། ཡིན་ཡང་། རང་གི་འཚོ་བ་དང་ཁེ་ཕན་ཞིག་ལས་གང་ཡང་མི་དགོས་པ་ཞིག་ཡིན་ན་ཁེ་བཟང་གང་དུ་ཡོད་ ས་དེའི་སྐད་ཡིག་སྤྱངས་ན་ལེགས་པོ་ཡོད་ངེས་རེད། དེའི་སྟབས་ཀྱིས་ངས་རྒྱ་བོད་དུ་འཛུལ་བ་ལས་དབྱིན་ཡིག་བོད་མིའི་སེམས་ནང་དུ་ འཛུལ་བ་སྡུག་ཟེར་བའི་རྩོམ་ཡིག་དེ་འབྲི་དོན་ཡང་དེ་ལ་ཐུག་པ་ཡིན། འོན་ཀྱང་། གནའ་མི་བོད་ཀྱི་མཁས་པའི་ཡང་རྩེ་གཅིག ས་སྐྱ་ལེགས་བཤད་ལས་ཀྱང་སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་ནས་གསུང་ཡོད་པ་རེད། དེ་ཡང་བསམ་བློ་སྔོན་ཐོན་ཡིན་ཟེར་མཁན་དག་མ་བྱུང་གོང་གི་ལོ་ངོ་བརྒྱ་དང་ཉིས་ བརྒྱའི་སྔོན་ཏུ་བྱོན་མཁན་དག་གིས་སྡོམ་ཚིག་རེད། མི་རིགས་ཤིག་གསོན་གནས་དང་དཔལ་འབྱོར། ཚོང་ལས་དང་ལས་རིགས་གང་ཞིག་མུ་མཐུད་དུ་གནས་མིན་དེ་ནི་གཙོ་བོ་མི་རིགས་དེའི་ སྐད་ཡིག་ལ་རེག་ལས་ཡོད་པ་རེད། དེ་དག་མེད་ཉིན་ནས་མི་རིགས་དེ་ཉིད་ནི་མི་རིགས་གཞན་ཞིག་གི་བྲན་གཡོག་དང་མི་ རིགས་གཞན་ཞིག་གི་ནང་དུ་འཐིམ་ཚར་བ་ཡིན། དེའི་སྟབས་ཀྱིས་རང་གིས་རང་གི་ཚེ་སྲོག་ལ་བདག་པོ་རྒྱག་པ་དང་རང་གི་འཆི་གསོན་ གང་ཞིག་དང་ལས་ཀ་ཡོད་མེད་སོགས་ཀྱི་གནད་དོན་དེ་ཡང་དེ་རུ་ལུས་ཡོད་པ་རེད། དེང་སྐབས་དཔེར་ན་བོད་ཀྱི་ས་ཁུལ་ནས་བོད་རང་གི་སྐད་ཡིག་གི་སྟེང་ནས་ཡིག་སྐོག་ སྟེང་དུ་བོད་ཡིག་བྲིས་དེ་མངའ་སྡེ་[ཧྲིན]བོད་པ་རང་ཉིད་གནས་སའི་མངའ་སྡེ་ནང་ དུ་ཡང་སྐུར་ཐུབ་ཀྱི་མེད་པ་དེ་ནི་བོད་མི་རང་གིས་མ་འཇོན་པ་ཞིག་ལས་མི་རིགས་ལྔ་ དྲུག་གི་བདག་དབང་ནས་བཤད་པ་ཡིན་ན་ཀྲུང་གོའི་རྩ་ཁྲིམས་ནང་དུ་མི་རིགས་ལྔ་དྲུག་ ལ་་བདག་དབང་འདྲ་མཉམ་ཡོད་པ་འགོད་ཡོད་པ་རེད། དེ་དང་འབྲེལ་ནས་བོད་ཁུལ་ནས་ཚོང་ཁང་དང་ལས་ཁུངས་གང་དུ་ཡང་བོད་ཡིག་གི་སྙན་ཞུ་ སོགས་འབྲི་དགོས་པའི་ས་མིག་སོགས་ཐོབ་པར་འབད་པ་ཡིན་ན་བོད་ཡིག་གཅིག་བུར་སྤྱོང་ མཁན་གྱི་བོད་པ་དག་ལ་ཡང་བྱ་བ་ལོས་ཡོད། ཐ་མ་ཟ་ཁང་ནང་གི་ཟས་ཐོ་ཡིན་ཡང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཡོད་པ་ཞིག་བཟོ་ དགོས་པ་ཞིག་ཆགས་པར་འབད་པ་ཡིན་ན་བོད་ཁུལ་སོ་སོ་ནས་བོད་ཡིག་ཤེས་མཁན་དག་ལ་བྱ་ བ་ལོས་ཡོད། བྱ་བ་མེད་ཀི་ཟེར་ནོ་སུ་རེད། བོད་པ་རང་གིས་རང་གིས་སྐད་ཡིག་སྤྱངས་པ་ཡིན་ན་བྱ་བ་མེད་ཀི་ཟེར་རྒྱུ་དེ་ནི་ བཤད་མཁན་ངོ་མི་ཚ་ན་ཉན་མཁན་དངོས་ནས་ངོ་ཚ་བ་མ་ཟད། སེམས་ནང་དུ་ཟུག་གཟེར་ཡང་རྒྱག་གི་འདུག
གྲོགས་ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱི་དཔྱད་བརྗོད་ནང་ཚིག་བཅད་ཞིག་བཀོད་ཡོད་པ་སྐད་རིགས་སྣ་ཚོགས་ཤེས་ན་ལེགས་མོད་ཀྱང་། རང་གི་ཕན་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་པ་དེ་ས་སྐྱ་ལེགས་བཤད་ནང་རེད་དམ།ཕྲན་ལ་གསལ་འདེབས་ཤིག་གནང་རོགས།
བོད་ཤ་ཁྲག་རུས་གསུམ་གྱིས་ཡག་པོ་བྲིས་འདུག ཕལ་ཆེར་དེ་འདྲ་ཞིག་རེད།
ཆུ་ཐིགས་སྔོན་མོ་ལགས། ཉིད་ཀྱིས་བསམ་ཚུལ་གནང་བ་དེར་བཀའ་དྲིན་ཆེ། ཡང་ཡང་ཕེབས་ནས་ཀློག་པའི་ཚོར་སྣང་ཤར་མར་སྨྲས་པ་དེར་དགའ་བསུ་ཡོད།
གཉའ་འབྲོང་ལགས། ཉིད་ཀྱིས་འཛུབ་སྟོན་གནང་བ་དེར་ཐུགས་རྗེ་ཆེ། རྗེས་ཕྱོགས་འདིའི་ཐད་དུ་གཟབ་གཟབ་བྱེད་ངེས་ཡིན་ལགས།
ཨརྱ་ལགས། ཉིད་ཀྱིས་བསམ་ཚུལ་དེ་ལྟར་ངེད་ཅག་གིས་གང་ས་ནས་རང་ནུས་གང་ཡོད་ཀྱིས་འབོད་སྐུལ་བྱེད་དགོས་ཀྱི་ཡོད་པ་རེད།
སྤག་སྤག་ལགས། བཀྲིས་བདེ་ལེགས་ཞུ་རུ་སྤག་སྤག་ཞིག་བཏང་ནས་ཕེབས་པ་དངོས་ནས་བཟང་གི དུས་རབས་གསར་བའི་ནང་དུ་གཡག་ཞོན་དག་གིས་ཅུང་དཀའ་ཚོད་རེད།
བཀྲ་ཤིས་བདེ་ལེགས།
ངོ་མ་རེད་བོད་མི་ཞིག་ལ་མཚོན་ན་བོད་ཡིག་བསྐོལ་སྤྱོད་བྱེད་རྒྱུ་ལས་འགན་རེད། འོན་ཀྱང་ཡ་གི་བཀའ་ཤག་ནས་མ་གི་ཟ་ཁང་ཚོང་ཁང་གི་སྒོ་བྱང་ཚུན་ཆད་ལ་ནད་ངན་ཅི་ཞིག་ཕོག་སོང་བ་རེད། འདིའི་ཐད་སྐད་ཡིག་ཚགས་པར་གྱིས་དག་ཐེར་བྱེད་ཀྱིན་འདུག་པ་ངོ་མ་རྗེས་སུ་ཡི་རིང་གི་གནས་རེད་ཚང་མས་རྒྱབ་སྐྱོར་བྱས་ན་འགྲིག་གི་ཡ་
ཤ་ཁྲག་ལགས་ཀྱི་རྩོམ་ཡིག་བཀླགས་ཟིན། ཡག་པོ་བྲིས་འདུག དེ་འདྲ་ཞིག་རེད། ཡིན་ནའང་ཁྱེད་རང་གིས་ལུང་འདྲེན་ནོར་བ་མང་པོ་འདུག་ཁ་སང་སྔོན་མ་ཞིག་ཏུ་ཡང་ནོར་འདུག དེ་རིང་ས་སྐྱའི་ལེགས་བཤད་དྲངས་པ་དེ་ཡང་ནོར་བ་རེད། ཚིག་དེ་བླ་བྲང་གི་མཁས་དབང་ཞང་བཙུན་བསྟན་པ་རྒྱ་མཚོའམ་བླ་བྲང་ཨ་ཁུ་ཐབས་མཁས་ཚང་གི་ཚིག་རེད། འདི་དག་ལ་གཟབ་གཟབ་མ་བྱས་ན་མི་རབས་རྗེས་མ་ལ་རྫུན་མ་ངོ་སྤྲོད་བྱས་འགྲོ་བ་རེད།
གྲོགས་པོ་ལགས་བདེ་བོ། ཉིད་ཀྱི་སེམས་ནང་ཟུག་གཟེར་བརྒྱབ་ན་མ་བརྒྱབ་ན། འུ་ཚང་གི་གཞུང་གིས་བོད་ཡིག་ལ་བྱ་བ་ཞིག་སྤྲོད་རྒྱུ་ཁག་པོ་རེད། དེར་བརྟེན་མི་མང་པོ་ཞིག་གི་སེམས་ནང་ལ་ཟུག་དེ་རྒྱུག་གི་ཡོད་པ་རེད།